Jump to content

སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་།

ཡོང་ཁུངས་Wikipedia
ཟངས་མདོག་དཔལ་རི།

སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་ (Ngagyur Nyingma Institute) ནི། ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་མངའ་ཁོངས་སུ་གྲུབ་དབང་པད་ནོར་རིན་པོ་ཆེ་སྐུ་ཕྲེང་གསུམ་པས་ཕྱི་ལོ་ ༡༩༧༨ ལོར། རྒྱ་གར་ལྷོ་ཕྱོགས་ཀརྣ་ཊ་ཀའི་མངའ་སྡེའི་མཻ་སོར་རྫོང་ཁོང་གི་སྦེལ་ཀོབ་གཞིས་ཆགས་གྲོང་སྡེ་བཞི་པའི་ནང་ཕྱག་བཏབ་པའི་སྔ་འགྱུར་རྙིང་མའི་བཤད་གྲྭ་ཞིག་ཡིན། བཤད་གྲྭ་འདིར་མདོ་སྔགས་རིག་གནས་དང་བཅས་པའི་སློབ་སྦྱོང་གི་ཆེད་ཕེབས་པའི་བལ་ཡུལ་དང་། འབྲུག་དང་། རྒྱ་གར་དང་། བོད་དང་། སོག་པོ་དང་། ཡུ་རོབ་དང་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་གི་སློབ་གཉེར་བ་རྣམ་པས་ལོ་ངོ་དགུའི་རིང་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་ལུགས་ལ་ཐོས་བསམ་གནང་དགོས་པ་ཡིན། བཙུན་མ་རྣམས་ཀྱི་ཆེད་སྔ་འགྱུར་མཐོ་སློབ་མཚོ་རྒྱལ་བཤད་སྒྲུབ་ཐོས་བསམ་དགའ་བའི་ཚལ་བཤད་གྲྭ་འདི་ནས་སྤྱི་ལེ་གཅིག་གི་རྒྱང་ཐག་ནས་ཡོད་ཅིང་། ཆ་རྐྱེན་སྒྲིག་ལམ་དང་སློབ་ཁྲིད་གཞུང་ལུགས་ཀྱི་སྐོར་རྣམས་བཤད་གྲྭ་འདི་དང་གཅིག་མཚུངས་ཡིན།

མཐོ་སློབ་འདིའི་ལོ་རྒྱུས་སྙིང་བསྡུས།

[རྩོམ་སྒྲིག]

མཐོ་སློབ་འདིའི་འཛིན་སྐྱོང་སྐོར།

[རྩོམ་སྒྲིག]

མཐོ་སློབ་འདིར་ཐོག་མའི་འཛུལ་ཞུགས་ཀྱི་ཆ་རྐྱེན།

[རྩོམ་སྒྲིག]

མཐོ་སློབ་འདིའི་སློབ་ཁྲིད་སྐོར།

[རྩོམ་སྒྲིག]

བསླབ་པ་མཐར་སོན་པའི་རྗེས་ཀྱི་འཚོ་ཐབས།

[རྩོམ་སྒྲིག]

ཤེས་ཡོན་པའི་གོ་གནས་དང་ལས་འགན།

[རྩོམ་སྒྲིག]

ཤེས་ཡོན་སྡེ་ཚན།

[རྩོམ་སྒྲིག]

སྔ་འགྱུར་རྙིང་མའི་ཞིབ་འཇུག་ལྟེ་གནས་ཁང་།

[རྩོམ་སྒྲིག]

རྒྱལ་ཡོངས་སྔ་འགྱུར་རྙིང་མའི་ཚིག་མཛོད་རྩོམ་སྒྲིག་ཁང་།

[རྩོམ་སྒྲིག]

རྒྱལ་བ་དཔལ་ཡུལ་བའི་ཚིག་མཛོད་རྩོམ་སྒྲིག་ཁང་།

[རྩོམ་སྒྲིག]

སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ལྷན་ཁང་།

[རྩོམ་སྒྲིག]

སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན།

[རྩོམ་སྒྲིག]

པདྨ་མ་ཎི་སྒྲ་བསྒྱུར་ཚོགས་པ།

[རྩོམ་སྒྲིག]

མཐོ་སློབ་འདིའི་ཉིན་གཅིག་གི་མཛད་རིམ།

[རྩོམ་སྒྲིག]

མཐོ་སློབ་འདིའི་ལོ་འཁོར་མོ་གཅིག་གི་མཛད་རིམ།

[རྩོམ་སྒྲིག]

བོད་ཟླ་ ༢ ཚེས་ ༣ ལ་གུང་སེང་ནས་སླར་དབུ་འཛུགས།

བོད་ཟླ་ ༢ ཚེས་ ༤ ལ་གསར་བཞུགས་བྲིས་རྒྱུགས།

བོད་ཟླ་ ༢ ཚེས་ ༨ ལ་ལོ་འཁོར་རྒྱུགས་སྤྲོད་ཀྱི་གྲུབ་འབྲས་གསལ་བཤད།

བོད་ཟླ་ ༢ ཚེས་ ༢༥ ལ་དཔེ་ཁྲིད་དབུ་འཛུགས།

བོད་ཟླ་ ༣ ཚེས་ ༣ ལ་ལས་བྱེད་འཕོ་ལེན།

བོད་ཟླ་ ༤ ཚེས་ ༢༩ ལ་ཀུན་མཁྱེན་མི་ཕམ་རིན་པོ་ཆེའི་འདས་མཆོད།

བོད་ཟླ་ ༥ ཚེས་ ༡༥ ལ་འཛམ་གླིང་སྤྱི་བསང་།

བོད་ཟླ་ ༦ ཚེས་ ༡༥ ནས་བོད་ཟླ་ ༧ ཚེས་ ༣༠ བར་དབྱར་གནས།

བོད་ཟླ་ ༩ ཚེས་ ༣ ལ་ཀུན་མཁྱེན་འཇིགས་མེད་གླིང་པའི་འདས་མཆོད།

བོད་ཟླ་ ༩ ཚེས་ ༢༢ ལ་དཔེ་ཁྲིད་མཚམས་འཇོག

བོད་ཟླ་ ༡༠ ཚེས་ ༣ ནས་བོད་ཟླ་ ༡༠ ཚེས་ ༢༤ བར་རང་སྦྱོང་།

བོད་ཟླ་ ༡༠ ཚེས་ ༢༥ ནས་བོད་ཟླ་ ༡༡ ཚེས་ ༡༣ བར་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ།

བོད་ཟླ་ ༡༡ ཚེས་ ༡༤ ནས་བོད་ཟླ་ ༢ ཚེས་ ༢ བར་གུང་སེང་།

མཐོ་སློབ་འདི་དང་འབྲེལ་བའི་ལོ་ཚིགས།

[རྩོམ་སྒྲིག]

སྤྱི་ལོ་ ༡༩༧༨ བོད་ཟླ་ ༡ ཚེས་ ༡༠ ལ་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དབུ་བརྙེས།

སྤྱི་ལོ་ ༡༩༨༡ བོད་ཟླ་ ༤ ཚེས་ ༢༩ ལ་འཇམ་མགོན་མི་ཕམ་རིན་པོ་ཆེའི་འདས་མཆོད་འཚོག་འགོ་བཙུགས།

སྤྱི་ལོ་ ༡༩༨༧ བོད་ཟླ་ ༦ ཚེས་ ༨ ལ་སྒྲིག་གཞི་རྩ་ཁྲིམས་ཆེན་མོ་གཏན་འབེབས་གནང་།

སྤྱི་ལོ་ ༡༩༩༠ ལོར་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གསར་དུ་བཙུགས།

སྤྱི་ལོ་ ༡༩༩༡ ལོར་སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ལྷན་ཁང་གསར་དུ་བཙུགས།

སྤྱི་ལོ་ ༢༠༠༣ ལོར་བགྲང་བྱ་ཉེར་ལྔ་འཁོར་བའི་དུས་དྲན་མཛད་སྒོ་འཚོགས།

སྤྱི་ལོ་ ༢༠༡༠ ལོར་པདྨ་མ་ཎི་སྒྲ་སྒྱུར་ཚོགས་པ་གསར་དུ་བཙུགས།

སྤྱི་ལོ་ ༢༠༡༢ ལོར་སྔོན་འགྲོའི་འཛིན་གྲྭ་གསར་འཛུགས་མཛད།

སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༧ ལ་རྒྱལ་ཡོངས་སྔ་འགྱུར་རྙིང་མའི་ཚིག་མཛོད་རྩོམ་སྒྲིག་ཁང་གསར་དུ་བཙུགས།

སྤྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༢༠ ལ་སྔ་འགྱུར་རྙིང་མའི་ཞིབ་འཇུག་ལྟེ་གནས་ཁང་གསར་དུ་བཙུགས།

སྤྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༡༧ ལ་རྒྱལ་བ་དཔལ་ཡུལ་བའི་ཚིག་མཛོད་རྩོམ་སྒྲིག་ཁང་གསར་དུ་བཙུགས།

བསླབ་པ་མཐར་སོན་མཛད་སྒོ།

སྤྱི་ལོ་ ༡༩༨༣ ལོར་༧སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་ནས་བསླབ་པ་མཐར་སོན་པ་རྣམས་ལ་ཕྱག་ཁྱེར་ཐེངས་དང་པོ་སྩལ།

སྤྱི་ལོ་ ༡༩༨༧ ལོར་༧སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་ནས་བསླབ་པ་མཐར་སོན་པ་རྣམས་ལ་ཕྱག་ཁྱེར་ཐེངས་གཉིས་པ་སྩལ།

སྤྱི་ལོ་ ༡༩༩༢ ལོར་༧སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ་མཆོག་ནས་བསླབ་པ་མཐར་སོན་པ་རྣམས་ལ་ཕྱག་ཁྱེར་ཐེངས་གསུམ་པ་སྩལ།

སྤྱི་ལོ་ ༡༩༩༩ ལོར་༧གོང་ས་མཆོག་དང་། ༧སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ་མཆོག་ནས་བསླབ་པ་མཐར་སོན་པ་རྣམས་ལ་ཕྱག་ཁྱེར་ཐེངས་བཞི་པ་སྩལ།

སྤྱི་ལོ་ ༢༠༠༣ ལོར་༧སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ་མཆོག་ནས་བསླབ་པ་མཐར་སོན་པ་རྣམས་ལ་ཕྱག་ཁྱེར་ཐེངས་ལྔ་པ་སྩལ།

སྤྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༣ ལོར་༧གོང་ས་མཆོག་ནས་བསླབ་པ་མཐར་སོན་པ་རྣམས་ལ་ཕྱག་ཁྱེར་ཐེངས་དྲུག་པ་སྩལ།

སྤྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༢༢ ལ་༧གོང་ས་མཆོག་ནས་བསླབ་པ་མཐར་སོན་པ་རྣམས་ལ་ཕྱག་ཁྱེར་ཐེངས་བདུན་པ་གནང་།

སྤྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༢༩ ལོ་༧སྐྱབས་རྗེ་ཀརྨ་སྐུ་ཆེན་རིན་པོ་ཆེ་མཆོག་ནས་བསླབ་པ་མཐར་སོན་པ་རྣམས་ལ་ཕྱག་ཁྱེར་ཐེངས་བརྒྱད་པ་སྩལ།

མཁན་པོའི་ཕྱག་ཁྱེར་སྩལ་ལོ།

སྤྱི་ལོ་ ༡༩༨༩ ལོར་བསླབ་པ་མཐར་སོན་པ་རྣམས་ལ་མཁན་པོའི་ཕྱག་ཁྱེར་ཐེངས་དང་པོ་གནང་།

སྤྱི་ལོ་ ༡༩༩༥ ལོར་བསླབ་པ་མཐར་སོན་པ་རྣམས་ལ་མཁན་པོའི་ཕྱག་ཁྱེར་ཐེངས་གཉིས་པ་གནང་།

སྤྱི་ལོ་ ༡༩༩༩ ལོར་བསླབ་པ་མཐར་སོན་པ་རྣམས་ལ་མཁན་པོའི་ཕྱག་ཁྱེར་ཐེངས་གསུམ་པ་གནང་།

སྤྱི་ལོ་ ༢༠༠༣ ཟླ་ ༤ ཚེས་ ༡༣ ལ་༧སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ་མཆོག་ནས་བསླབ་པ་མཐར་སོན་པ་རྣམས་ལ་མཁན་པོའི་ཕྱག་ཁྱེར་ཐེངས་བཞི་པ་གནང་།

སྤྱི་ལོ་ ༢༠༠༦ ལོར་༸སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ་མཆོག་ནས་བསླབ་པ་མཐར་སོན་པ་རྣམས་ལ་མཁན་པོའི་ཕྱག་ཁྱེར་ཐེངས་ལྔ་པ་གནང་།

སྤྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༨ ལ་༧སྐྱབས་རྗེ་ཀརྨ་སྐུ་ཆེན་རིན་པོ་ཆེ་མཆོག་ནས་བསླབ་པ་མཐར་སོན་པ་རྣམས་ལ་མཁན་པོའི་ཕྱག་ཁྱེར་ཐེངས་དྲུག་པ་གནང་།

སྤྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༣༠ ལོ་༧སྐྱབས་རྗེ་ཀརྨ་སྐུ་ཆེན་རིན་པོ་ཆེ་མཆོག་ནས་བསླབ་པ་མཐར་སོན་པ་རྣམས་ལ་མཁན་པོའི་ཕྱག་ཁྱེར་ཐེངས་བདུན་པ་གནང་།

ཁུངས་འདྲེན་ཡིག་ཆ།

[རྩོམ་སྒྲིག]