ཨ་ལན་ཟླ་བ་སྒྲོལ་མ།

ཡོང་ཁུངས་Wikipedia
Jump to navigation Jump to search
Alan tgs08.jpg

ཨ་ལན་ཟླ་བ་སྒྲོལ་མ། ཨ་ལན་ཟླ་བ་སྒྲོལ་མ་ལགས་ནི། ཀྲུང་གོ་དང་འཇར་པན་ལ་སྐད་གྲགས་ཡོད་པའི་བོད་རིགས་གཞས་མ་ཞིག་རེད། ཁོང་སྤྱི་ལོ་1987 ཟླ་7 པའི་ཚེས་25ཉིན་ཁམས་དཀར་མཛེས་ཁུལ་དུ་སྐྱེས་ཤིང་། དར་རྩེ་མདོར་འཚར། ཕ་ནི་ལས་བྱེད་པ་ཞིག་ཡིན་ལ་མ་ནི་གླུ་མ་ཞིག་ཡིན་པས། ཁོང་མོ་དགོང་ལོ་༨ ཀྱི་ཐོག་ནས་གླུ་གཞས་དང་རོལ་དབྱངས་སློབ་སྦྱོང་གི་འགོ་བརྩམས་ཡོད་འདུག དགོང་ལོ་༡༦ ཐོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྒྱུ་རྩལ་སློབ་ཆེན་སྒྲ་དབྱངས་ཚན་ཁག་ཏུ་སློབ་ཞུགས་གནང་སྟེ། ༢༠༠༥ ལོར་སྦྱངས་འབྲས་རྩེ་སོན་གྱིས་སློབ་མཐར་ཕྱིན། ༢༠༠༧ ཟླ་ ༡༡ ཚེས་༢༡ ཉིན་འཇར་པན་དུ་ཐོག་མར་གཞས་བཏང་། སྐད་གྲགས་ཆེན་པོ་ཆགས། ༢༠༠༩ ལོར་ཁོང་གི་རྐྱང་གཞས་དགུ་པ་༼རྟག་ཏུ་བཞུར་བའི་ཆུ་བོ་༽ཞེས་པ་འཇར་པན་གྱི་or icon བདུན་ཕྲག་རེའི་གླུ་གཞས་ཡག་ཤོས་བཅུའི་རྩེ་མོར་ཐོན་པ་ཀྲུང་གོའི་གཞས་པ་ཐོག་མར་གྱུར་པ་དང་ཆབས་ཅིག གཞས་དེའི་ཚོང་འགྲིམས་ཡང་ཨང་དང་པོར་སོན། ད་ལྟ་འཇར་པན་གྱི་ ་ལ་བཞུགས་ཡོད།

http://web.archive.org/web/20110918051604/http://data.yule.baidu.com/images/33/337821.jpg

མི་ཚེ།[རྩོམ་སྒྲིག]

སྐད་པར་ཕན་ཙེ་དབྱེ་བའི་དཀར་ཆག།[རྩོམ་སྒྲིག]

ཟིན་ཐོ་འམ་དཔྱད་གཞི།[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག།[རྩོམ་སྒྲིག]

ད་དུང་གཟིགས།[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།[རྩོམ་སྒྲིག]