Jump to content

ཨེ་ཛིའི་ནད་

ཡོང་ཁུངས་Wikipedia

ཨེ་ཛི་ནད། མིང་ཆ་ཚང་ལ་རྗེས་བྱུང་རིམས་ཁེགས་ཉམས་པའི་ཕྱོགས་འདུས་ནད་ཅེས་བྱ་སྟེ། ཨེ་ཛི་ནད་དུག་མིའི་ལུས་པོར་ཞུགས་རྗེས་སུ། མི་ལུས་ཀྱི་རིམས་ཁེགས་མ་ལག་ལ་གཏོར་སྐྱོན་བཏང་ནས། རིམ་བཞིན་གོ་སྐབས་ལ་སྒུག་པའི་ནད་རིགས་མང་པོས་རྒོལ་ཡུལ་དུ་འགྱུར་བ་དང་། དེའི་རྐྱེན་གྱིས་ནད་རྟགས་འདྲ་མིན་མངོན་པ་རེད། ཨེ་ཛི་ནད་དུག་རྐྱང་བ་ནི་གཉོམ་ཆུང་གཅིག་ཡིན་པས། མཁའ་དབུགས་དང་ཐད་ཀར་ཕྲད་ན་སྐར་ཆ་ཁ་ཤས་ནས་སྐར་མ་ཁ་ཤས་ནང་ཤི་འགྲོ་བ་ཡིན་ཡང་། ཁྲག་རྩ་དང་། གསང་ལམ། གཞང་ལམ། སྲུང་ཤུབས་མ་གོན་པའི་འཁྲིག་སྦྱོར་སོགས་ཅུང་ཁ་བསུམས་པའི་ཁོར་ཡུག་བརྒྱུད་ཕན་ཚུན་འགོས་མཆེད་དུ་འགྲོ་བ་དང་། ཁྲག་དང་། ཕོའི་ཐིག་ལེ། མོའི་ཟགས་ཆུ། མའི་ནུ་ཞོ་དང་ལྟེ་ཐག་སོགས་ཀྱི་ནང་དུ་ནད་དུག་གབ་ཡོད་པ་བརྒྱུད་ནས་ཀྱང་ཕན་ཚུན་འགོ་བ་ཡིན། ཁ་ཆུ་སྣ་ཆུ་དང་། རྔུལ་ཆུ། གཅིན་སོགས་བརྒྱུད་ནས་མི་འགོ། སྤྱིར་གཏང་ཡིན་ན། འོ་བྱས་པ་བརྒྱུད་ནས་ཀྱང་མི་འགོ་བའོ། ། ཨེ་ཛི་ནད་ལ་འགོག་སྨན་མེད་ལ། རྩ་བཅོས་ཐུབ་པའི་སྨན་ཀྱང་མེད་དོ།། ཨེ་ཛི་ནད་ནི་རིམས་ཁེགས་ཉམས་པར་བྱེད་ཅིང་མཆེད་པ་མྱུར་བ། ཉེན་ཚབས་ཆེ་བ། ཤི་ཚད་མཐོ་བའི་འགོ་ནད་ཚབས་ཆེན་ཞིག་གོ། ནད་ཀྱི་མིང་དངོས་ལ(acquired immune deficicency syndrome)爱滋病

ཨེ་ཛི་ཉིན་མོ་དང་ཨེ་ཛིའི་རྟགས།

[རྩོམ་སྒྲིག]

༡༩༨༡ལོ་ཟླ་༦ཚེས་༦ཉིན། ༡༩༨༡ལོ་ཟླ་༦ཚེས་༦ཉིན། ཨ་རི་རིམས་འགོག་མཐིལ་གྱིས་འཛམ་གླིང་ཐོག་གི་ཨེ་ཛི་ནད་པ་ཆེས་ཐོག་མ་གསར་དུ་བྱུང་བའི་དོན་རྐྱེན་གསལ་བསྒྲགས་བྱས་པ་ནས་བཟུང་འགྲོ་བ་མིའི་རིགས་ཀྱིས་འགོས་ནད་ཚབ་ཆེན་འདི་དང་འཐབ་བརྩོད་བྱས་དང་བྱེད་བཞིན་ཡོད་དོ། ། སྤྱི་ལོ་1988ལོར་རྒྱལ་སྤྱིའི་འཕྲོད་བསྟེན་བློན་ཆེན་ཡོངས་ཀྱི་ཚོགས་འདུའི་ཐོག་ལོ་རེའི་12.1དེ་འཛམ་གླིང་ཨེ་ཛི་ཉིན་མོ་ལ་གཏན་འབེབས་བྱས།
ཨེ་ཛིའི་རྟགས་ནི་རས་ཐག་དམར་པོ་གཅིག་ཡིན། དེས་ཨེ་ཛིའི་ནད་དུག་ཡོད་པའི་མི་ལ་སེམས་ཁུར་དང་དང་ལེན་གྱིས་མཉམ་དུ་ཨེ་ཛི་ནད་ལ་རྒོལ་བར་བྱེད་དགོས་པ་མཚོན།
ཨེ་ཛི་ནད་༼AIDS ༽དང་། དེའི་ནད་དུག་ཨེ་ཆེ་ཨེའི་ཝིས༼ HIV ༽ སྤྱིར་ཨེ་ཛི(AIDS)ཞེས་པ་ནི་དབྱིན་ཡིག་གི་བསྡུས་མིང་ཡིན་ལ། དེའི་ཡིག་འབྲུ་རེས་གཤམ་གྱི་དོན་སྟོན། Acquired A འགོ་ནད། Immune I ནད་འགོ་ནུས་ཤུགས། Deficiency D མ་འདང་བ། Syndrome……S སྤྱི་འདུས་ཀྱི་ནད་རྟགས། ཨེ་ཆེ་ཨེའི་ཝིས(HIV)ཞེས་པའི་ཡིག་འབྲུ་རེས་གཤམ་གྱི་དོན་མཚོན་པ་སྟེ། Human… H འགྲོ་བ་མི། Immunodeficiency D ནད་རིཊ་སྔོན་འགོག་གི་ནུས་ཤུཊ་མ་འདང་བ། Virus…………… V རེག་དུག་ནད་འབུ། ཨེ་ཛི་ནད་ཀྱི་ངོ་བོ། ༡ འགོས་བའི་རང་བཞིན་ཅན། ནད་དུག་ཡོད་པའི་མི་ལུས་ཀྱི་གཤེར་ཁུ་ཕན་ཚུན་བར་འདྲེན་ནས་ལུས་ལ་ཞུགས་པ་ལས་འགོས་བ། ༢ བཅོས་ཐབས་མེད་པ། མིག་སྔར་གསོ་བ་རིག་པར་ཁྱབ་ཁོངས་སུ་ཨེ་ཛི་ནད་བཅོས་ཐུབ་པ་དང་ཨེ་ཛི་ནད་དུག་རྩ་མེད་བཟོ་ཐུབ་པའི་སྨན་མེད་པ། སྔོན་འགོག་འགོག་སྨན་ཡང་མེད་པ་ཡིན། ༣ དུས་ཚོད་ཡུན་རིང་ལ་ནད་རྟགས་མེད་པ། ཡུན་རིང་ནད་རྟགས་མེད་པའི་དབང་གིས་ཕན་ཚུན་འགོས་མགྱོགས་པ། ཨེ་ཛི་ནད་འགོས་ཁྱབ་ཏུ་འགྲོ་བའི་སྒོ་ཆེན་གསུམ་སྟེ། བདེ་འཇགས་མིན་པའི་ལུས་འབྲེལ་བརྒྱུད་ནས། ཁྲག་བརྒྱུད་ནས། མ་བུ་བརྒྱུད་ནས། ༼ རིགས་བརྒྱུད་ནས།༽ ནད་རྟགས་རྒྱུད་རིམ་དང་མངོན་ཚུལ། ༡ ཐོག་མའི་ནད་རྟགས། མང་ཕར་ཆེར་ཨེ་ཛི་ནད་དུག་མི་ལུས་ལ་ཞུགས་པའི་རྗེས་གཟའ་འཁོར་༢ནས་༤བར་ཆམས་རིམ་གྱིས་རྐྱེན་པ་ལྟ་བུའི་ནད་རྟགས་མངོན་ཡོང་། ཆ་སྙོམས་ཉིན་༢༨ཡུན་ལ་ནད་རྟགས་དེ་མི་ལུས་ལ་གནས་པ་ཡིན། ཤེས་དགོས་རྒྱུ་ནི་ནད་པ་རྒྱ་ཆ་༡༠ལ་དེ་འདྲའི་ནད་རྟགས་མངོན་མི་སྲིད། ཉུང་ཤས་ལ་འགོས་ཉེས་དོན་རྐྱེན་བྱུང་རྗེས་ཀྱི་ཞག་གསུམ་ཐོག་ནས་ནད་རྟགས་དོན་སྲིད་ལ། གཟའ་འཁོར་༡༠ཡི་རྗེས་ཐོག་མའི་ནད་རྟགས་མངོན་པ་མི་སྲིད་བ་ཡིན། ཐོག་མའི་ནད་རྟགས་ལ་ཨེ་ཇི་ནད་ཨི་ཡིན་སྙམ་པའི་དོགས་པ་མི་བྱེད་པའི་དབང་གིས་ནད་ངོས་སྔོན་འཛིན་བྱེད་པའི་གོ་སྐབས་ཤོར་བ་ཡིན། སྨན་པས་ཀྱང་ནད་ངོས་འཛིན་ནོར་ཐེབས་ཀྱིན་ཡོད། ཨེ་ཛི་ནད་དུག་ཅན་གྱི་ཐོག་མའི་ནད་རྟགས་འདྲ་མིན་བསྡུར་ཚད།
༢ གཉིད་ཆེ་ལུས་ཡོངས་མི་བདེ་བ།
70% ༣ ཤ་གནད་དང་ཚིཊ་ཀ་གཟེར་བ།
50ནས་70 % ༤ རྨིན་འདུད་སྐྲངས་པ།
40ནས་70 % ༥ གཉིད་དུས་རྔུལ་ཆུ་དོན་པ།
50% ༦ ཕོ་བ་གཉན་ཚད།
50ནས་70 %
༧རྙངས་བ།
30%
༨ཁ་ནང་རྨ་ཐོར།
10ནས་30 %
༩ དབང་རྩ་རང་བཞིན་མགོ་གཟེར།
40ནས་70 %
༡༠ སྐྱི་པགས་རྨ་འབུར།
40ནས་80 %
༡༡སྐྱེ་འཕེལ་དབང་པོ་ལ་རྨ་བུད་པ།
5ནས་15 %
༡༢ ཁྲག་ལེབ་ཇེ་ཉུང་།
45%
༡༣ ཕྲ་ཕུང་དཀར་པོ་ཉེ་ཉུང་།
40%
༡༤ ཨེམ་སྒྱུར་རྩབས་ཇེ་མཐོ། 20%
༢ གབ་པའི་དུས་རིམ། མི་ལུས་སྟོབས་ལ་བརྟེན་ནས་ནད་འགོག་ཕྲ་ཕུང་གིས་ཨེ་ཛི་ནད་འབུ་གྲངས་ཚད་འཕེལ་བར་ཚོད་འཛིན་ཐུབ་པའི་བར་སྐབས་དེར། ཐོག་མའི་ནད་རྟགས་མེད་པར་གྱུར་རྗེས་ཀྱི་གཟའ་འཁོར་ཐུང་ན་གཟའ་འཁོར་༢དང་ཆེས་རིང་ན་ལོ་༡༠བར་ཨེ་ཇི་ནད་པར་ནད་རྟགས་གང་ཡང་མེད་པ་རེད། དེའི་དུས་རིམ་ནང་ལུས་ལ་དམིགས་གསལ་ན་ཚ་མེད་ཀྱང་། སོ་སོས་ཨེ་ཛི་ན་ཡོད་པ་ཤེས་ན་སེམས་ལ་སྡུག་བསྔལ་དང་དཀའ་ངལ་ཚད་ལས་འདས་པ་ཡོད་པ་རེད།
༣ དངོས་གཞི་ནད་རྟགས། དངོས་གཞི་ནད་རྟགས་ཕྱི་རུ་མངོན་པའི་དུས་ཡུན་རིང་ཐུང་ནི་མི་ཡི་ལུས་སྟོབས་དང་། ལུས་པོའི་ཟུང་བཅུད་བཟང་ཞན་ལ་རག་ལས་ཡོད། ནད་འབུ་གྲངས་ཚད་ཚོད་མེད་འཕར་ནས་ནད་འབུ་གསོད་པའི་ཕྲ་ཕུང་ལོ་༣དང་། ༥ ༨ ༡༠སོགས་ནས་ནད་རྟགས་མངོན་པ་ཡིན། གཙོ་བོའི་ནད་རྟགས་ལ། རྨེན་འདུད་སྐྲང་བ་དང་། ཚ་བ་རྒྱག་པ། ཉོབས་པ། ཟས་ཡིད་འགག་པ། ཞན་པ། ལུས་རྗིད་ཉམས་པ། གཉིད་ཉལ་སྐབས་རྔུལ་ཆུ་གཞུར་བ། སྐྲན་ངན་རིགས་འདྲ་མིན་ཕོག་པ། ཨེ་ཛི་ནད་འབུ་ཡིས་སྲོག་འཕྲོག་པ་མ་ཡིན་པར། ཨེ་ནད་ཀྱི་མིའི་ལུས་སྟོབས་ཡོངས་སུ་ཉམས་པར་བྱས་ནས་མཐར་མཉམ་འདུས་ནད་རིགས་གཞན་གྱིས་ནད་པའི་ཚེ་སྲོག་འཕྲོག་པ་ཡིན།

ཨེ་ཛི་ནད་དུག་ཅན་དང་ཨེ་ཛི་ནད་པ་ཟེར་བའི་དོན་ལ་ཁྱད་པར་ག་རེ་ཡོད།

[རྩོམ་སྒྲིག]

༡ ཨེ་ཛི་ནད་དུག་ལུས་ལ་ཞུགས་ཡོད་ཀྱང་ནད་རྟགས་ཕྱི་རུ་མངོན་མ་ཐུབ་པར་གབ་པའི་དུས་རིམ་ནང་གི་མི་ལ་ཨེ་ཛི་ནད་དུག་ཅན་ཟེར་བ་ཡིན། དུས་སྐབས་དེར་ནད་དུག་ཡོད་པ་ངོས་མ་ཟིན་པའམ་ཟིན་ཡོད་ཀྱང་ཀུན་སྤྱོད་ངན་པ་མིས་གཞན་ལ་ནད་དུག་བསྐུ་བ་ཡིན།
༢ ཨེ་ཛིའི་དངོས་གཞི་ནད་རྟགས་ཕྱི་རུ་མངོན་ནས་ལུས་ལ་ན་ཚའི་སྡུག་བསྔལ་དང་སེམས་ལ་འཇིག་སྐྲག་གི་སྡུག་བསྔལ་མྱོང་བཞིན་པའི་མི་ལ་ཨེ་ཛི་ནད་པ་ཟེར་བ་ཡིན། སྐབས་དེར་ནད་པ་མང་ཆེ་བ་ནད་ངོས་ཟིན་ཡོད་པས་གཙང་སྦྲ་དང་འཕྲོད་བསྟེན་ཚུལ་བཞིན་བརྟེན་ན་མི་གཞན་ལ་འགོས་མི་སྲིད་པ་ཡིན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་སྡོམ་རྩིས་བྱས་པའི་༢༠༡༣ལོ་འཛམ་བུ་གླིང་ཨེ་ཛི་ནད་ཡམས་གྲངས་ཚད་གནད་བསྡུས།
༡ ༢༠༡༣ལོ་ད་ཡོད་ཨེ་ཛི་ནད་དུག་ཅན་མི་གྲངས། སྡོམ། ས་ཡ་35.0[33.1ནས་37.2] མི་ཆེ་བ། ས་ཡ་31.8[30.1ནས་33.7] བུད་མེད། ས་ཡ་16[15.2ནས་16.9] བྱིས་པ།<15ལོ། ས་ཡ་3.2[2.9ནས་3.5] ༢ ༢༠༡༣ལོ་གསར་འགོས་ཨེ་ཛི་ནད་དུག་ཅན་མི་གྲངས། སྡོམ། ས་ཡ་2.1 [1.9ནས་2.4] མི་ཆེ་བ། ས་ཡ་1.9[1.7ནས་2.1] བྱིས་པ།<15ལོ། ཁྲི་24[21ནས་28] ༣ ༢༠༡༣ལོ་ཨེ་ཛི་ནད་ཀྱིས་མི་ཤི་གྲངས། སྡོམ། ས་ཡ་1.5 [1.4ནས་1.7] མི་ཆེ་བ། ས་ཡ་1.3[1.2ནས་1.5] བྱིས་པ།<15ལོ། ཁྲི་19[17ནས་22]