ཧོང་ཧྲན་རི་བོ།
ཧོང་ཧྲན་རི་བོ་ནི་ཨན་ཧུའེ་ཞིང་ཆེན་གྱི་ལྷོ་ཕྱོགས་སུ་ཡོད། དེ་ལ་"ལྷུན་པོ་རྣམ་ལྔ་མཇལ་རྗེས་རི་བོ་གཞན་མི་བལྟ།། ཧོང་ཧྲན་རི་བོ་མཇལ་རྗེས་ལྷུན་པོ་ལྔར་མི་བལྟ།།"ཞེས་བཤད་སྲོལ་ཡོད། ཧོང་ཧྲན་རི་བོར་རྨད་བྱུང་ཁྱད་ཆོས་བཞི་ཡོད་དེ། ཐང་ཤིང་དང་། བྲག་རྡོ། སྤྲིན་མཚོ། ཆུ་ཚན་བཅས་ཡིན། ཧོང་ཧྲན་རི་བོའི་ཐང་ཤིང་ནི་ཀྲོང་ངེར་འགྱིང་ཞིང་ཉམས་འགྱུར་སྟོང་གིས་མཛེས། ཧོང་ཧྲན་རི་བོའི་གནམ་གཤིས་རླན་གཤེར་ཆེ་བས་ལོ་ཁོར་མོ་ཡུག་ལ་སྤྲིན་སྨུག་འཁྲིགས་རྒྱུ་རྒྱུན་ཆད་མེད་ལ། སྤྲིན་ཕུང་བརྟོལ་བའི་རི་རྩེ་མཐོན་པོ་དག་ནི་གླིང་ཕྲན་ཆུང་ངུ་རེ་རེ་བཞིན་སྤྲིན་དཀར་མཚོ་མོའི་ངོས་སུ་གཡེད། ཧོང་ཧྲན་རི་འདབས་ཀྱི་ཆུ་ཚན་ལ་ཆུ་འབབ་ཚད་ཆེ་ཞིང་དྲོད་ཚད་མཐོ་བས་སྙན་གྲགས་ཀུན་ཏུ་ཁྱབ་ཡོད། ཧོང་ཧྲན་རི་བོའི་ལྗོངས་རྒྱུའི་ཁུལ་དེ་༡༩༩༠ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་ཚན་རིག་གསུམ་རྩ་འཛུགས་ཀྱིས་འཛམ་གླིང་གི་རིག་གནས་དང་རང་བྱུང་ཉིས་ཀའི་ཤུལ་ནོར་གྱོ་གྲས་སུ་བཀོད་ཡོད།[༡]
གསལ་བཤད།
[རྩོམ་སྒྲིག]མཚོན་རྟགས།
[རྩོམ་སྒྲིག]པར་རིས་བར་འཁྱམས།
[རྩོམ་སྒྲིག]ཟིན་ཐོ་འམ་དཔྱད་གཞི།
[རྩོམ་སྒྲིག]- ↑ "འཛམ་གླིང་གི་ཡུལ་ལྗོངས།" ༼ཀྲུང་གོའི་བྱིས་པའི་ཤེས་བྱ་ཀུན་བཏུས།༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧