སྨིན་བདུན་སྲུང་སྐར་ཕྱོགས་སྟོན་མ་ལག་

ཡོང་ཁུངས་Wikipedia

༢༠༡༨ལོར། རང་རྒྱལ་གྱིས་འཛུགས་སྐྲུན་དང་འཁོར་རྒྱུག་བྱས་པའི་སྨིན་བདུན་སྲུང་སྐར་ཕྱོགས་སྟོན་མ་ལག་དེ་གོ་ལ་ཧྲིལ་པོའི་དྲ་བའི་དཔེ་དབྱིབས་སུ་བེད་སྤྱད་པས། ཐོན་ལས་འབྲེལ་བར་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་སྐྲུན་ཡོད།

༢༠༡༧ལོའི་ཟླ་༩པར། རྒྱལ་ནང་ཁེ་ལས་ཀྱིས་ཞིབ་འཇུག་དང་གསར་སྤེལ་བྱས་པའི་གོ་ལ་ཧྲིལ་པོའི་དུས་རབས་གསར་པའི་སྨིན་བདུན་ཨང་གསུམ་པའི་བརྡ་རྟགས་སྒྲིག་གཞིར་རམ་འདེགས་བྱེད་པའི་མ་ལག་ཞིབ་ཚགས་ཆེ་བའི་SoCཕྱོགས་སྟོན་གྱི་ཉིང་ལྷེབ་དངོས་སུ་ཡོངས་སྒྲགས་བྱས།

༢༠༡༨ལོར། རང་རྒྱལ་གྱིས་འཆར་གཞི་བྱས་ན་སྨིན་བདུན་ཨང་གསུམ་པ་རྟགས་ཅན་གྱི་སྲུང་སྐར་༡༨གཡས་གཡོན་འཕེན་གཏོང་བྱས་ནས། གཙོ་བོ་རྒྱུད་གཅིག་ལམ་གཅིག་ཁོངས་ཀྱི་རྒྱལ་ཁབ་དང་ས་ཁུལ་དག་ལ་ཞབས་ཞུ་མཁོ་འདོན་བྱེད་རྒྱུ་རེད།

༢༠༢༠ལོའི་ལོ་མཇུག་ཏུ་སླེབས་དུས། རང་རྒྱལ་གྱིས་གོ་ལ་ཧྲིལ་པོར་ཁྱབ་པའི་སྲུང་སྐར་༣༥སྐྲུན་ནས། གོ་ལ་ཧྲིལ་པོའི་འཛད་སྤྱོད་པ་རྣམས་ལ་ཕྱོགས་སྟོན་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་རྒྱུ་རེད། དུས་མཚུངས་སུ། སྨིན་བདུན་ཨང་གསུམ་པ་རྟགས་ཅན་གྱི་དྲ་བས། ཕན་འབྲས་ཡོད་པའི་སྒོ་ནས་ལས་རིགས་ཁྲོམ་རྭ་དང་། ཀུན་བསྡུས་ཁྲོམ་རྭ། དམིགས་བསལ་ཁྲོམ་རྭ་དེ་བཞིན་རིག་ནུས་གྲོང་ཁྱེར་སོགས་གསར་དར་ཁུལ་གྱི་འཕེལ་རྒྱས་ཀྱི་སྣེ་འཁྲིད་རྒྱུ་རེད།

པར་རིས་བར་འཁྱམས།[རྩོམ་སྒྲིག]

ད་དུང་གཟིགས།[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག[རྩོམ་སྒྲིག]