Jump to content

སུམ་རྟགས་བློ་གསར་མགུལ་རྒྱན།

ཡོང་ཁུངས་Wikipedia

བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ་སོགས་ཀྱི་དངོས་སློབ་ཏུ་གྱུར་པ་སེར་དགོན་བླ་མ་སངས་རྒྱས་བསྟན་འཛིན་ནམ། ཤར་པ་བླ་མ་སངས་རྒྱས་བསྟན་འཛིན་གྱིས། གསུང་རབ་རྒྱ་མཚོས་མཛད་པའི་སུམ་རྟགས་ཚིགས་བཅད་དང་ཚིགས་ལྷུག་སྤེལ་མར་ཡོད་པ་དེ་ལ་གཞི་བྱས་ཏེ་བློར་ལེན་བདེའི་ཆེད་དུ་འཕྲི་སྣོན་ཅུང་ཟད་དང་། དབུ་ཞབས་ཚང་བ་ཚིགས་བཅད་དུ་རབ་བྱུང་བཅུ་དྲུག་པའི་ཆུ་སྟག་སྤྱི་ལོ་ ༡༩༦༢ ལོར་བསྡེབས་པའི་སུམ་རྟགས་ཀྱི་འགྲེལ་པ་ཞིག་རེད། དཔེ་ཆ་འདི་གོར་རྒྱལ་ལམ་བལ་ཡུལ་གྱི་མངའ་འོག་ཤོད་རོང་སེར་དགོན་བཤད་སྒྲུབ་ཟུང་འབྲེལ་གླིང་གི་ཤིང་པར་དུ་བཞུགས། སེར་དགོན་བཤད་སྒྲུབ་ཟུང་འགྲེལ་གླིང་ནི་ཕྱི་ལོ་ ༡༩༥༨ ལོར་བླ་མ་སངས་རྒྱས་བསྟན་འཛིན་གྱིས་བལ་ཡུལ་ཤར་ཁུམ་བུའི་རྫོང་ཁོངས་སུ་ཕྱག་བཏབ་པའི་སྔ་འགྱུར་རྙིང་མའི་བཤད་གྲྭ་ཞིག་གོ །