སྦྲང་མ།
Appearance
སྦྲང་མ་ནི་སྐྱི་གཤོག་ཅན་གྱི་འབུ་སྲིན་རིགས་སུ་གཏོགས། སྦྲང་མས་ཁྱུ་ཚོའི་འཚོ་བ་སྤྱོད་ཅིང་འབུ་སྲིན་ཁྲོད་འཕེལ་འགྱུར་ཆུ་ཚད་ལཐོ་བའི་རིགས་ཤིག་ཡིན། སྦྲང་མ་ནི་མེ་ཏོག་ཁྲོད་ཕར་འཕུར་ཚུར་འཕུར་བྱས་ཏེ། གཡེང་བ་མེད་པར་མེ་ཏོག་གི་ཟེའུ་འབྲུ་དང་སྦྲང་རྩི་ལེན། རང་བྱུང་ཁམས་སུ་སྦྲང་མ་ནི་སིལ་སྡོང་དང་མེ་ཏོག་གི་ཤིང་སྡོང་ལ་ཟེའུ་འབྲུ་སྦྱོར་སྡེབ་བྱེད་དུ་འཇུག་མཁན་ཡང་ཡིན།
གསལ་བཤད།
[རྩོམ་སྒྲིག]མཚོན་རྟགས།
[རྩོམ་སྒྲིག]སྦྲང་ཚང་།
[རྩོམ་སྒྲིག]དབྱར་དུས་སུ། གཡོག་སྦྲང་ཁྱུ་ཡིས་འབད་བརྩོན་བྱས་འོག་བཀོད་པ་ཉམས་དགའ་བའི་སྦྲང་ཚང་ཞིག་མྱུར་དུ་བསྐྲུན། སྦྲང་མའི་སྦྲང་ཚང་རིག་དང་ཤིན་ཏུ་མཐུན་ཞིང་ངོ་མཚར་ཆེ། སྦྲང་ཤག་སོ་སོ་ཚད་ལྡན་ཟུར་དྲུག་དབྱིབས་སུ་མངོན། ཤུགས་རིག་པའི་ཆགས་གཞི་ལུགས་མཐུབ་ཡིན་ལ། བར་སྟོང་གང་ལེགས་སུ་བེད་སྤྱོད་བྱས་ཡོས་པས། སྦྲང་མའི་ཁྱུ་ཚོའི་འཚོ་བར་ཤིན་ཏུ་འཕྲོད། ཚད་ལྡན་གྱི་སྦྲང་ཚང་ཞིག་ཏུ་སྦྲང་མ་ལྔ་ཁྲི་ཙམ་ཤོང་བ་རེད།