སིལ་ཏོག་གི་རིགས་ཤིག

ཡོང་ཁུངས་Wikipedia
Jump to navigation Jump to search
Black Butte blackberry.jpg

ཀཎྜ་ཀ་རི། སིལ་ཏོག་གི་རིགས་ཤིག་ནི་ཤིང་ཏོག་རིགས་གཅིག་རེད།

ལོ་རྒྱུས།[རྩོམ་སྒྲིག]

ཟིན་ཐོ་འམ་དཔྱད་གཞི།[རྩོམ་སྒྲིག]

ལོ་མང་སྐྱེ་བའི་སྡོང་ཐུང་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྡོང་པོ་སྨུག་ཅིང་འདྲོང་བ་ཁ་ཤས་མཉམ་དུ་སྐྱེ་བ། ཡལ་ག་མང་ལ་གསར་སྐྱེས་རྣམས་རྩི་དཀར་པོ་བྱུགས་པ་ལྟར་དཀར་པོས་ཁྱབ་ཅིང་རིམ་བཞིན་སྨུག་པོར་གྱུར་པ་དང༌། ཡལ་སྡོང་ཡོངས་སུ་ཚེར་མ་ལེབ་ལ་རྩེ་རྣོ་བ་མང་པོ་ཡོད་ཅིང༌། ལོ་མ་ལྗང་སྐྱ་རྒྱབ་དཀར་ཞིང་གྱོང་བ་ཡ་གྲངས་སྒྲོ་དབྱིབས་མང་ལོའི་མཐར་ཉག་ག་ཞིབ་པའམ་ཅུང་ཧྲལ་བ་ངེས་གཏན་མེད་ལ་སྤྱིའི་དབྱིབས་རྒྱ་སལ་མེ་ཏོག་གི་ལོ་མ་འདྲ་བ་རེ་མོས་སུ་སྐྱེས་ཡོད། མེ་ཏོག་ཟིང་དཀར་ལོ་མའི་མཚམས་ནས་འཆར་བ། འབྲས་བུ་དམར་སེར་འབུར་ཚགས་ཅན་བྱུར་ཚོམ་འདྲ་བ་ཤ་རྒྱུ་ཡིན་པའི་ནང་དུ་འབྲུ་གུ་སེར་ལ་མཁྲེགས་པ་མང་པོ་ཡོད་པ་ཞིག་སྟེ། རང་ལྗོངས་ཀྱི་ཉིང་ཁྲི་དང༌། སྨན་གླིང༌། སྤོ་ཡུལ། རྫ་ཡུལ། སྐྱིད་གྲོང་སོགས་དང༌། དེ་མིན་ནགས་ཁུལ་ཡིན་པའི་ས་གནས་ཕལ་ཆེར་གྱི་ནགས་གསེབ་དང་རི་ལྡེབས་སུ་སྐྱེ་བ་མང༌། ཡལ་ག་དང་སྡོང་པོ་སྟོན་དཔྱིད་གང་རུང་ལ་བཏུས་ཏེ་ཕྱིའི་པགས་པ་དང་ནང་སྙིང་གི་ལྷ་བ་སོབ་སོབ་རྣམས་མེད་པ་བཟོས་ནས་སྨན་དུ་སྤྱོད་དགོས། ལྷག་པར་གློ་རྣག་དང་བཅུད་ལེན་ལ་འབྲུ་གུ་ཤིན་ཏུ་ཟབ་པས་བོད་ཟླ་བདུན་པའི་ནང་འབྲས་བུ་སྨིན་མཚམས་སུ་བཏུས་ཏེ་ཁཎྜ་བཟོས་ནས་སྨན་དུ་སྤྱོད་རྒྱུ། འབྲས་བུ་རོ་མངར་བ། ཞུ་རྗེས་མངར་བ། ནུས་པ་ལྕི་བསིལ་སྣུམ་པའོ། ཡལ་སྡོང་རོ་མངར་ལ་ཁ་ཞིང་ཚ་བ། ཞུ་རྗེས་མངར་བ། ནུས་པ་ལྕི་ལ་བསིལ་ཞིང་སྣུམ་པས་རླུང་ཚད་ལྡན་པའི་ནད་དང༌། རིམས་ཚད། རིམས་ཚད་མ་སྨིན་པ། གློ་བའི་ནད་རིགས། འཁྲུགས་ཚད། ཆམ་ཚད་སོགས་ལ་ཕན་པ་དང༌། འབྲས་བུས་གློ་ནད་སེལ་ཞིང་བཅུད་ལེན་པར་བྱེད་པ་ཡིན།

དཔྱད་གཞིའི་དཀར་ཆག།[རྩོམ་སྒྲིག]

ད་དུང་གཟིགས།[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།[རྩོམ་སྒྲིག]