ཨ་ཀོའོ་འར་སྐད་ཡིག་སློབ་གྲྭ།

ཡོང་ཁུངས་Wikipedia
Jump to navigation Jump to search
File:ཨ་ཀོའོ་འར་སྐད་ཡིག་སློབ་གྲྭ། (logo).jpg File:FLE (logo).jpg
ཟླ་ཚེས། ༡༩༨༨
ཁ་བྱང་། 14 boulevard Poissonnière 75009 Paris ཧྥ་རན་སི།
སྐད་རིགས། ཧྥ་རན་སིའི་སྐད།

ཨ་ཀོའོ་འར་སྐད་ཡིག་སློབ་གྲྭ་(ཧྥ་རན་སིའི་སྐད།: Accord École de Langues)ནི་༡༩༨༨ལོར་སྐྲུན་པ་དང་ཧྥ་རན་སིའི་སྐད་ཡིག་གི་མཐོ་རིམ་སློབ་གསོའི་སློབ་གྲྭ་ཞིག་ཡིན།

སློབ་གྲྭ་དེར་ལོ་ལྟར་རྒྱལ་ཁབ་མི་འདྲ་བ་༥༠ལྷག་ནས་ཡོང་བའི་སློབ་ཕྲུག་༥༠༠༠ལྷག་བསྡུ་གི་ཡོད། ཨ་ཀོའོ་འར་སྐད་ཡིག་སློབ་གྲྭ་ལ་Qualité français langue étrangèreཡི་ཐོབ་ཐང་ཐོབ་ཟིན། སློབ་ཕྲུག་ལ་སྣེ་ལེན་སློབ་ཁྲིད་སྒྲིག་བཀོད་དགེ་རྒན་གི་ ཚོགས་པ་སློབ་ཚན་གྱི་སྒྲིག་འཇོག་སློབ་གྲྭའི་དོ་དམ་བཅས་ལྔའི་ཐོགས་ལ་སྐར་ཆ་མང་ཤོས་ཐོབ་ཀྱི་ཡོད།[༡]


ལོ་རྒྱུས།[རྩོམ་སྒྲིག]

ཨ་ཀོའོ་འར་སྐད་ཡིག་སློབ་གྲྭ་ནི་Grands Boulevardsཁྲོམ་ལམ་གྱི་པ་ལིའི་བཟོ་སྐྲུན་འཁྱད་ཆོས་ལྡན་པའི་ཁང་པ་ཞིག་གི་ནང་དུ་ཡོད་པ་རེད། ཁྲོམ་ལམ་དེའི་ཉེ་འཁོར་ལ་ཟློས་གར་ཁང་དང་ཁ་ཧྥེ་བཏུང་ཁང་ཟ་ཁང་ཆུང་ཆུང་མང་པོ་ཡོད་པའི་རྐྱེན་གྱིས་དུས་མཚམས་ཞིག་གི་རིང་ལ་མི་རྣམས་ཀྱིས་ནག་ཉེས་བྱུང་སའི་ཁྲོམ་ལམ་དུ་བརྩིས་ཀྱི་ཡོད་རེད། དུས་རབས་༡༩ལ་ ཨོའོ་སེ་མན་སྐུ་དྲག་གིས་ པའི་རི་ ལ་དེང་རབས་ཅན་དུ་འགྱུར་བ་བཏང་རྗེས་ཁྲོམ་ལམ་དེ་གྲོང་འཁྱེར་གྱི་དཀྱིལ་ཕྱོགས་སུ་སྡུད་པ་རེད། དེ་ནས་ཟུང་གྲོང་ཁྱེར་འཆར་འགོད་རིགས་པའི་དྲ་དབྱིབས་འཆར་འགོད་ཀྱང་དེ་ནས་བྱུང་བ་ཡིན།


སློབ་ཁྲིད།[རྩོམ་སྒྲིག]

སློབ་གྲྭའི་གཙོ་བོའི་དམིགས་ཡུལ་ནི་སློབ་ཕྲུག་གི་སྤྱི་ཚོགས་ཐོག་གི་གནས་ཚུལ་དང་སྒྲིག་ཁྲིམས་སོགས་ལ་ཇི་ལྟར་གདོང་གཏད་ཐོག་སྣེ་ཁྲིད་བྱེད་རྒྱུ་དང་སློབ་ཕྱུག་རང་ཉིད་ཀྱི་སློབ་སྦྱོང་བྱེད་གཏང་ཐོག་ལ་འཐོན་སྒོ་འབྱེད་པ་ད་དུང་རང་ཉིད་ཀྱི་སྐད་རིགས་ཐོག་ནས་བགྲོ་གླེང་བྱེད་ཐུབ་པའི་ནུས་པ་ཧྥ་རན་སེའི་སྐད་ཡིག་ཐོག་ནས་ཀྱང་ཡོད་པར་བཟོ་རྒྱུ་དེ་ཡིན།[༢]

སློབ་གྲྭས་རྩེད་མོ་དང་ལད་ཟློས་བྱེད་པ་ བྱེད་སྒོ་སྣ་ཚོགས་ཐོག་ནས་སྦྱོང་བརྡར་དང་བགྲོ་གླེང་བྱེད་སའི་གནས་སྣ་ཚོགས་རྒྱུད་ནས་བརྡ་སྤྲོད་སོགས་སློབ་རྒྱུ་ཡིན།


སྲིད་འཇིན་མི་སྣ།[རྩོམ་སྒྲིག]

སློབ་སྤྱི།:François PFEIFFER


ཟིན་ཐོ་འམ་དཔྱད་གཞི།[རྩོམ་སྒྲིག]

  1. http://www.fle.fr/index-page-grand_repertoire.html
  2. http://www.french-paris.com/fr/info/pedagogie.php

དཔྱད་གཞིའི་དཀར་ཆག[རྩོམ་སྒྲིག]

ད་དུང་གཟིགས།[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།[རྩོམ་སྒྲིག]