སྐྱི་པགས་

ཡོང་ཁུངས་Wikipedia

སྐྱི་པགས་ནི་ལུས་ཕུང་ཕྱི་ངོས་ཀྱི་ཤ་གནད་བཏུམས་པའི་གྲུབ་ཆ་དེར་ཟེར་ཞིང་། དེ་ནི་མིའི་ལུས་ཕུང་གི་ཆེས་ཆེ་བའི་དབང་བོ་ཡིན།

གྲུབ་ཚུལ་དང་ནུས་པ།[རྩོམ་སྒྲིག]

སྐྱི་པགས་ཀྱི་སྤྱིའི་ལྗིད་ཚད་ཀྱིས་ལུས་ཕུང་གི་བརྒྱ་ཆའི་ལྔ་ནས་བཅོ་ལྔ་ཟིན་ཡོད་ལ། སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ1.5ནས2བར་ཡོད།མཐུག་ཚད་མི་དང་མིའི་བར་མི་འདྲ་སྟེ། ཧའོ་སྨི0.5-4བར་ཡིན། སྐྱི་པགས་ཀྱིས་ལུས་ཡོངས་ཁེབས་ཤིང་། དེས་ལུས་ཀྱི་ཡན་ལག་དང་དབང་བོ་ལ་ཕྱི་རོལ་གྱི་འཕྲུལ་ཆས་དང་དངོས་ལུགས། རྫས་འགྱུར། ནད་ཡམས་སོགས་ཀྱིས་གནོད་པར་བཀག་ནས་ཡོད། སྐྱི་པགས་ལ་ཕྱོགས་གཉིས་ཀྱི་བཀག་ལྕིབས་ནུས་པ་ཡོད་དེ། གཅིག་ནི་ལུས་ཀྱི་རླན་གཤེར་དང་གློག་འབྱེད་རྫས། ད་དུང་གཞན་པའི་དངོས་པོ་སྲུང་བའི་ནུས་པ་དང་། ཅིག་ཤོས་ནི་ཕྱི་རོལ་ཡུལ་གྱི་དངོས་པོ་གཞན་པའི་གནོད་པ་འགོག་པ་དེའོ། ། སྐྱི་པགས་ཀྱིས་མིའི་ལུས་ཁམས་ཀྱི་གནས་རྣམས་གཏན་སྲུང་བྱེད་ཞོར། མིའི་ལུས་ཀྱི་རྙིང་ཚབ་གསར་བརྗེ་གོ་རིམ་དང་ཡང་འབྲེལ་ནས་ཡོད། སྐྱི་པགས་ལ་མདོག་དཀར་པོ་དང་སེར་པོ། དམར་པོ། ནག་པོ་སོགས་ཡོད་ལ། དེ་གཙོ་བོ་མི་རྒྱུད་དང་ལོ་ཚོད། གནས་མི་གཅིག་པས་ཡིན། སྐྱི་པགས་ནི་མིའི་ལུས་ཀྱི་རྒྱ་ཁྱོན་ཆེ་ཤོས་ཀྱི་དབང་བོ་ཡིན་ལ། མི་དར་མ་ཞིག་གིས་སྐྱི་པགས་བརྐྱངས་ན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ2ཡས་མས་ཡོད། ལྗིད་ཚད་ལ་མིའི་ལུས་ཕུང་ལྗིད་ཚད་ཀྱི1/20ཡོད། སྐྱི་པགས་ཆེས་མཐུག་ས་དེ་རྐང་མཐིལ་ཡིན་ལ། མཐུག་ཚད་ཧ་ལམ་ཧའོ་སྨི4ཙམ་ཡོད། མིག་ལྕིབས་ནི་སྐྱི་པགས་ཆེས་སྲབ་མོ་དེ་ཡིན་ལ། མཐུག་ཚད་ལ་ཧའོ་སྨི་གཅིག་ཙམ་ཡང་མེད།

རྒྱུན་མཐོང་གི་པགས་ནད།[རྩོམ་སྒྲིག]

པགས་པའི་ནད་ནི་མིའི་བདེ་ཐང་ལ་གནོད་སྐྱོན་ཆེས་ཆེ་བའི་ནད་རིགས་ཤིག་ཡིན། རྒྱུན་མཐོང་གི་པགས་ནད་ལ་པགས་པ་རྩུབ་འགྱུར་གྱི་ནད་དང་པགས་པའི་འབྲས་སྐྲན། པགས་པའི་གཉེན་ཚད། གླང་ཤུ། ཆུ་བུར་སོགས་ཀྱི་ནད་སོགས་མང་ངོ་། སྐྱེས་པའི་སྐྱི་པགས་ལྷན་སྐྱེས་ཀྱིས་སྐྱེས་མ་དང་བསྡུར་ན་ཅུང་མཐུག་ལ། དེ་ལས་ཀྱང་ལྡེམ་ཤུགས་ཡོད། དེ་ནི་ཁོ་ཚོ་སྐྱི་པགས་ཚི་སྣ་ཕན་ཚུན་བར་འབྲེལ་བ་དམ་ཟབ་དུ་ཡོད་པའི་རྐྱེན་ཡིན། སྐྱེས་པའི་སྐྱི་པགས་རྔུལ་ཐོན་རྨེན་བུ་དང་སྣུམ་ཐོན་རྨེན་བུ་ཅུང་འཕེལ་རྒྱས་ཡོད་པས། སྐྱི་པགས་ལ་སྲུང་སྐྱོབ་བྱེད་པ་དང་ཟས་བཅུད་ཀྱི་ནུས་པ་ཧ་ཅང་བཟང་། དེ་བས་སྐྱེས་པར་གཉེར་མ་ཡོད་པ་དང་། སྐྱི་པགས་ལྷོད་ཡངས་སུ་སོང་བ་སོགས་རྒས་འཁོགས་ཤར་བ་བུད་མེད་དང་བསྡུར་ན་ཅུང་འཕྱི། འོན་ཀྱང་། སྐྱེས་པའི་སྐྱི་པགས་ཀྱི་མཐུག་ཚད་དང་འདུས་ཚད་བུད་མེད་དང་བསྡུར་ན་ཆེ། དེ་བས་སྐྱེས་པའི་སྐྱི་པགས་ཀྱི་འགྱུར་ལྡོག་བལྟས་ཚོད་ཀྱིས་བུད་མེད་ལས་དེ་ལས་ཀྱང་གསལ་པོ་ཡིན།