སྤྲུལ་པ་
ཐ་སྙད། | སྤྲུལ་པ། |
---|---|
འབྱུང་ཁུངས། | 《བོད་ཀྱི་ཆོ་འཕྲུལ།》 |
སྒྲ་བཤད། | འདུ་ཤེས་གཟུགས་སུ་བསྒྱུར་བ |
འདྲ་ཚིག | སྤྲུལ་སྐུ |
སྤྲུལ་པ་(ལེགས་སྦྱར་སྐད་དུ་ निर्मित ། དབྱིན་སྐད་དུ་ tulpa ། རྒྱ་སྐད་དུ་ 幻人 །)ནི་རང་སྣང་འདུ་ཤེས་ཀྱི་བློ་ལ་བརྟེན་ནས་ཕུང་བོ་གསར་བ་ཞིག་སྐྲུན་པའི་གསང་སྔགས་ཀྱི་ཉམས་ལེན་ཞིག་ལ་ཟེར།སྤྲུལ་པ་ལ་ཚིག་ངོས་ནས་འགྲེལ་ན་འགྱུར་བ་དང་འཁྲུལ་སྣང་གི་ངེས་ཚིག་ཀྱང་ལྡན། ཐ་སྙད་དི་དང་འདྲ་བ་གཞན་ཞིག་ནི་སྤྲུལ་སྐུ་སྟེ། སངས་རྒྱས་ཀྱི་སྐུའི་རྣམ་པར་འཕྲུལ་བ།
1.རྒྱ་གར་གྱི་ནང་ཆོས།
[རྩོམ་སྒྲིག]སྤྲུལ་སྐུ་ནི་གནའ་བོ་རྒྱ་གར་གྱི་ཆོས་ལུགས་རིག་གནས་ཁྲོད་ཀྱི་ཐ་སྙད་གལ་ཆེན་ཞིག་ཡིན།ཐོག་མར་བྲམ་ཟེ་ཆོས་ལུགས་ཀྱི་ནང་དོན་གཙོ་བོ་ཞིག་ཡིན།རྗེས་སུ་ནང་ཆོས་ཀྱི་བཀོལ་སྤྱོད་བྱས་ཏེ་རྒྱ་ཆེར་ཁྱབ་པར་བྱས།
2.བོད་བརྒྱུད་ནང་ཆོས།
[རྩོམ་སྒྲིག]སྤྲུལ་སྐུ་ལམ་ལུགས།
3.ཨི་ལི་སན་ཊར་ ཏེའེ་ཝེ་ ནིར།
[རྩོམ་སྒྲིག]སྤྲུལ་པ་ཞེས་པའི་ལག་ལེན་དི་ཐོག་མར་མི་རྣམས་ལ་ཤེས་སུ་འཇུག་མཁན་ནི་ཧྥ་རན་སི་སྐྱེས་མ་བོད་རིག་པ་བ་ཨི་ལི་སན་ཊར་ ཏེེའེ་ཝེ ནིར་ཡིན། མོ་ནི་ཧྥ་རན་སིའི་རྒྱལ་ས་ཕེ་རོ་ནས་འཁྲུངས་ཤིང་།རྒྱ་གར།དང་སིངྒ་ལ་སོགས་ནས་ལེགས་སྦྱར་སྐད་ལ་སྦྱངས་བརྩོན་བྱས།1911ལོར་རྒྱ་གར་དུ་བྲོས་བྱོལ་ལ་ཕེབས་པའི་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་དང་མཇལ་འཕྲད་གནང་། དེ་ནས་བཟུང་། མོའི་ཞིབ་འཇུག་གི་ཁ་ཕྱོགས་བོད་བརྒྱུད་ནང་བསྟན་དུ་བསྒྱུར་ཏེ། བོད་ཀྱི་སྐད་དང་ཡི་གེ་ལ་སྦྱངས་བ་བྱེད་འགོ་བཙུགས།1921ལོར་མོས་འབྲས་ལྗོངས་ནས་བླ་མ་ཡོན་ཏན་ཟེར་བ་ཞིག་བུ་གཡར་་ལ་བླངས་་ཤིང་། དེའི་རོགས་རམ་ལ་བརྟེན་ནས་མོ་རང་བོད་ཡུལ་དུ་སྐྱོད་ཐུབ་བྱུང་། བོད་ཡུལ་དུ་སོང་བའི་ལོ་རྒྱུས་རྣམས་མོས་བརྩམས་གནང་མཛད་པའི་《ཕ་རི་བུད་མེད་ཅིག་གིས་བོད་བསྐྱོད་ལམ་ཡིག》ཞེས་པར་ཞིབ་རྒྱས་སུ་ཡོད།
མོ་རང་བོད་ཡུལ་དུ་བཞུགས་པའི་སྐབས་ཐོག་ཏུ།སྔགས་པ་མང་པོ་དྲུངས་ནས་སྤྲུལ་པའི་ཉམས་ལེན་བླངས་པ་དང་། མོས་ཉམས་ལེན་དེར་བརྟེན་ནས་གཟུགས་བྱད་དང་།དབང་བོ་ལྔ་ལ་སོགས་པ་ཐམས་ཅད་རང་འདོད་ལྟར་བཟོས་པའི་སྤྲུལ་པ་ཞིག་སྐྲུན་པ། སྤྲུལ་པ་དེ་ནི་མོའི་གྲིབ་མ་ནང་་བཞིན་དང་ཐོག་ཚོད་འཛིན་བྱེད་ཐུབ་ལ། ཡུན་རིང་འགོར་རྗེས། སྤྲུལ་པ་དེ་ལ་མིའི་འདུ་ཤེས་ལྡན་ཏེ་ཚོད་འཛིན་དང་བྲལ་བ་ལྟ་བུར་གྱུར། དེ་མཚུང་ས་སུ་སྤྲུལ་པ་དེ་ཡིས་གཟུགས་བྱད་ཇེ་བཙོག་དང་། བསམ་པ་ཇེ་ངན་དུ་སོང་། རྒྱུ་མཚན་དེར་བརྟེན། མོས་སྔགས་པ་མང་པོ་དང་མཉམ་འབྲེལ་གྱི་སྤྲུལ་པ་དེ་མེད་པར་བྱས། མོས་སྤྲུལ་པ་སྐྲུན་པའི་ལོ་རྒྱས་རྣམས་《བོད་ཀྱི་ཆོ་འཕྲུལ》ཞེས་པ་གསལ།
4.ཕྱི་རྒྱལ་གྱི་སྤྲུལ་པའི་རིག་གནས།
[རྩོམ་སྒྲིག]ཕྱི་རྒྱལ་དུ་སྤྲུལ་པ་དང་འབྲེལ་བའི་ཚོགས་པ་མང་པོ་ཡོད།