སྐྱིད་འཛོམས་གཡུང་དྲུང་གླིང་

ཡོང་ཁུངས་Wikipedia

སྐྱིད་འཛོམས་གཡུང་དྲུང་གླིང་ཞེས་པའི་དགོན་པ་འདི་ཉིད་མདོ་སྨད་རྔ་བ་ཁུལ་ཟིང་ཆུ་རྫོང་ནས་བྱང་ཕྱོགས་སྤྱི་ལེ་སུམ་ཅུ་ཡས་མས་སུ་ཆགས་ཡོད་ལ། དུས་རབས་བཅོ་བརྒྱད་ཡས་མས་སུ་གྲུབ་ཐོབ་བསྟན་པ་དར་རྒྱས་མཆོག་ཉིད་རྒྱལ་འཕེལ་གྲོང་ཚོ་བླ་མ་ཐོགས་མེད་ཚང་ཞེས་པར་སྐུ་འཁྲུངས་པ་དང་། སྐུ་ན་ཆེར་སོན་སྐབས་བོན་འབྲུ་ཚོ་ལྔའི་དད་ལྡན་དམངས་ཚོགས་ཀྱི་ཚོགས་བསགས་ཞིང་དང་དགེ་འདུན་འདུས་སྡེ་ལྔ་བཅུ་ལྷག་གིས་རྣམ་དཀར་གྱི་བྱ་བ་ཐོས་བསམ་སྒོམ་སྒྲུབ་གནང་སའི་དགོན་པ་འདི་ཕྱག་བཏབ་ནས་དེང་གི་བར་དུ་མི་ལོ་ཉིས་བརྒྱ་ཙམ་འདས་ཟིན་ལ། ཕྱག་བཏབ་པ་ནས་བཟུང་སྣང་ཞིག་དངུལ་སྐུ་དགོན་པའི་དགོན་ལག་གསུམ་གྱི་ནང་ནས་ཆེ་གྲས་སུ་གྱུར་ཡོད། ད་ཆ་ཡང་དབུ་བླ་དང་གྲྭ་བའི་འདུས་སྡེ་བཅུ་ཕྲག་འགའ་ལྷག་ཡོད་དོ། །