སྦྱིན་པ་ཚོགས་པ།

ཡོང་ཁུངས་Wikipedia

ཡུལ་ཤུལ་ཁུལ་སྦྱིན་པ་ཚོགས་པ་ནི་ཁེ་གཉེར་མིན་པའི་དགེ་ལས་སྤྱི་ཚོགས་ཚོགས་པ་ཞིག་ཡིན། ཚོགས་པ་འདི་ནི་འདན་མ་བཀྲ་ཤིས་ཚེ་རིང་གིས་ཕྱི་ལོ་1996ལོར་དབུ་ཚུགས་ཤིང་། 2002ལོ་ཟླ་དགུ་པར་སྲིད་གཞུང་གིས་ཁྲིམས་མཐུན་ཚོགས་པར་ཆོག་མཆན་གནང་། དེབ་སྐྱེལ་སྡེ་ཁག་ནི་ཁུལ་དམངས་སྲིད་ལས་ཁུངས་དང་། ལས་དོན་གཙོ་གཉེར་སྡེ་ཁག་ནི་ཁུལ་འཕྲོད་བསྟེན་ལས་ཁུངས་ཡིན། ཞབས་ཏོག་སྒྲུབ་ཡུལ་མི་གྲངས་ཐེངས་རོགས་སྐྱོར་བྱེད་ཡུལ་ནི་སྡེ་ཁག་དང་སྤྱི་ལ་ཡིན་པ་ལས་མི་སྒེར་ལ་མིན།
སྦྱིན་པའི་རྩར་འཛིན།
དམངས་ཁྲོད་རྩ་འཛུགས་ཀྱི་དགེ་མཚན་འབུར་དུ་མངོན་པ་བྱས་ནས་ཡུལ་ཤུལ་ཁུལ་ས་ཁུག་ལུང་ཀྱོག་གི་གཞི་རིམ་མང་ཚོགས་ལ་ཕན་ཐོག་ཡོད་པའི་དགེ་ལས་དོན་དུ་གཉེར་བ་དང་། སྤྱི་ཚོགས་ཚོགས་པ་གཞན་དང་མཉམ་འབྲེལ་བྱས་ནས་ཡུལ་ཤུལ་གྱི་སྤྱི་ཚོགས་འཛུགས་སྐྲུན་ལ་ཞབས་ཞུ་བྱེད་པ་དེའོ།། སྦྱིན་པའི་ངོ་བོ།
ཆབ་སྲིད་དང་ཆོས་ལུགས་གང་ལ་ཡང་མངའ་གཏོགས་ཀྱི་འབྲེལ་བ་མེད་ལ། མི་སྒེར་གྱི་སྙན་གྲགས་ལ་ཐེ་གཏོགས་མེད། ཡིན་ན་ཡང་སྦྱིན་པས་ཁྲིམས་སྲིད་ལ་བརྩི་སྲུང་དང་། ཆོས་ལུགས་ལ་གུས་བཀུར། སྲོལ་རྒྱུན་ལ་དང་ལེན། སྐྱེ་ཁམས་ལ་སྲོང་སྐྱོང་བྱེད་པ་ཡིན། སྦྱིན་པའི་ཁྱད་ཆོས།
སྦྱིན་པའི་ལས་ཀ་ཕྲ་རགས་ཡོངས་ལ་ཚང་དགོས་པའི་ཆ་ཁྱད་ཆོས་བཞི་ལྡན་ཡོད་པ་ནི། ཁྲིམས་དང་མཐུན་ལ་སྲིད་གཞུང་གིས་རྒྱབ་སྐྱོར་ལྡན་པ་དང་། ཚོགས་པའི་ལས་རིགས་ལ་དགའ་ཞེན་ཡོད་པའི་སྦྱིན་པའི་ཚོགས་མི་ལ་ཧུར་བརྩོན་ལྡན་པ། ཕན་ཡུལ་མི་དམངས་ཀྱིས་མཉམ་ཞུགས་ལྡན་པས་ཁུག་ལུང་ཀྱོག་ཏུ་ཕན་ནུས་རྒྱུན་བསྲེང་ལྡན་པའི་ལས་ཚན་སྒྲུབ་པའོ།། སྦྱིན་པའི་ལས་ཚན།
སྨན་པ་བཅོས་འཕྲོད་བསྟེན། མ་བུ་བདེ་སྲུང་ཤེས་བྱ་གསབ་སྦྱོང་། བདེ་ཐང་སློབ་གསོ། སྡེ་གླིང་ཞབས་ཞུ་དང་ཁོར་ཡུག་གཙང་སྦྲ། དབུལ་སྐྱོར་གནོད་སྐྱོབ། སྦྱིན་པའི་དགོས་པ།
སྐྱེ་ཁམས་དང་མཐུན་པའི་རྒྱུན་སྲིང་ལས་གཞི་སྒྲུབ་པ་བརྒྱུད་ཕྱོགས་ཡོངས་ནས་སྡེ་ཁུལ་འཕེལ་རྒྱལ་སྐུལ་འདེད་བྱེད་པ། སྦྱིན་པའི་འདུན་མ།
གཞི་རིམ་ཞིང་འབྲོག་དམངས་ཀྱི་འཚོ་ཐབས་དང་ཚེ་སྲོག་སྤུས་ཚད་མཐོར་འདེགས་དང་དབུལ་ཕོངས་ཇེ་ཉུང་གཏོང་བ། སྦྱིན་པའི་རྩ་བའི་རིན་ཐང་།
འཕྲོད་བསྟེན་ཁམས་སྲུང་མ་གཞུང་བྱས་ཕོ་མོ་འདྲ་མཉམ་སྐུལ་འདེད། གྲོས་བསྡུར་དང་། སློབ་གསོ། མཉམ་ཞུགས་བྱེད་པ་བརྒྱུད་ཚེ་སྲོག་དང་། འཚོ་ཐབས། སྐྱེ་ཁམས་ཏེ་ཕྱོཊ་ཡོངས་ནས་རྒྱུན་སྲིང་འཕེལ་རྒྱས་ཡོང་བའི་དམིགས་འབེན་འགྲུབ་པ། སྦྱིན་པའི་རྩིས་གཉེར།
རྩིས་གཉེར་ལས་དོན་གནད་དུ་བཟུང་ནས་ནོར་དོན་སྒྲིག་གཞི་འཐུས་ཚང་གཏོང་བ། ༢༠༠༦ལོ་ནང་བཟུང་ལོ་བཞིན་ཞིང་ཆེན་དམངས་སྲིད་སྡེ་ཁག་གིས་གཏན་པའི་རྩིས་གཉེར་ཁང་ནས་རྩིས་གཉེར་ཞིབ་བཤེར་ལས་དོན་ལེགས་འགྲུབ་བྱུང་ཡོད། སྦྱིན་པའི་ལས་ཚན་དོ་དམ་དང་རྒྱུན་སྲིང་།
སྦྱིན་པའི་ལས་ཚན་གང་ཡིན་ནའང་ཕན་ཡུལ་མང་ཚོགས་ཀྱིས་རང་མོས་ལྟར་སྒྲུབ་པ་ཡིན། རྒྱལ་ཁབ་གྱི་ལོ་ལྔ་རེའི་ཇུས་ཆེན་ནང་དུ་ཡོད་མེད་ལ་བསྟུན་པ་དང་། ཞིབ་གཅོད་བྱས་ནས་ལས་ཚན་དེ་སྲིད་གཞུང་གིས་ལོ་༦ཚུན་གྱི་འཆར་གཞི་ནང་དུ་ཡོད་ན། ང་ཚོས་དོ་ཁུར་མི་བྱེད། དེ་མིན་དགོས་པ་ཡོད་པའི་ལས་ཚན་ཡོད་ན། ས་གནས་སྲིད་གཞུང་གི་འགོ་ཁྲིད་དང་། ཕན་ཡུལ་མང་ཚོགས། སྦྱིན་པ་ཚོགས་པ་མཉམ་ཞུགས་བྱས་ནས་ལས་ཚན་འགོ་ཁྲིད་དང་དོ་དམ་ཚན་ཆུང་༼བུད་མེད་རྒྱ་ཆ་༤༠ཡན་ཟིན་དགོས་༽འཛུགས་པ་དང་། ལས་ཚན་རེ་རེར་བལྟ་སྐུལ་ལེགས་པོ་དང་། རྗེས་མཐུད་དོ་དམ་གསོ་སྐྱོང་ལེགས་པོ་ཡོང་བ་བྱས་ནས་རྒྱུན་སྲིང་རང་བཞིན་ལྡན་པར་འགན་སྲུང་བྱེད་པ་ཡིན། ལས་ཚན་ཚང་མར་ཕན་ཐོག་ལྡན་པར་ལེགས་གྲུབ་བྱུང་རྗེས་བེད་སྤྱོད་དང་བདག་དབང་ཕན་ཡུལ་མང་ཚོགས་ལ་ཡོད། སྦྱིན་པས་ལོ་༥ཡི་རིང་དཔྱད་ཞིབ་དང་བལྟ་སྐུལ། གནས་ཚུལ་རྒྱུས་ལོན་བྱེད་པ་ཡིན། སྦྱིན་པའི་ལས་བཟོ་བ།
སྦྱིན་པའི་ལས་བཟོ་བ་མང་ཕལ་ཆེར་ཡུལ་ཤུལ་གཞི་རིམ་ནས་ཡོང་བ་ཡིན་པ་དང་། བོད་རྒྱ་དབྱིན་ཡིག་གསུམ་ཤེས་པའི་གཞོན་ནུ་ཡང་ཡོད། ཁོང་རྣམས་ས་གནས་རང་གི་གནས་ཚུལ་དང་དཀའ་ངལ། མཁོ་དགོས་བཅས་ལ་རྒྱུས་མངའ་ཆེ་ལ། སྤྱི་ཚོགས་ཚོགས་པའི་ལས་ཀར་མོས་པ། ཉམས་མྱོང་། བརྩོན་པ་ལྡན་པ་ཤ་སྟག་ཡིན། སྦྱིན་པའི་མ་དངུལ་ཡོང་ཁུངས།
གཞུང་ཚབ་ཁང་ཁག་དང་། ཁྲིམས་མཐུན་གྱི་རྒྱལ་ཕྱི་ནང་གི་དགེ་ཕན་རྩ་འཛུགས་ཡིན་ལ། མ་འོང་བར་རིམ་བཞིན་རྒྱལ་ནང་དུ་ཁ་ཕྱོགས་པའི་འཆར་གཞི་ཡོད། མ་དངུལ་ཡོང་ཁུངས་ལ་བརྟག་ཞིབ་ནན་ཏན་བྱས་ནས། ཆབ་སྲིད་དང་ཆོས་ལུགས། དེ་བཞིན་གཞན་པའི་དམིགས་ཡུལ་ལྡན་པའི་ལས་ཚན་མ་དངུལ་དགོངས་དག་ཞུས་ནས་མི་ལེན་པའོ།། སྦྱིན་པའི་ལས་ཀའི་ཁྱབ་ཁོངས།
སྨན་བཅོས་འཕྲོད་བསྟེན་དང་། མ་བུ་བདེ་སྲུང་ཤེས་བྱ་གསབ་སྦྱོང་། བདེ་ཐང་སློབ་གསོ། ཉམས་ཆུང་མི་དམངས་ལ་འཚོ་ཐབས་རོགས་སྐྱོར་བྱེད་པ་དེ་ཡིན།