ཧང་ངེ་རྫོང་།

ཡོང་ཁུངས་Wikipedia

ཧང་ངེ་རྫོང་ནི་མཚོ་ལྷོ་ཁུལ་བོད་རིགས་རང་སྐྱོང་ཁུལ་ཁོངས་ཀྱི་རྫོང་གཅིག་ཡིན། རྒྱ་སྐད་དུ་ཞིན་ཧེ་རྫོང་འབོད། དེང་སྐབས་བྲག་དཀར་རྫོང་ཞེས་འབོད་མཁན་ཡང་འདུག དེ་ནི་རྫོང་ཁོངས་སུ་མདོ་སྨད་རྫོང་བཞིའི་ཡ་གྱལ་བྲག་དཀར་སྤྲེལ་རྫོང་ཡོད་པས་རེད། རྫོང་ཧྲིལ་བོའི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ ༡༣༡༥༨འདུག ཧང་ངེ་ཞེས་པའི་མིང་འདི༼རྒྱལ་བ་བསོད་ནམས་རྒྱ་མཚོའི་རྣམ་ཐར༽ནང་མཐོང་རྒྱུ་ཡོད་པས། ཉུང་མཐར་དེང་གི་བར་མིང་འདི་བཀོལ་ནས་ལོ་ངོ་ལྔ་བརྒྱ་ཉེ་བ་ཞིག་འགོར་ཡོད།

ཕྱི་ལོ ༢༠༡༠ལོའི་མི་འབོར་ཞིབ་བཤེར་ལྟར་ན། མི་འབོར ༧༦༠༢༥དང་། བོད་རིགས་ཀྱིས་བརྒྱ་ཆའི་བདུན་ཅུ་དོན་ལྔ་ཙམ་ཟིན་ཡོད། 

མཁར་རྫོང་གནས་ཡུལ་རྩྭི་ཀོར་་ཐང་གྲོང་བརྡལ་ཡིན་ཞིང་། རྫོང་ཁོངས་སུ་རྩྭི་ཀོར་ཐང་གྲོང་བརྡལ། ཆུ་སྔོན་གྲོང་བརྡལ། ཧོལ་ཁ་གྲོང་བརྡལ། སེང་ལྡེང་ཡུལ་ཚོ། ཐང་ནག་ཡུལ་ཚོ། ལུང་བཟང་ཡུལ་ཚོ། ཆུ་ཁོལ་ཡུལ་ཚོ། འབྲོང་མཐིལ་ཡུལ་ཚོ། གསེར་ཐང་ཕྱུགས་ར་བཅས་ཡོད།