སྟག་རི་གཉན་གཟིགས།
སྟག་རི་གཉན་གཟིགས་ནི་བོད་ཀྱི་བཙན་པོ་ཞག་རེད།
བོད་རྒྱལ་སོ་གཅིག་པ་སྟག་རི་གཉན་གཟིགས་ནི་བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་བཙན་པོའམ་རྒྱལ་པོ་ཞིག་སྟེ། དམུས་ལོང་དཀོན་པ་བཀྲ་ཤིས་ཞེས་བྱ་བ་དེ་ཡིན། ཁོང་ནི་འབངས་ལ་བློ་སེམས་དཀར་བའི་མི་ཞིག་ཡིན་སྟབས་མཐའ་འཁོར་གྱི་རྒྱལ་ཕྲན་ཁག་ཅིག་གི་མི་མང་པོ་ཞིག་ཁོའི་གཡོག་ཏུ་འགྲོ་འདོད་པའི་འདུན་པ་སྐྱེས་པ་རེད། འདིར་དེའི་སྐོར་གྱི་གཏམ་རྒྱུད་རེ་རེ་བཞིན་བཀོད་ཡོད་དོ།
མ་ཡིག
[རྩོམ་སྒྲིག]མཁར་པྱྀང་བ་སྟག་རྩེ་ན་ནྀ་རྒྱལ་སྟག་བུ་སྙུ་གཟྀགས་བཞུགས། །ཉེན་ཀར་རྙིང་པ་ནྀ་ཟིང་པོ་རྗེ་སྟག་སྐྱ་སོ་མཆིས། ། སྔུར་བའྀ་ཡུ་སྣ་ན་ནི། །ཟྀང་པོ་རྗེ་ཁྲི་པངས་སུམ་མཆིས། །འུང་ནས་ཟྀང་པོ་རྗེ་སྟག་སྐྱ་བོ་ལྟ་ཞིག ། ཇྀ་ལ་ཡང་ལོག་པ་གཤྀན་པྱོགས་ཤེ་དག་1བྱེད་དེ། ། ཉེས་པ་ནྀ་ལེགས་པར་བཅུག ། ལེགས་པ་ནི་ཉེས་པར་བཅུག་གོ ། འཛངས་པ་སྙྀང་ཉེ་བ། །ལེགས་པ་འི་སྲིད་བྱས་བློ་བསྟན་པ་ནྀ་མྱི་ཉན།། མྱྀ་གཅམ་བུ་གསགྀ་ངོ་ཟ་རི་བྱེད་པ་2འྀ་ཚིག་ནི། ། ཆེད་དུ་ཡང་ཉན་ཏོ། ། མྱྀ་འདྀ་ལྟེ་བུའི་3ཡུས་བྱུང་ངོ་4། །མྱྀ་འཛངས་པ་དྲང་མཁྲང་5བྱེད་པ་དང་། དཔའ་བོ་ཆུ་གང་6བྱེད་པ་ལ་སྡང་སྟེ། ། རྀ་མོ་བསྐྱུངས་7། ། མ་འོས་པ་འྀ་ཆད་པ་ནྀ་ནན་ཆེ་འོ། ། མྱི་མཁོའ་བ་འྀ་ལས་ཀྱི་སྣ་གྲངས་ནྀ་མངས་སོ། །འུང་ལྟར་8ཟྀང་པོ་རྗེ་སྟག་སྐྱ་བོ། ། ཆོས་ལོག་ཆིང་སྲྀད་གྱུར་པས། ། རྗོ་བོ་ཉེས་དགུའ་བྱེད་པའ། ། མྱྀ་ཆིག་གིས། ། མཐོང་ཡང་། ། ཉེ་པ་འྀ་བློ་གདབ་དུ་མ་འོས་པ་འྀ་ཆད་པ་ནན་ཆེས། །ཚིག་དྲག་གྀས། །ཇི་ག་སུས་ཀྱང་བློ་གདབ་མ་ཕོད་དོ། །རྗོ་བོ་ནྀ་བླ་ན་གཐུམ་མོ། །ཁོལ་པོ་ནྀ་འོག་ན་སྐྲག་གོ། རྗོ་བོ་ནི་བླ་ན་སྨྱོ། །ཁོལ་པོ་ནི་འོག་ན་གྲམ་མོ། །གཆྀག་ལ་གཆིག་སྙིང་མྱྀ་བརྟན་ཏེ། །ཐ་དད་དུ་སེམས་སོ། །ཇོ་བོ་ཟིང་པོ་རྗེ་ངན་ཞན་ཏེ། ། ཇྀ་ལ་ཡང་ལོག་པ་གཤྀན་པྱོགས་ཉེས་དགུར་བྱེད་པས། །ཡུལ་གྱི་སྲིད་ཀྱང་དམའས་སོ། ། མྱྀ་ཡོངས་ཀྱང་རྗོ་བོ་ལ་འཁང་ངོ་། ། འུང་ནས་ཟིང་པོ་རྗེ་སྟག་སྐྱ་པོ་འི་བློན་པོ། ། མཉན་འཛྀ་ཟུང་ནག་པོས། །རྗོ་བོ་ལ་གསོལ་པཱ། །རྗོ་བོ་ཇི་ལ་ཡང་ལོག་པ་གཤྀན་པྱོགས་མཛད་པས། །སྐོལ་ཀྱྀ་9སྲིད་ནྀ་སྲིད་དུ་མ་རུང་།ཆོས་ནྀ་ཆོས་སུ་མ་རུང་སྟེ།ཡུལ་གྱི་མྱི་དབུལ། ཉམས(ཁམས)ཀྱྀ་སྲིད་དམའ་སྟེ། ན་མོ་10བརླག་ཟིན་ན་ཇྀ་ནོངས་ཤེས་གསོལ་ནས། འུང་ནས། ཟྀང་པོ་རྗེ་སྟག་སྐྱ་བོ་ཉན་དུ་མ་རུང་སྟེ། ། འདྀ་སྐད་ཟེར་བ་ཉེས་སོ་ཞེས། ། འཛྀ་ཟུང་བློན་པོ་ལས་པྱུང་ངོ་།འུང་ནས་འཛྀ་ཟུང་མ་རངས་སྟེ། །ཟྀང་པོ་རྗེ་ཁྲྀ་པང་སུམ་ལ་ལྟས་ནས། །ནག་པོ་འཁུས་ཏེ། ། སྐྱ་བོ་བསད། དྲེ་འུ་རྒལ་ཏེ་བསེའ་སྒ་བཆག་གོ ། སྟག་སྐྱ་པོ་འི་ཡུལ། ཡུལ་ཡེལ་རབ་སྡེ་བཞི་དྔ་ཀླུམ་ཡ་གསུམ། །ཟྀང་པོ་རྗེ་ཁྲྀ་པང་སུམ་གྱྀས། འདུས་སོའ། །དེ་འྀ་དཀུའ་འགེལ་11དུ་མཁར་སྔུར་བས་བཆད་དེ།ཀླུམ་ཡ་སུམ་གྱི་སྨད། ། མཉན་འཛྀ་ཟུང་གི་བྲན་དུ་དངར་ཏོ་12། །བྲན་གྱི་ས་རྀས་ཀྱི་ནང་དུ། །མྱང་ནམ་ཏོ་རེ་ཁྲུ་གྲུ་དང་། སྨོན་ཏོ་ཏ་རེ་ཚེང་སྐུ་སྤད་ཀྱང་། ། འཛྀ་ཟུང་གྀ་བྲན་དུ་བཆད་དོ། ། འུང་ནས། ། འཛྀ། ། ཟུང་གི་ཆུང་མ་པ་ཙབ་ཟས། ། མྱང་བྲན་བྱེད་པ་ལ། ། དྲེགས་བཀུར་ཏེ། ། སྡྀག་བསྣོལ13སྟུ་བསྟན་ནས།མྱང་ཙེང་སྐུ་མ་རངས་ཏེ། ། ཟྀང་པོ་རྗེ་ཁྲི་པང་སུམ་ལ། ། མཉན་གྱྀ་བྲན་བྱེད་མྱི་ཕོད་ཆེས་འཁངས་སྟེ་གསོལ་ཏོ། ། ཟྀང་པོ་རྗེ་ན་རེ། མཉན་འཛྀ་ཟུང་ལས་ང་ལ་སྙིང་ཉེ་མྱེད་པ་འྀ་བྲན་དུ། ། ཁྱོན་འདའ་མ་རན་པ་14་མྱེད་དོ། ། རྗོ་མོས་སྡིག་བསྣོལ་སྟུ་བསྟན་པ་བས། ། ཁར་གླན་ཡང་རྗོ་མོ་དབང་གིས། ། ཉེས་པ་མྱེད་དོ་ཞེས་བསྒོསྟེ། གསོལ་བ་མ་གནང་ངོ་། ། འུང་གྀ་ཚྀག་དེས་ཙེང་སྐུ་ཤིན་དུ་མ་རངས་སྟེ་ཡི་ཆད་དོའ། ། འུང་གྀ་རྗེས་ལ། ། ཟྀང་པོ་རྗེ་འི་མངན་15་དབའས་བཤོས་ཏོ་རེ་ཁྲུ་གུ་དང་། ། གཤེན་ཁྲི་བཞེར་འདོན་ཀོང་གཉིས། འཕེན་པ་འྀ་རྫིང་ཀར་འཐབས་ནས། ། གཤེན་ཀྱིས་དབས་བསད་དོ། ། དབའས་ཀྱྀ་ཕོ་བོ་ཕངས་ཏོ་རེ་དབྱི་ཚབ་ཀྱིས་ཟྀང་པོ་རྗེ་ལ། ནུ་བོ་གཤེན་ཀྱིས་བསད་པ་འྀ་སྟོང་ཇི་གནང་ཞེས་གསོལ་ནས། ཟྀང་པོ་རྗེས། ། གཤེན་ཁྲི་བཞེར་ཁོལ་ཚབ་ནང་བློན་བྱེད་པ་འྀ་ངོ་མ་ཆོད་སྟེ། །དགེ་བས་མྱི་དགེ་བ་བསད་ན། བསད་དུ་ཟད་དོ་ཞེས་བསྒོ་འོ། །འུང་གྀ་ཚིག་དེས། །དབྱྀ་ཚབ་ཤིན་དུ་མ་རངས་སྟེ་ཡི་ཆད་དོ། ། འུང་ནས་མྱང་དབའས་གཉི་གྭ་ཡི་ཆད་དེ། ། འགྲོགྶ་སྟེ་དོང་ངོ། ། དབྱྀ་ཚབ་ནི་སྔ། ཙེང་སྐུ་ནྀ་འཔྱི་སྟེ། ཁྱིམ་དུ་དོང་ངོ་། ཙེང་སྐུ་གཆིག་པུ་པྱི་ན་ཚུར་སྨྲ་སྟེ། ཆབ་ཆབ་ནི་ཕ་རོལ་ན། །ཡར་ཆབ་ནྀ་ཕ་རོལ་ན། །མྱྀ་འི་ནི་མྱྀ་བུ་སྟེ། ། ལྷ་འི་ནི་སྲས་པོ་བཞུགས། །རྗེ་བདེན་ནི་བཀོལ་དུ་དགའ། ། སྒ་བདེན་གྱིས་ནྀ་བསྟད་ན་དགའ། །ཞེས་སྙིང་ལ་སེམས་པ་ཁར་ཏོར་ཆེས་བྱུང་ནས། །དབྱི་ཚབ་སྡུན་ན་འགྲོ་བ་འྀ་རྣ་བར་ལྷངས་ཤེས་ཐོས་སྟེ། །དབྱི་ཚབ་ཀྱིས་ཚྀག་དེ་ཏོག་ཅེས་བླངས་ནས། ། ཙེང་སྐུ་ཀྱོང་ཟེར་བ་ལས་བདེན་པ་མྱེད་དོ། ། ཁོ་བོ་ཡང་འདི་ལས་མ་རངས་པ་མྱེད་ཀྱིས། ། ཁྱོད་སེམས་པ་དང་མྱི་འདྲའ་རེ་ཞེས་མནའ་བོར་རོ། ། འུང་ནས། མྱང་དབའས་གཉྀས་ཟྀང་བོ་རྗེ་ལས་འཁུས་ཏེ། །བཙན་པོ་སྤུ་རྒྱལ་ལ་གློ་བ་ཉེ་བར་བྱས་ནས། མནའ་མཐོའ་ཡང་ཆེར་བཆད་དོ། ། འུང་གྀ་འོག་ཏུ་དབའས་དབྱི་ཚབ་ཀྱིས། །ཞང་པོ་མནོན་བཟང་ཏོ་རེ་སྲོན། །བློ་ལ་བཏགས་ཏེ། ། མནའ་མཐོ་བཆད་པ་ལས། །བཟང་ཏོ་རེ་ཤི་ནས། བུ་པང་སུམ་འདྲོན་པོ། །ཟྀང་པོ་རྗེ་འི་ནང་གོར་16བྱེད་པ་ལ་བཏགསྟེ་མནའ་མཐོའ་བཆད་དོ། ། མྱང་སྨོན་ཏོ་རེས་ཚེས་པོང་ནག་སེང་བློ་ལ་བཏགས་ཏེ། །མནའ་མཐོ་བཆད་དོ། །འུང་ནས་མྱང་དབའས་མནོན་དབ་གསུཾ་གྱིས་ཚེས་པོང་ནག་སེང་ལས་བྲིན་གྱྀས། །སྤུ་རྒྱལ་སྟག་བུ་འྀ་སྙན་དུ་བོན17ནས། ། བཙན་པོ་འི་ཞལ་ནས། ང་འི་སྲིང་མོ་ཞིག་ཀྱང་། ཟྀང་པོ་རྗེ་འི་ག་ན་འདུག་མོད་ཀྱི། ། ཁྱེད་ཟེར་བ་བཞིན་བྱ་འོ་ཞེས་བཀའ་སྩལ་ནས། །མྱང་དབའས་མནོན་དང་གསུམ། །བྲོ་ལེན་ཆིང་མཁར་པྱིང་བར་མཆྀས་ནས། །ཉིན་ཞིང་ནྀ་ཕག་ཚལ་གྱི་ཤིང་ཁུང་ན་སྐུགསོ། ། མཚན་ཞིང་ནྀ་པྱིང་བར་མཆྀསྟེ། ། དབུ་སྙུང་བྲོ་མནའ་གཅོད་པ་འི་ཚེ། ། ཡར་མྱྀ་འབངས་ཀྱིས་དཔྱད་པའ། ། མྱྀ་བཟངས་ནྀ་རྟ་བཟངས་ཤིག ། ཉྀན་ཞིང་ནྀ་ཕག་ཚལ་ན། ། མཚན་ཞིང་ནྀ་པྱིང་བར་མཆིའ། ། དགྲའ་འམ་ནྀ་ཟིན་ཅི་འུ། །ཞེས་དཔྱད་དོ། ། འུང་གྀ་རྗེས་ལ། ཟྀང་པོ་རྗེ་ལ་དྲ་མ་མ་དྲངས་པ་རྒྱལ་སྟག་བུ་དགུང་དུ་གཤེགསོ། གདོད་མརྒྱལ་སྟག་བུ་སྙན་དུ་ནྀ། པྲིན་ཚེས་པོང་ནག་སེང་གིས་བགྱིས་སོ། ། དེ་ཚུན་ཆད་ནྀ་ཚེས་པོང་ནག་སེང་གི་བྲན། །སྤུག་གྱིམ་ཏང་རྨང་བུས་བགྱིས་སོ། །སྤུང་གྱིམ་ཏང་རྨང་བུ་བློ་ལ་བཏགས་ན། གཉྀད་ལོག་པ་ན་བརྡོལ་གྱིས་དོགས་ནས། ། ཁྱོ་མོ་དང་མྱྀ་ཉལ་བར་རི་ལ་ཉལ་ཞིང་། ནུབ་རེ་མལ་རེ་འཕོའ་འོ། ཁྱོ་མོ་ལ་ཡང་ང་ལ་མཚར་གྱི་ཡྀ་དགས་ཤིག་བབ་ཀྱིས། གསང་ཐུབ་པར་གྱི་ཤིག་ཆེས་བཏམསོ། །འུང་ནས་ཇྀ་ཞིག་བྱེད་བྱེད་ནས། །ཁྱོ་མོ་དང་གཉྀས་ཀ་འཐབསོ། །འུང་ནས་ཁྱོ་མོ་ན་རེ། །ཁྱོད་ལྟོ་བོ་ཆེ་ལ། ཡྀ་དགས་མ་བབ་ཀི ། ལྟོ་སྦྱོར་དུ་ངེས་སོ་ཞེས་བྱས་སོ། ། འུང་ནས་དེ་འི་ནུབ་མོ་ནས་མོད་ལས་ངོ་བྱས་སྟེ། མཛའ་ནས། ནུབ་གཉིས་སུམ་ལྷན་ཆིག་ཉལ་བ་ལྟར་བྱས་སྟེ། །ཁྱོ་མོ་འི་ལྕེ་སོས་བཏབསྟེ། དམུར་དམུར་ཏེ་བཆད་ནས། །ཁྱོ་མོ་ཡང་ཤི་འོ། །འུང་གི་འོག་དུ་ཟིང་པོ་རྗེ་ལ་མ་དྲངས་པར། །གྱིམ་ཏང་རྨང་བུ་ནད་ཀྱིས་བཏབ་སྟེ་རབས་ཆད་དེ་ཤི་འོ། །
དཀའ་འགྲེལ།
[རྩོམ་སྒྲིག]1.ཤེ་དག ཤ་དག་གམ་ཤ་སྟག་ཅེས་པའི་དོན། 2.མྱྀ་གཅམ་བུ་གསགྀ་ངོ་ཟ་རི་བྱེད་པ། མི་རྫུན་གཏམ་ཤོད་མཁན་གྱི་ངོ་བསྟོད་བྱེད་པ་ཞེས་པའི་དོན། 3.ལྟེ་བུ། ལྟ་བུ་ཞེས་པའི་དོན། 4.ཡུས་བྱུང་ངོ་། བདེན་ཡོད་པར་གྱུར་པའམ་ངོ་སོ་ཆེ་བའི་དོན། 5.དྲང་མཁྲང་། གཞུང་དྲང་བ་དང་འགྱུར་ལྡོག་མེད་པའི་དོན། 6.ཆུ་གང་། ལེགས་པའི་བྱ་བའམ་སྙིང་སྟོབས་ཀྱི་དོན། 7.རྀ་མོ་བསྐྱུངས། གུས་པའམ་བཀུར་བ་མི་བྱེད་པ་དང་། ཆུང་ངུའམ་ཉུང་ངུར་བཏང་བའི་དོན། 8.འུང་ལྟར། འདི་ལྟར་ནམ་དེ་ལྟར་ཞེས་པའི་དོན། 9.སྐོལ་གྱྀ། འོ་སྐོལ་གྱི་སྟེ་ངེད་ཅག་གམ་ང་ཚོའི་ཞེས་པའི་དོན། 10.ན་མོ། ནམ་ཞིག་ཅེས་པའི་དོན་ཡིན་པ་འདྲ། 11.དཀུའ་འགེལ། བྱ་དགའ་དང་དགའ་རྟགས་ཀྱི་དོན་དང་མཚུངས་པ་འདྲ། 12.དངར་ཏོ། བྱིན་ཏོའམ་སྤྲད་དོ་ཞེས་པ་དང་དོན་མཚུངས་པ་འདྲ། 13.དྲེགས་བཀུར་ཏེ། སྡྀག་བསྣོལ། བཙན་ཆེ་སྟེ་སྡིག་རྩུབ་བྱེད་པའམ། ང་རྒྱལ་ཆེ་དྲེགས་ཏེ་བརྙས་པའི་དོན། 14.ཁྱོན་འདའ་མ་རན་པ། ཁྱོད་འདྲ་མ་རན་པ་ཞེས་པའི་དོན། 15.མངན། རྔན་ཏེ་ནོར་གྱི་དོན། འདིར་མངན་དཔོན་ཏེ་ཁྲལ་དཔོན་ལྟ་བུའི་གོ་གནས་ལའོ། ། 16.ནང་ཀོར། ནང་འཁོར་ཞེས་པའི་དོན། 17.སྙན་དུ་བོན། སྙན་དུ་གསོལ་ཞེས་པའི་དོན། 18.དྲ་མ། དམག་དཔུང་གི་དོན།
ནང་དོན་མདོར་བསྟན་པ།
[རྩོམ་སྒྲིག]བཙན་པོ་འདི་པའི་ཡབ་འབྲོ་གཉན་ལྡེའུ་དང་ཡུམ་མཆིམས་བཟའ་ཀླུ་རྒྱལ་ངན་བུ་མཚོ་གཉིས་ཀླུ་ནད་དམ་མཛེ་ནད་ཀྱིས་ཐེབས་པས་གསོན་དུར་དུ་སྦས་ཤིང་། སྲས་ཁོང་ཡང་དམུས་ལོང་ཞིག་ཡིན་པར་ཡབ་འདའ་པའི་ཞལ་ཆེམས་ལྟར་འ་ཞའི་ཡུལ་ནས་སྨན་པ་བོས་ཏེ་མིག་ཕྱེ་བ་དང་། སྐྱིད་ཤོད་སྟག་མོ་རི་ན་རི་དྭགས་གཉན་ཡོད་པ་མཐོང་བས་མཚན་ཡང་སྟག་རི་གཉན་གཟིགས་ཐོགས་སྐད། གོང་གསལ་སློབ་ཚན་ལས། “འུང་ནས་མྱང་དབའས་མནོན་དང་གསུམ་གྱིས་ཚེས་པོང་ནག་སེང་ལས་པྲིན་གྱྀས། །སྤུ་རྒྱལ་སྟག་བུ་འྀ་སྙན་དུ་བོན་ནས། །”ཞེས་པ་དང་།“གདོད་མ་རྒྱལ་སྟག་བུ་འི་སྙན་དུ་ནྀ། པྲིན་ཚེས་པོང་ནག་སེང་གིས་བགྱིས་སོ། །དེ་ཚུན་ཆུད་ནྀ་ཚེས་པོང་ནག་སེང་གི་བྲན། སྤུག་གྱིམ་ཏང་རྨང་བུས་བགྱིས་སོ།”ཞེས་བྱུང་སྟེ།“པྲིན”དེ་ངག་ཕྲིན་དང་ཡིག་ཕྲིན་གཉིས་ཀྱི་གང་ཡིན་པ་གསལ་བོར་བསྟན་མེད་ཀྱང་། “ཚེས་པོང་ནག་སེང་”དང་“གྱིམ་ཏང་རྨང་བུ”གཉིས་ཡི་གེ་ལ་མཁས་པ་འདྲ། གལ་ཏེ་དེ་ལྟར་ཡིན་པས་ན། སྟག་རི་གཉན་གཟིགས་མ་ཟད། དེ་ལས་ཀྱང་སྔ་བའི་དུས་ནས་བོད་ལ་ཡི་གེ་ཞིག་ཡོད་པར་མངོན། དེ་ཡང་བཙན་པོ་འདི་པས་རང་ཉིད་ཀྱི་མངའ་ཐང་རྒྱ་སྐྱེད་སླད་ཉེ་མཐའི་རྒྱལ་ཕྲན་ནམ་ཚོ་ཁག་ཟིང་ཡུལ་ལྟ་བུ་སོགས་དབང་འོག་ཏུ་བསྡུ་དགོངས་ཀྱང་། ལས་དེ་མ་གྲུབ་པར་ཁོང་ཉིད་ཚེ་ལས་འདས་པ་གོང་གསལ་གྱི་སློབ་ཚན་ལྟར་རོ། །
མི་ཚེ།
[རྩོམ་སྒྲིག]སྒྲུང་།
[རྩོམ་སྒྲིག]ཆོས་ལུགས།
[རྩོམ་སྒྲིག]པར་རིས་བར་འཁྱམས།
[རྩོམ་སྒྲིག]ཟིན་ཐོ་འམ་དཔྱད་གཞི།
[རྩོམ་སྒྲིག]དཔྱད་གཞིའི་དཀར་ཆག།
[རྩོམ་སྒྲིག]ད་དུང་གཟིགས།
[རྩོམ་སྒྲིག]ཕྱི་ཕྱོགས་དྲ་མཐུད།
[རྩོམ་སྒྲིག]སྔོན་མ། འབྲོང་གཉན་ལྡེ་རུ། |
བོད་ཀྱི་བཙན། ???-??? |
རྗེས་ལ། གནམ་རི་སྲོང་བཙན། |