སྐ་ཁོག

ཡོང་ཁུངས་Wikipedia

སྐ་ཆུ་རྫོང་།སྐ་ཆུ་རྫོང་ངམ་སྐ་ཁོག་ནི་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་གྱི་མངའ་ཁོང་དུ་རྫོང་ཁག་༡༣ཡོད་པའི་ནང་གི་འབྲོག་རྫོང་ཞིག་ཡིན། དེང་གི་རྒྱ་སྐད་དུ་红原县དུ་འབོད་པ་དེ་ཡིན། བཅངས་བྱས་རྗེས་གསར་དུ་བཙུགས་པའི་འབྲོག་རྫོང་ཆུང་ཆུང་ཞིག་ཡིན་ལ། གཞན་ཁྱུང་མཆུ་རྫོང་ཡང་འབོད་དོན་ནི་རྫོང་གི་གནས་ཡུལ་དངོས་དེ་ཁྱུང་མཆུ་རི་སྣའི་འདབ་སུ་ཆགས་ཡོད་པས་ཡིན། དེ་མིན་སྐ་ཆུ་རྫོང་མིང་ལ་དམར་ཐང་དུ་འབོད་དོན་ནི་རྒྱ་སྐད་དུ་红原ཞེས་པ་དེ་དོན་བསྒྱུར་བྱས་པ་ཞིག་ཡིན་པ་དང་། སྔོན་ཆད་དམར་དམག་རྒྱང་བསྐྱོད་བྱེད་སྐབས་ས་དེར་རྫོང་གཞིས་སོགས་གང་ཡང་མེད་པའི་འབྲོག་ཐང་ཞིག་ཡིན་ལ། བཅོས་བསྒྱུར་བྱས་རྗེས་གསར་ཏུ་བཙུགས་པའི་འབྲོག་རྫོང་འདིའི་མིང་དུ་རྒྱ་སྐད་ཀྱི་དམར་ཐང་དུ་བཏགས།

"https://bo.wikipedia.org/w/index.php?title=སྐ་ཁོག&oldid=135069"ལས་སླར་རྙེད་སོང།