སྒྲུབ་བརྒྱུད་ཤིང་རྟ་ཆེན་མོ་བརྒྱད་ཀྱི་བསྡུས་འགྲེལ།

ཡོང་ཁུངས་Wikipedia

སྒྲུབ་བརྒྱུད་ཤིང་རྟ་ཆེན་མོ་བརྒྱད་ཀྱི་བསྡུས་འགྲེལ་ཞེས་པ་བོད་དུ་ཐུབ་པའི་བསྟན་པ་རིན་པོ་ཆེ་སྒྲུབ་པ་ཉམས་ལེན་གྱི་བརྒྱུད་པ་མི་འདྲ་བ་བརྒྱད་བྱུང་བའི་སྐོར་གསལ་བར་སྟོན་པའི་སློབ་དེབ་ལེགས་པོ་ཞིག་གོ །

རྩོམ་སྒྲིག་པ།[རྩོམ་སྒྲིག]

  • རྩོམ་སྒྲིག་པ་གཙོ་བོ། གཟན་དཀར་རིན་པོ་ཆེ་ཐུབ་བསྟན་ཉི་མ།
  • རྩོམ་སྒྲིག་པ། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སློབ་དེབ་རྩོམ་སྒྲིག་ཚོ་ཆུང་།
  • དཔེ་སྐྲུན་བྱེད་མཁན། སྤྱི་ལོ༢༠༠༠ ཟླ་བ་གསུམ་པར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།

སློབ་དེབ་ཀྱི་ཁྱད་ཆོས།[རྩོམ་སྒྲིག]

  • གོ་རིམ་ཐད། འཇམ་མགོན་ཀོང་སྤྲུལ་པའི་ཞལ་ནས། རྙིང་མ་བཀའ་གདམས་ལམ་འབྲས་བཀའ་བརྒྱུད་དང་། །ཤངས་པ་ཞི་བྱེད་སྦྱོར་དྲུག་བསྙེན་སྒྲུབ་བོ། །ཞེས་གསུངས་པ་ལྟར་ཡིན།
  • དོན་ཚན་ཐད།

༡ གྲུབ་མཐའ་བརྒྱད་དུ་ཕྱེ་ཞིང་སོ་སོའི་དབུར་རང་གི་སྲོལ་འབྱེད་མེས་པོའི་བྲིས་སྐུ་རེ་བཞག་ཡོད། ༢ རྩ་གཞུང་འདེམས་བཀོད་དང་། གྲུབ་མཐའི་བྱུང་བ་བརྗོད་པ། གཞི་ལམ་གྱི་རྣམ་གཞག་བསྟན་པ། ཟུར་བཀོལ། གྲངས་འདྲེན་དང་བརྡ་འགྲོལ་བཅས་དོན་ཚན་ལྔ་རེའི་སྒོ་ནས་འགྲེལ་བ་བྱས་འདུག

རྩོམ་སྒྲིག་བྱེད་པའི་དགོས་པ།[རྩོམ་སྒྲིག]

སློབ་དེབ་འདི་རྩོམ་སྒྲིག་བགྱིས་པ་ནི་དེང་དུས་ཕྱི་དངོས་པོའི་མཐུན་རྐྱེན་ཡར་རྒྱས་ཆེ་ཙམ་འགྲོ་བཞིན་ཡིན་མོད་བོད་མི་གསར་སྐྱེས་རྣམས་ཀྱིས་བོད་ཀྱི་རིག་པའི་ཕྱོགས་ཙམ་ཡང་མི་ཤེས་པར་འགྱུར་ཉེན་པའི་གནས་ཚུལ་དང་། སློབ་གཉེར་དང་ཞིབ་འཇུག་བྱེད་འདོད་པའི་བློ་གསལ་རྣམས་ལ་སྦྱང་གཞི་དང་དཔྱད་གཞིའི་དགོས་མཁོར་བསྟུན་པ་དང་། བོད་ཀྱི་རིག་པ་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད། ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་བོད་ཀྱི་སྐད་ཡིག་སློབ་དེབ་ལ་གཞོགས་འདེགས་ཐུབ་པ། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སློབ་ཁྲིད་ཐད་དཀའ་ངལ་ཐོན་པ་རྣམས་སེལ་བའི་དགོས་པ་འགྲུབ་པའི་ཆེད་དུའོ། །

དཔྱད་གཞི།[རྩོམ་སྒྲིག]

ད་དུང་གཟིགས།[རྩོམ་སྒྲིག]

ཕྱི་ཕྱོགས་དྲྭ་མཐུད།[རྩོམ་སྒྲིག]

རོང་བན་ནས།