སོས་ཉར་འགྱིག་ཁེབས་ཀྱི་

ཡོང་ཁུངས་Wikipedia

མི་མང་པོ་ཞིག་གི་བསམ་པར།ཟས་ལ་སོས་ཉར་འགྱིག་ཁེབས་བཏུམས་རྗེས་བཟའ་ཆས་ཀྱི་སོས་ཉར་དུས་ཚོད་ནར་འགྱངས་ཐུབ་ལ།ཕྲ་སྲིན་སྐྱེ་འཕེལ་ཡང་ཉུང་དུ་གཏོང་ཐུབ་པར་འདོད།འོན་ཀྱང་དོན་དངོས་ཐོག་དངོས་གནས་འདི་འདྲ་ཡིན་ནམ།སོས་ཉར་འགྱིག་ཁེབས་བེད་སྤྱོད་བྱེད་པའི་རྒྱུད་རིམ་ཁྲོད་ཡིད་གཟབ་བྱེད་པའི་གནད་དོན་གང་དག་ཡོད།

སོས་ཉར་འགྱིག་ཁེབས་ཉོ་སྒྲུབ་བྱེད་པའི་སྐབས་རྒྱུ་ཆ་གང་དག་ལ་ཞིབ་བལྟ་གསལ་པོ་བྱེད་དགོས།[རྩོམ་སྒྲིག]

ཁྲོམ་རའི་ཐོག་གི་སོས་ཉར་འགྱིག་ཁེབས་ཀྱི་ཐོན་རྫས་སྣ་མང་ཕུན་སུམ་ཚོགས་པ་མཐོང་རྒྱུ་འཛད་སྤྱོད་པ་རྣམས་ཀྱིས་ཇི་ལྟར་བྱས་ནས་འདེམས་ཉོ་བྱེད་དགོས་སམ།སྤོས་འགྱིག་གི་བཟོ་དངོས་ཀྱང་རིམ་པ་མང་པོ་ཡོད།རྒྱུན་དུ་མཐོང་བའི་འགྱིག་ཁེབས་སྲབ་པོ་བཏུམས་པའི་ཟས་རིགས་ཐུམ་སྒྲིལ་གྱི་རྒྱུ་ཆ་གཙོ་བོ་ནི་རྫས་རྒྱུ་ཅུའུ་ཡིའི་ཤིའི་དང་ཅུས་པིང་ཤིའི་ལས་གྲུབ་པ་ཞིག་ཡིན།ཆར་གོས་དང་ཅོག་ཁེབས།འདྲུད་ལྷམ།ཞིང་སྤྱོད་འགྱིག་ཁེབས་སྲབ་པོ་སོགས་ཐོན་རྫས་ཀྱི་རྒྱུ་ཆ་མང་ཆེ་བ་ནི་ཅུས་ཁིལ་ཡིའི་ཤིའི་ཡིན།ཅུས་ཁིལ་ཡིའི་ཤིའི་ཁྲོད་དུ་བཟོས་རུང་སྤེལ་རྫས་དང་བརྟན་འཇགས་བྱེད་རྫས་སོགས་གཞོགས་འདེགས་རྒྱུ་ཆ་མང་པོ་ཞིག་འདུས་ཡོད།མ་གཞི་རྒྱུ་ཆ་འདི་རིགས་ཟས་རིགས་ཀྱི་ཐུམ་སྒྲིལ་ནང་སྤྱད་ཆོག་ཀྱང་སོས་ཉར་འགྱིག་ཁེབས་བཟོས་ནས་ཐད་ཀར་བཟའ་ཆོག་པའི་ཟས་རིགས་ཀྱི་ཐུམ་སྒྲིལ་བཟོ་བར་སྤྱད་ན་འཚམ་པོ་མེད།གཞན་ཡང་སོས་ཉར་འགྱིག་ཁེབས་ཉོ་བའི་སྐབས་སུ་ཐོན་རྫས་ལ་ཁེ་ལས་ཀྱི་ཆོག་མཆན་དཔང་ཡིག་QSམཚོན་རྟགས་ཡོད་མེད་ལ་ཡིད་གཟབ་བྱེད་དགོས།

སོས་ཉར་འགྱིག་ཁེབས་གནས་ཚུལ་ལ་བལྟས་ནས་བེད་སྤྱོད་གཏོང་དགོས།[རྩོམ་སྒྲིག]

སོས་ཉར་འགྱིག་ཁེབས་འདེམས་ཉོ་བྱས་རྗེས་དེའི་སྤྱོད་སྟངས་ལ་ཡིད་གཟབ་བྱེད་དགོས།བཟའ་ཆས་གང་དག་ལ་སོས་ཉར་འགྱིག་ཁེབས་བཏུམས་ན་འཚམ་པོ་ཡོད་མེད་ཁ་གསལ་པོ་དགོས།ཆུའི་འདུས་ཚད་ཅུང་མང་བའི་སྔོ་ཚལ་དང་ཤིང་འབྲས་རིགས་དཔེར་ན།ཀུ་ཤུ་དང་ཤིང་ཏོག་ལི།ཀྲོ་མ་ཀྲུ།ཡུངས་དཀར།ཀེའུ་སེར་སོགས་ལ་སོས་ཉར་འགྱིག་ཁེབས་བཏུམས་ནས་དུས་ཡུན་རིང་པོའི་ནང་སོར་ཉར་ཐུབ་པ་བྱེད་དགོས།འོན་ཀྱང་ལ་ཕུག་སོགས་ཆུའི་འདུས་ཚད་ཅུང་ཉུང་བའི་ཚལ་རིགས་ལ་སོས་ཉར་འགྱིག་ཁེབས་བཏུམས་ན་འཚམ་པོ་མེད།རྒྱུ་མཚན་ནི་ཚལ་རིགས་འདི་ལ་སོར་ཉར་འགྱིག་ཁེབས་བཏུམས་རྗེས་དེ་དག་གི་འཚོ་རྒྱུ་Cཡི་འདུས་ཚད་ཉུང་དུ་འགྲོ་ཡི་ཡོད།བཟས་བཙོས་མ་དང་ཚ་པོ།ཞག་ཚིལ་ལྡན་པའི་ཟས།ལྷག་པར་དུ་ཤའི་རིགས་ལ་ཡག་ཤོས་བྱུང་ན་སོར་ཉར་འགྱིག་ཁེབས་བཏུམས་ནས་ཉར་ཚགས་བྱེད་རྒྱུ་མེད།རྒྱུ་མཚན་ནི་ཟས་འདི་རིགས་ལ་སོར་ཉར་འགྱིག་ཁེབས་བཏུམས་རྗེས་སོར་ཉར་འགྱིག་ཁེབས་ཀྱི་རྒྱུ་ཆའི་ནང་འདུས་པའི་རྫས་འགྱུར་གྱི་གྲུབ་ཆ་བཞུ་ནས་བཟའ་ཆས་ནང་འཐིམ་འགྲོ་ཡི་ཡོད་པས།བདེ་ཐང་ལ་གནོད་པ་བཟོ་ཡི་ཡོད།

སོས་ཉར་འགྱིག་ཁེབས་བཏུམས་ཚེ་སོས་པ་གསོས་རྐྱང་གནས་ཐུབ་བམ།[རྩོམ་སྒྲིག]

མ་གཞི་ཆུའི་འདུས་ཚད་ཅུང་མང་བའི་ཚལ་རིགས་དང་ཤིང་འབྲས་རིགས་ལ་སོས་ཉར་འགྱིག་ཁེབས་བཏུམས་ཚེ་དུས་ཚོད་རིང་པོའི་ནང་སོས་ཉར་ཐུབ་ཀྱང་།སོར་ཉར་འགྱིག་ཁེབས་ཀྱི་ནུས་པ་དེ་ཙམ་ལེགས་པོ་མེད།ཤིང་འབྲས་རིགས་ལ་ཤིང་འབྲས་ཁུག་མའི་སྟེང་སོས་ཉར་འགྱིག་ཁེབས་བཏུམས་རྗེས་ཤིང་འབྲས་དང་སོས་ཉར་འགྱིག་ཁེབས་དབར་བལྟོས་བཅས་ཀྱི་ཁ་སུབ་པའི་བར་སྟོང་ཞིག་ཆགས་ཡོད།བར་སྟོང་འདི་ལ་ཕྲ་སྲིན་སྐྱེ་འཕེལ་གྱི་ཆ་རྐྱེན་མཁོ་སྤྲོད་བྱས་ཡོད།འོན་ཀྱང་སོས་ཉར་འགྱིག་ཁེབས་མ་བཏུམས་ཀྱང་ཤིང་འབྲས་འཇོག་ཡུན་རིང་ན་འབུ་ཕྲ་སྐྱེ་ངེས་ཡིན།དེར་བརྟེན་སོས་ཉར་འགྱིག་ཁེབས་བཏུམས་པའི་ཤིང་འབྲས་མ་བཟས་གོང་ཡག་ཤོས་བྱུང་ན་ཤིང་འབྲས་གཙང་འཁྲུད་བྱེད་དགོས།ཡང་ན་ཤིང་འབྲས་གཏུབ་གྲི་གཙང་མ་ཞིག་གིས་ཤིང་འབྲས་ཀྱི་ཤ་དང་སོས་ཉར་འགྱིག་ཁེབས་ཐུག་ས་འབྲེག་དགོས།མདོར་ན་བཟའ་ཆས་ཉོས་རྗེས་མྱུར་དུ་བཟའ་དགོས།སྤུས་ཚད་ཇི་ལྟར་ལེགས་པའི་སོས་ཉར་འགྱིག་ཁེབས་ཡིན་རུང་སོས་ཉར་གྱི་ནུས་པ་ཡོངས་སུ་ཐོན་མི་སྲིད།

པར་རིས་བར་འཁྱམས།[རྩོམ་སྒྲིག]

ད་དུང་གཟིགས།[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག[རྩོམ་སྒྲིག]