Jump to content

ཧན་རྒྱལ་རབས།

ཡོང་ཁུངས་Wikipedia

ཧན་རྒྱལ་རབས་ (རྒྱ་སྐད: 汉朝) ནི་རྒྱ་ནག་གི་རྒྱལ་པོའི་རྒྱལ་རབས་ (སྤྱི་ལོ་སྔོན་གྱི་ལོ་ ༢༠༢ ནས་སྤྱི་ལོ་ ༩ བར་དང་། སྤྱི་ལོ་ ༢༥ ནས་ ༢༢༠ བར) ཞིག་ཡིན། འདི་ནི་ལིའུ་པང་གིས་བཙུགས་ཤིང་ལིའུ་ཡི་རིགས་རྒྱུད་ཀྱིས་དབང་བསྒྱུར་བའོ། །རྒྱལ་རབས་འདིའི་སྔོན་དུ་ཡུན་ཐུང་བའི་ཆིན་རྒྱལ་རབས་ (སྤྱི་ལོ་སྔོན་གྱི་ལོ་ ༢༢༡ ནས་ ༢༠༦ བར) དང་། ཁྲུའུ་དང་ཧན་གྱི་རྩོད་པ་ (སྤྱི་ལོ་སྔོན་གྱི་ལོ་ ༢༠༦ ནས་ ༢༠༢ བར) ཞེས་པའི་བར་བརྒལ་གྱི་དུས་ཟིང་བྱུང་ཞིང་། དེའི་རྗེས་སུ་རྒྱལ་ཁབ་གསུམ་གྱི་དུས་རབས་ (སྤྱི་ལོ་ ༢༢༠ ནས་ ༢༨༠ བར) བྱུང་ངོ་། །

རྒྱལ་རབས་འདི་ནི་རྒྱལ་ཚབ་དབང་འཕྲོག་པ་ཝང་མང་གིས་བཙུགས་པའི་ཞིན་རྒྱལ་རབས་ (སྤྱི་ལོ་ ༩ ནས་ ༢༣ བར) ཀྱིས་བར་དུ་བཅད་པས། དེ་ལ་ནུབ་ཧན་ (སྤྱི་ལོ་སྔོན་གྱི་ལོ་ ༢༠༢ ནས་སྤྱི་ལོ་ ༩ བར) དང་ཤར་ཧན་ (སྤྱི་ལོ་ ༢༥ ནས་ ༢༢༠ བར) ཞེས་དུས་སྐབས་གཉིས་སུ་དབྱེའོ། །ལོ་ངོ་བཞི་བརྒྱ་ལྷག་གི་རིང་གནས་པའི་ཧན་རྒྱལ་རབས་ནི་རྒྱ་ནག་གི་ལོ་རྒྱུས་ནང་གི་གསེར་གྱི་དུས་རབས་ཤིག་ཏུ་བརྩི་ཞིང་། ཕྱིས་ཀྱི་རྒྱ་ནག་གི་ངོ་བོར་གཏན་འཇགས་ཀྱི་ཤུགས་རྐྱེན་ཐེབས་ཡོད། དེང་སང་རྒྱ་ནག་གི་མི་རིགས་མང་ཤོས་ཀྱིས་རང་ཉིད་ལ་ “ཧན་མི་རིགས” སམ་ “ཧན་པ” ཞེས་ཟེར་ཞིང་། རྒྱ་ནག་གི་སྐད་དང་ཡིག་གཟུགས་ལ་ཡང་ “ཧན་སྐད” དང་ “ཧན་ཡིག” ཅེས་འབོད་དོ། །

ལོ་རྒྱུས།

[རྩོམ་སྒྲིག]

ཟིན་ཐོ་འམ་དཔྱད་གཞི།

[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག།

[རྩོམ་སྒྲིག]

ད་དུང་གཟིགས།

[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།

[རྩོམ་སྒྲིག]