ཨབ་ར་ཧམ་ལིན་ཁིན་

ཡོང་ཁུངས་Wikipedia

ཨབ་ར་ཧམ་ལིན་ཁིན། (Abraham Lincoln.亚伯拉罕·林肯(1809-1865)ཨ་རིའི་ཆབ་སྲིད་མཁན། སྲིད་འཛིན་ཁྲི་རབས་བཅུ་དྲུག་པ།(1861-1865 མཛད་རྗེས་ཆེ་སྟེ། དྲན་གཡོག་ལམ་ལུགས་མེད་པར་བཟོས་པ་དང་། རྒྱལ་ཁབ་གཅིག་གྱུར་གྱི་བདེ་ལ་བཀོད་པ་ལྟ་བུའོ།།

ལིན་ཁིན་ནི་ཀུན་ལ་རྒྱུས་མངའ་ཡོད་པའི་རླབས་ཆེན་གྱི་མི་སྣ་ཞིག་ཡིན་པས། ཁོང་གི་མི་ཚེ་འཁྲབ་པར་དཀའ་ཁག་ཇི་འདྲ་ཞིག་ཡོད་པ་ང་ཚོས་ཤེས་ངེས་ཏེ། གལ་ཏེ། དོན་དངོས་དང་མི་འཚམས་ཤིང་འཆར་ཡན་ཐལ་ཆེ་ཚེ། ལོ་རྒྱུས་མཁན་པོ་ཚོས་དགག་སྒྲུབ་ཀྱི་མདའ་མོ་ཐད་ཀར་འཕེན་ངེས། དེར་བརྟེན་ལིན་ཁིན་གྱི་རྟོགས་བརྗོད་བརྙན་དུ་ལེན་པ་ནི་འཁྲབ་ཁྲིད་པར་མཚོན་ན་དཀའ་ཚེགས་ཤིན་ཏུ་ཆེ་བའི་འཐབ་རྩོད་ཐེངས་ཤིག་ཡིན་ནོ། །འོན་ཀྱང་ལིན་ཁིན་བརྙན་ལ་འབེབས་རྒྱུ་ནི་འཁྲབ་ཁྲིད་པ་སི་པེལ་གྱི་རེ་འདུན་ཆེན་པོ་ཞིག་ཡིན་ཞིང་། ལོ་བཅུའི་དཀའ་སྤྱད་བརྒྱུད་མཐར་བརྙན་དུ་བདེ་ལེགས་ངང་ཕང་སྐྲུན་བྱེད་ཐུབ་པ་བྱུང་པ་དང་། གཤིས་འཇམ་དང་འདྲིས་བདེ། བབ་ཆགས་ཅན་གྱི་རླབས་ཆེན་མི་སྣ་ཞིག་ལྟད་མོ་བའི་མིག་ལམ་དུ་བསྟན་ཡོད། སྤྱིར་ལིན་ཁིན་དང་ཨ་རིའི་ལྷོ་བྱང་དམག་འཁྲུག་ནི་ཀུན་གྱིས་གོ་ཐོས་བྱུང་མྱོང་ལ། ཐེངས་མང་གླེང་མྱོང་བ་ཞིག་རེད། དེ་ལྟར་ཀུན་ལ་རྒྱུས་མངའ་ཡོད་པ་ཞིག་བརྙན་དུ་འབེབ་དགོས་དུས། བརྙན་ལེན་ལ་ཐོག་མར་འཇུག་པའི་སྒོ་ནི་ཤིན་ཏུ་གལ་ཆེན་ཞིག་ཡིན། དགའ་འོས་པ་ཞིག་ལ། འཁྲབ་ཁྲིད་པ་སི་ཕི་ཝེར་པོ་ཀིས་དོན་དེ་རྟོགས་ནས། གློག་བརྙན་ཧྲིལ་པོའི་མཐོང་སྣེ་ལིན་ཁིན་མི་རང་གི་སྟེང་དུ་བཞག་ཡོད་དེ། “ཨ་རིའི་བཅའ་ཁྲིམས་བཅོས་བསྒྱུར་གྱི་གྲོས་དོན་བཅུ་གསུམ”ལ་འདེམས་ཤོག་འཕེན་པའི་དོན་དེ་རྒྱབ་ལྗོངས་སུ་བྱས་ནས། ཀུན་གྱིས་ཡིད་ངོ་རུ་འཇགས་པའི་ལིན་ཁིན་གྱི་སྣང་བརྙན་དེ་འབུར་དུ་གཏོད་ཡོད། གློག་བརྙན་ཁྲོད་ཀྱི་ལིན་ཁིན་ནི་སྐབས་རེ་ཚབ་འཚུབ་དང་ལན་རེར་ཉམ་ཆུང་ཞིག་ཏུ་མཐོང་མོད། བཞག་ཟིན་པའི་དམ་བཅའ་ནི་ནམ་ཡང་འགྱུར་མེད་བསྟན་སྲུང་བྱས་ཡོད། གལ་ཏེ། དམིགས་བསལ་གྱི་དུས་སྐབས་དེར་རྒྱབ་ལྗོངས་བྱས་ནས་གླེང་ཚེ། བདག་གིས་བསམ་ན་ལིན་ཁིན་གྱི་རླབས་ཆེ་ཚུལ་ནི་གཏམ་གླེང་དག་གི་ཁྲོད་དུ་ཁོ་ན་མིན་པར། གློག་བརྙན་ཁྲོད་འཁྲབ་ཁྲིད་པས་གློག་བརྙན“གྱི་མཐོང་སྣེ་ལིན་ཁིན་གྱི་ནང་སེམས་འཚོལ་བསྙེག་ལ་གཞོལ་ཡོད་པས། ངེས་པར་དུ་ཕུལ་བྱུང་གི་འཁྲབ་སྟོན་པ་ཞིག་གིས་འཁྲབ་དགོས་ལ། ཏག་ཏག་གཙོ་འཁྲབ་པ(Daniel Day-Lewis)ཡིས་རང་གི་ཚད་མཐོའི་ཉམས་མྱོང་དང་ཐབས་འཕྲུལ་ལ་བརྟེན་ནས། ཡུན་རིང་གི་ཚོད་ལྟ་དང་ལད་མོ་བརྒྱུད་མཐར་ལྟད་མོ་བའི་མིག་ལམ་ཏུ་ཤར་བ་ནི་ལིན་ཁིན་གསོན་པོ་ལྟ་བུ་ཞིག་ནས་གནད་འདོགས་ས་ཙམ་ཡང་རྙེད་དཀའ་བར་གྱུར། མཇུག་མཐར་བདག་གིས་འཁྲབ་སྟོན་པའི་མཛེས་བཟོའི་ཕྱོགས་ལ་ཅུང་མི་གླེང་ཐབས་མེད་དེ། ཏན་ཉིའི་ཝེར་གྱིས་གཟབ་མཆོར་སྤྲད་པ་མངོན་སུམ་ལྟར་དུ་སྣང་ལ། ལྷག་དོན་རྣམ་ཤེས་ལུས་སུ་ཞུགས་པ་ལྟ་བུའི་ཚོར་བ་སྟེར་ཐུབ་པ་ནི་ཇི་ལྟར་བསམ་ཡང་གཙོ་བོ་མཛེས་བཟོ་ལ་རག་ལས་ཡོད། ཕྱི་རྣམ་གྱི་མངོན་སུམ་ལྟ་བུ་དེས་འཁྲབ་སྟོན་པ་དང་ལོ་རྒྱུས་ཐོག་གི་མི་སྣ་གཉིས་ཕལ་ཆེར་སྦུབས་སུ་འཛུལ་བའི་མཐུན་ཆོས་ཡོད་པ་ལྟར་དུ་སྣང་། གཞན་གློག་བརྙན་ཧྲིལ་པོའི་སྒྲིག་གཞིའི་ཇུས་འགོད་ཕུལ་དུ་བྱུང་དེས་ཀྱང་གློག་བརྙན་སྤྱི་ལ་ཚོན་མདངས་གསར་པ་ཞིག་དཀྲིས་ཡོད།

རྒྱབ་ལྗོངས།[རྩོམ་སྒྲིག]

ལིན་ཁིན་གྱི་ཚེ་གང་རིང་འབད་འབུངས་བྱས་པའི་ལོ་རྒྱུས།

1809.2.12ལོར་སྐྱེས། 1818ལོར(ལོ9)ཨ་མ་ཚེ་ལས་འདས། 1831年(ལོ22)ཚོང་གཉེར་ལེགས་གྲུབ་མ་བྱུང་། 1832年(ལོ23)མངའ་སྡེའི་གྲོས་མིར་བདམས་ཐོན་མ་བྱུང་། (ལོ23)ལས་ཀ་དོར་ནས་ཁྲིམས་ལུགས་སློབ་གླིང་དུ་སློབ་སྦྱོང་བྱ་བར་བརྩམ་མོད། སློབ་ཞུགས་ཀྱི་ཆོག་མཆན་མ་རེག 1833ལོ(ལོ24)གྲོགས་ནས་དངུལ་གཡར་ཏེ་ཚོང་ལས་ལ་ཞུགས། ལོ་དེའི་ལོ་མཇུག(ལོ24)སླར་ཡང་ལམ་དུ་མ་ལྷོངས་པས། དེ་ནས་བཟུང་ཁོང་གིས་ལོ་བཅུ་དྲུག་བེད་སྤྱད་ཏེ་གཞི་ནས་སྐབས་དེར་གཡར་བའི་དངུལ་བུན་དག་འཇལ་ཐུབ་ཙམ་བྱུང་། 1834ལོ(ལོ25)ཡང་བསྐྱར་མངའ་སྡེའི་གྲོས་མིར་འདེམས་ཐོན་ལ་ཞུགས་པར་ལེགས་གྲུབ་བྱུང་། 1835ལོ(ལོ26)གཉེན་གན་འཇག་ནས་གཉེན་སྟོན་བར་བརྩམ་མོད་སྟབས་མ་ལེགས་པར་གཉེན་གན་བཞག་པའི་བུད་མེད་ཤི། 1836ལོ(ལོ27)ཟླ་དྲུག་ལྷག་སྨན་ཁང་དུ་ཉལ། 1838ལོ(ལོ29)མངའ་སྡེའི་གྲོས་མིར་གཏམ་བཤད་མཁན་འདེམས་ཐོན་ཡོང་བར་འབད་པ་བྱས་ཀྱང་ལེགས་གྲུབ་མ་བྱུང་། 1840ལོ(ལོ31)འདེམས་མཁན་ཡོང་བར་འབད་པ་བྱས་རུང་ལམ་མ་སོང་།

1843ལོ(ལོ34)རྒྱལ་ཚོགས་འདེམས་བསྐོ་ལ་ཞུགས་ཀྱང་འདེམས་ཐོན་མ་བྱུང། 1846ལོ(37ལོ)སླར་ཡང་རྒྱལ་ཚོགས་འདེམས་ཆེན་ལ་ཞུགས་པས་འདེམས་ཐོན་བྱུང་སྟེ། ཧྭ་ཧྲེང་ཏུན་དུ་ཕེབས།   1848ལོ(ལོ39)ཡང་བསྐྱར་རྒྱལ་ཚོགས་འདེམས་ཆེན་འདེམས་ཐོན་འབྱུང་བར་རེ་རང་དོན་དུ་མ་ལྷོང་། 1849ལོ(ལོ40)རང་སོའི་ཀྲུའུ་ནང་ཁོངས་ཀྱི་ས་ཞིང་དོ་དམ་གྱི་ལས་ཀ་གཉེར་སྙམ་མོད་འབྲེལ་ཡོད་སྡེ་ཁག་གིས་ཁས་ལེན་མ་བྱས། 1854ལོ(ལོ45)ཨ་རིའི་སྤྱི་གྲོས་པའི་འདེམས་བསྐོ་ལ་ཞུགས་ཀྱང་འདེམས་ཐོན་མ་བྱུང་། 1856ལོ(ལོ47)སྤྱི་མཐུན་ཏང་ནང་སྲིད་འཛིན་གཞོན་པའི་གོ་མིང་རྩོད་ལེན་བྱས་རུང་། འདེམས་ཤོག་བརྒྱ་ཡང་མ་བརྒལ། 1860ལོ(ལོ51)ཨ་རིའི་སྲིད་འཛིན་དུ་འདེམས་ཐོན་བྱུང་ཞིང་། འཛམ་གླིང་ཐོག་ཆེས་རླབས་ཆེ་བའི་སྲིད་འཛིན་པ་ཞིག་ཏུ་གྱུར། སྐྱེས་ནས་བཟུང་ཅི་དང་གང་ཡང་མེད་པའི་ལིན་ཁིན་གྱིས་དཀའ་སྡུག་གང་མང་མྱང་དགོས་ཐུག དེ་སྔོན་ཁོ་རང་ཡིད་ཕམ་སྐྱེ་མྱོང་མོད། ནམ་ཡང་རང་གི་ཕུགས་འདུན་གྱི་ཆེད་དུ་འབད་འབུངས་ཀྱི་གོམ་མཚམས་འཇོག་མྱོང་མེད།