ཧོ་ཅིན།
| ཧོ་ཅིན། | |
|
| |
| མིང་། | Stephen William Hawking
|
| Template loop detected: Template:Infobox person/Wikidata | |
ཧོ་ཅིན།
སྤྱིར་བཏང་གི༼ལང་ཕྱོགས༽
[རྩོམ་སྒྲིག]༡༩༤༢ལོར་དབྱིན་ཇིའི་ཉིའུ་ཅིན་དུ་འཁྲུངས། འཁྲུངས་པའི་ཉིན་ནི་ཅ་ལི་ལུའེ་གྲོངས་ནས་ལོ་༣༠༠འཁོར་བའི་དྲན་གསོའི་ཉིན་མོ་རེད། བྱིས་པའི་དུས་སུ་སྦྱངས་འབྲས་མངོན་གསལ་དོད་པོ་མེད་པ་དང་། རྙོག་འཛིང་ཆེ་བའི་རྩེད་ཆས་ཇུས་འགོད་བྱ་རྒྱུར་དགའ། ༡༩༥༩ལོར་ཉིའུ་ཅིན་སློབ་ཆེན་དུ་ཚུད་ནས་རང་བྱུང་ཚན་རིག་གི་རིམ་པ་དང་པོའི་མཚན་སྙན་གྱི་སློབ་གནས་ཐོབ། ཅན་ཆའོ་སློབ་ཆེན་གྱི་འཇིག་རྟེན་རིག་པར་ཞིབ་འཇུག་ཆེད་ལས་སུ་བསྒྱུར།
ཉམས་དང་ལྡན་པའི༼སྡོད་སྟངས༽
[རྩོམ་སྒྲིག]ལོ་༢༡ལ་སླེབས་སྐབས་ཤ་གནད་ཁུམ་པའི་རང་བཞིན་གྱི་སྲ་འགྱུར་ནད་རྟགས་ཏེ། དེར་འགུལ་སྐྱོད་དབང་རྩའི་ཕྲ་ཕུང་གི་ནད་ཟེར་བ་དང་། དེ་ཕོག་ན་ལུས་ཡོངས་ཞ་ཁུམ་དུ་གྱུར་ནས་མཛུབ་མོ་གསུམ་ཁོ་ན་ལས་འགུལ་ཐུབ་ཀྱི་མེད། སྨན་པས་ལོ་གཉིས་མ་གཏོགས་གསོན་མི་ཐུབ་ཅེས་ཚིག་ཐག་བཅད། ༡༩༦༥ལོར་ལོ་༢༣ལ་སོན་སྐབས་ཅན་ཆའོ་འབུམ་རམས་པའི་སློབ་གནས་ཐོབ། ༡༩༧༣ལོར་ནག་དོང་འགྱེད་འཕྲོ་རྙེད། ༡༩༨༥ལོར་གློ་ཚད་ཕོག་ནས་སྨྲ་བརྗོད་ཀྱི་ནུས་པ་ཉམས་པས་སྐད་གདངས་འདྲེས་གྲུབ་ཡོ་ཆས་ལ་བརྟེན་ནས་སྐད་ཆ་ཤོད་རྒྱུ་ལས་མ་འདས། ༡༩༨༨ལོར་ཁོང་གིས་བརྩམས་པའི་ཚན་རིག་ཁྱབ་གདལ་སྐོར་གྱི་རྩོམ་ཡིག《ཡུལ་དུས་ཀྱི་ལོ་རྒྱུས་མདོར་བསྡུས》ཞེས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དང་། ད་བར་དེབ་ཁྲི་༡༠༠༠ལྷག་ཙམ་དཔེ་སྐྲུན་བྱས་པ་རེད།
