སྐྱེ་མཆོག་གླིང་པ

ཡོང་ཁུངས་Wikipedia

༄༅། །རིག་འཛིན་སྐྱེས་མཆོག་གླིང་པ་ནི། ཕལ་ཆེར་དུས་རབས་བཅུ་དགུའི་ནང་བོད་ཁམས་ཀྱི་ས་ཁུལ་དུ་འཁྲུངས་པ་ཞིག་དང། སྔགས་འཆང་བདག་མོ་བཞེས་མཁན་གྱི་རྟོགས་ལྡན་ཕུལ་ཏུ་བྱུང་བའི་བླ་མ་ཞིག་ཡིན། བོད་ས་མ་ཤོར་གོང་ན་མ་སྲས་ལྷན་དུ་མཁའ་འགྲོའི་ལུང་བསྟན་གཞིར་བཟུང་སྟེ་ཧི་མ་ལ་ཡེ་བརྒྱུད་རྒྱ་གར་བྱང་ཁུལ་དུ་ཁག་མང་ལ། དག་སྣང་དང་ཉམས་སྣང་གིས་ཐུན་མོང་སྣང་ངོར་གཏེར་སྟོན་སོགས་ཀྱི་ཆོ་འཕྲུལ་སྒོ་ཕྲ་རགས་ལ་མ་ལྟོས་པར་གསང་སྔགས་ཀྱི་ཉམས་བཞེས་སྟེང་འགྲོ་བའི་རིམ་གྲོ་ཡུན་རིང་བསྐྱངས། ལྷག་པར་དུ་དམ་པ་ཁོང་གི་སྐུ་ཚེའི་མཇུག་གི་མཛད་པ་སྐྱོང་ས་རྒྱ་གར་བྱང་ཁུལ་དུ་དུས་རིང་ཡིན་ཞིང་། ཁོང་གི་གདུང་སྲས་བརྟུལ་ཞུགས་གླིང་པ་དེ་ཡང་སྦྱངས་པའི་ཡོན་ཏན་གྱི་ཕུལ་བྱུང་ཡབ་དང་མཉམ་པ་དེས་ཀྱང་ཡབ་ལྷན་དུ་བྱང་ཁུལ་དུ་དགོན་པ་དང་ལྷ་ཁང་སོགས་མང་པོ་བཞེངས་ཚུལ་འདུག།།མཐར་ཁོང་གི་དགོངས་པ་ཆོས་དབྱིབས་སུ་ཐིམས་ཚུལ་ཡང་རྒྱ་གར་བྱང་ཕྱོགས་ཉིད་དུ་གསལ་ཀྱང་ཡུལ་མིང་དང་དུས་ཚོད་འདི་ཞེས་པ་ཞིག་གསལ་ཁ་མ་རྙེད། དམ་པ་ཁོང་གི་སློབ་མའི་ཁྱུ་མཆོག་རྣམས་ཀྱི་ཤུལ་འཛིན་དེང་གི་ཆར་ཡང་བོད་ཕྱི་ནང་གཉིས་སུ་གྲགས། ཁོང་གི་གདུང་རྒྱུད་དེང་སང་རྡོ་རྗེ་གླིང་དང་ཕྱི་རྒྱལ་ཁག་དུ་ཡོད་ལུགས་འདུག།[རྩོམ་སྒྲིག]

 དྷ་ས་རིགས་སློབ་སློབ་ཟུར་བ་རིས་མེད་སློབ་དཔོན་ཆེན་མོ་འཆི་མེད་རྡོ་རྗེ་ནས་ཕྱི་ལོ་༢༠༡༤ ཟླ་༩ ཚེས་༦ ཉིན།