སྨྱུང་ཆོག་བསྡུས་པ་

ཡོང་ཁུངས་Wikipedia

སྨྱུང་སྡོམ་ལེན་པར་འདོད་པས་ཐོག་མར་ས་ཕྱོགས་ཕྱག་དར་བྱས་ཏེ་དཀོན་མཆོག་གི་རྟེན་བཤམས།མཆོད་པ་སྣ་ཚོགས་ཀྱིས་མཆོད་ནས།གཙང་སྦྲའི་ཀུན་སྤྱོད་ལ་གནས་པས། མདུན་གྱི་ནམ་མཁར་བླ་མ་དང་དབྱེར་མེད་པའི་འཕགས་པ་སྤྱན་རས་གཟིགས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་ནས་བཞུགས་པར་གྱུར།།སངས་རྒྱས་ཆོས་ཚོགས་མ་ལན་གསུམ།ཇི་སྙེད་སུ་དག་སོགས་ཡན་ལག་བདུན་པ་ཕྱག་དང་འབྲེལ་ནས་ཚར་གཅིག་བརྗོད།དེ་ནས་པུས་མོ་ས་ལ་བཙུགས་ཤིང་ཐལ་མོ་སྦྱར་ནས།ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ།།སློབ་དཔོན་བདག་ལ་དགོངས་སུ་གསོལ།འཕགས་པའི་ཐུགས་ནི་སངས་རྒྱས་ཏེ།།གསུང་ནི་དམ་ཆོས་ཐུགས་དགེ་འདུན།།གང་ལ་སྐྱབས་མཆི་སེམས་ཅན་དོན།།ཚད་མེད་བཞི་སྒོམ་ཁྱེད་བསྒྲུབ་བྱ།།ཅེས་ལན་གསུམ། སེམས་ཅད་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་ལན་གཅིག། སྡོམ་པ་དངོས་ཁས་ལེན་ནི།སངས་རྒྱས་འཕགས་པ་དགོངས་སུ་གསོལ།།དེང་ནས་སང་གི་ཉི་ཤར་བར།།སྲོག་གཅོད་རྐུ་དང་མི་ཚངས་སྤྱོད།།རྫུན་དང་ཆང་དང་གླུ་གར་རྒྱན།།ཁྲི་སྟན་མཐོ་དང་ཕྱི་དྲོའི་ཟས།།སྤངས་ཏེ་ཡན་ལག་བརྒྱད་པ་བསྲུང་།།ཉོན་མོངས་དགྲ་སྡེ་འཇོམས་པར་ཤོག།ལན་གསུམ་གྱིས་སྡོམ་པ་བཟུང་།ཐབས་ཡིན་ནོ།ལེགས་སོ་བྱ། སྨྱུང་སྡོམ་མདོར་བསྡུས་འདི་ས་སྐྱ་བ་གྲགས་རྒྱལ་གྱི་གསུང་ཡིན། དེ་བཞིན་གཤེགས་ཐམས་ཅད་ལ་ཕྱག་འཚལ་ལོ།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ།ཨོཾ་ཨ་མོ་གྷ་ཤཱི་ལ།སཾ་བྷ་ར་སཾ་བྷ་ར།བྷ་ར་བྷ་ར།མ་ཧཱ་ཤཱུདྡྷ་ས་ཏྭ།པདྨ་བྷི་བྷུ་ཥི་ཏ།བི་ཛ་དྷ་ར་དྷ་ར།ས་མནྟ་ཨ་ཝ་ལོ་ཀི་ཏེ་ཧཱུཾ་ཕཊ་སྭཱ་ཧཱ།ཞེས་ཚུལ་ཁྲིམས་རྣམ་དག་གི་གཟུངས་ཉེར་གཅིག་བརྗོད། ཨོཾ་ཧྲཱི་ཏྲྱཻ་ལོ་ཀྱ་བི་ཛ་ཡ།ཨ་མོ་གྷ་པཱ་ཤ་ཨ་པྲ་ཏི་ཧ་ཏ།ཧྲཱི་ཧ་ཧཱུཾ་ཕཊ་སྭཱ་ཧཱ།དོན་ཡོད་ཞགས་པའི་གཟུངས་བདུན་ཀྱང་འདོན་ལ།བདག་སོགས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཚུལ་ཁྲིམས་གྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་རྣམས་ཡོངས་སུ་རྫོགས་པར་གྱུར་ཅིག།ཉོན་མོངས་པ་ཚུལ་ཁྲིམས་འཆལ་བ་ལས་བྱུང་བའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ བྱང་ཞིང་དག་པར་གྱུར་ཅིག།འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཀྱི་སྐལ་བ་དང་ལྡན་པར་གྱུར་ཅིག།ཉོན་མོངས་པས་མི་བརྫི་བའི་རྣམ་པར་གྲོལ་བའི་བདེ་བ་ལ་རེག་པར་གནས་པར་གྱུར་ཅིག། ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང་།།ཚུལ་ཁྲིམས་རྣམ་པར་དག་དང་ལྡན།།རློམ་སེམས་མེད་པའི་ཚུལ་ཁྲིམས་ཀྱིས།།ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག། གཞན་གནོད་གཞིར་བཅས་སྤངས་ལ་གོམས་པའི་མཐུས།།རྨི་ལམ་ན་ཡང་སྡིག་སེམས་མི་འབྱུང་ཞིང་།།བྱང་ཆུབ་སེམས་དང་ནམ་ཡང་མི་འབྲལ་བའི།།ཚུལ་ཁྲིམས་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག།བསོད་ནམས་འདི་ཡིས་ཐམས་ཅད།འཇམ་དཔལ་དཔའ་བོས།དུས་གསུམ་གཤེགས་པའི།སྨོན་ལམ་རྒྱལ་པོ།སངས་རྒྱས་སྐུ་གསུམ།