སྐྱེ་དགུ་དགོན་པ་

ཡོང་ཁུངས་Wikipedia
   མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་རྫོང་སྐྱེ་དགུ་གྲོང་རྡལ་བྱང་ཕྱོགས་ཀྱི་མཚོ་ངོས་ལས་མུས་སྟོང་གསུམ་དང་བདུན་བརྒྱ་ཡོད་པའི་རི་རྩེ་རུ།  རྔམ་བརྗིད་ལྡན་པའི་སྐྱེ་དགུ་དགོན་པ་ཆགས་ཡོད་ལ། དགོན་པ་དེར་ལོ་ངོ་བརྒྱ་ཕྲག་དུ་མའི་ལོ་རྒྱུས་ཡོད་པ་དང༌། བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཆེན་མོ་བཞི་ཡི་ཡ་གྱལ་ཏེ་ས་སྐྱ་བའི་དགོན་པ་ཞིག་ཡིན། འཛུགས་སྐྲུན་བརྗིད་ཆགས་པ་དང་རིག་དངོས་ཕུན་སུམ་ཚོགས་ཤིང་མིང་དུ་གྲགས་པའི་དགེ་བའི་བཤེས་གཉེན་མང་པོ་བྱུང་བས་བོད་ཁུལ་དུ་མཚན་སྙན་གྲགས་ས་ལྡན།