ས་ཧ་ར་བྱེ་ཐང་ཆེན་པོ།

ཡོང་ཁུངས་Wikipedia
ས་ཧ་ར་བྱེ་ཐང་ཆེན་པོ

སའི་གོ་ལའི་སྟེང་གི་ཆེས་ཆེ་བའི་མྱ་ངམ་ཐང་།ཧྥེ་གླིང་གི་བྱང་ཕྱོགས་སུ་ས་རྒྱ་ཤིན་ཏུ་ཆེ་བའི་མྱ་ངམ་ཐང་ཞིག་ཡོད། དེ་ནི་འཛམ་གླིང་གི་ཆེས་ཆེ་བའི་བྱེ་ཐང་སྟེ། ས་ཧ་ར་བྱེ་ཐང་ཆེན་པོ་ཡིན།

རྒྱ་ཁྱོན།[རྩོམ་སྒྲིག]

དེ་ཡི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨིས་གྲུ་བཞི་མ་ཁྲི900ལྷག་ཡོད་པ་དང་། ཨ་མེ་རི་ཁའི་སའི་རྒྱ་ཁྱོན་དང་འདྲ་ལ། ཕལ་ཆེར་ཧྥེ་གླིང་སྐམ་སའི་གསུམ་ཆའི་གཅིག་ཟིན།

སྐྱེ་དངོས།[རྩོམ་སྒྲིག]

མི་རྣམས་ཀྱིས་ས་ཧ་ར་བྱེ་ཐང་ཆེན་པོ་ནི་སའི་གོ་ལའི་སྟེང་གི་སྐྱེ་དངོས་སྐྱེ་བར་མི་འཚམ་པའི་གནས་ཤིག་ཏུ་འཁུམས་པ་དང་། ཨ་རབ་ཀྱི་སྐད་དུའང་ས་ཧ་ར་ཞེས་པ་ནི་མྱ་ངམ་གྱི་ཐང་ཆེན་པོ་ཞེས་པའི་དོན་ཡིན།

ས་ཁུལ།[རྩོམ་སྒྲིག]

མི་རྣམས་ཀྱིས་བྱེ་ཐང་ཞེས་ཐོས་མ་ཐག་ཏུ་མུ་མཐའ་མི་མངོན་པའི་བྱེ་སྒང་དང་བྱེ་ས་ཞིག་བློ་ངོར་འཆར་སྲིད་མོད། དོན་དངོས་སུ་ས་ཧ་ར་བྱེ་ཐང་གི་ལྔ་ཆའི་གཅིག་ཙམ་གྱི་ས་ཁུལ་ནི་བྱེ་མ་ལས་གྲུབ་པ་མ་གཏོགས། དེའི་ས་ཁུལ་གཞན་དག་ནི་རྩུབ་ཤས་ཆེ་བའི་རྡེའུ་ལས་གྲུབ་པའི་བདེ་ཐང་མིན་ན། བརྩེགས་རིམ་དུ་ཆགས་པའི་བྲག་རི་ཡིན། དེ་མིན་ད་དུང་རི་ཁུལ་དང་བ་ཚྭའི་གྲམ་ཐང་ཡང་ཡོད་པ་རེད།

གནམ་གཤིས།[རྩོམ་སྒྲིག]

ས་ཧ་ར་བྱེ་ཐང་གི་ས་བབ་མི་ལེགས་པ་ལས་གཞན་ཚ་གདུག་ཆེ་བའི་གནམ་གཤིས་སྡུག་པོ་ཡང་ཡོད་དེ། ལོ་ཧྲིལ་བོའི་ཆ་སྙོམས་དྲོད་ཚད30℃ལས་བརྒལ་བ་དང་། ཆེས་སྐམ་ཤས་ཆེ་བའི་ས་ཁུལ་དུ་ལོ་ཧྲིལ་བོའི་ཆར་འབབ་ཚད་ཧའོ་སྨིས25ཙམ་ཡང་མི་ལོང་། སྐབས་ལ་ལར་ལོ་ཧྲིལ་བོར་ཆར་ཐིགས་གཅིག་ཀྱང་འབབ་རྒྱུ་མེད།

གནའ་རྫས་རྟོག་ཞིབ།[རྩོམ་སྒྲིག]

གནའ་རྫས་རྟོག་ཞིབ་པས་ས་ཧ་ར་བྱེ་ཐང་གི་བྲག་ཕུག་ཏུ་གནའ་རབས་ཀྱི་རི་མོ་དང་བརྐོས་རིས་མང་བོ་གསར་རྙེད་བྱུང་ཞིང་། དེ་དག་གིས་ས་ཧ་ར་བྱེ་ཐང་ནི་གནའ་སྔ་མོར་བྱེ་མས་ཁྱབ་པའི་ཐང་རྒོད་ཅིག་མིན་པར་རྩྭ་ཐང་ཆེན་པོ་ཞིག་སྟེ། ཆུ་བོ་ལྷུང་ལྷུང་བཞུར་ཅིང་ས་ཤུན་སྤང་གིས་གཡོགས་པ། ཚོ་བ་དང་མི་རིགས་མང་བོ་འཚོ་སྡོད་བྱེད་སའི་མཛེས་སྡུག་གི་ས་ཁུལ་གཤིན་པོ་ཞིག་ཡིན་པ་རྟོགས་ཐུབ་ཀྱང་། ཚན་རིག་པ་རྣམས་ཀྱིས་ཚོད་དཔག་ལས་ཕྱིས་སུ་གནས་དེ་ཡི་གནམ་གཤིས་འགྱུར་ལྡོག་ལས། ཆུ་བོའི་བཞུར་རྒྱུན་ཆད་པས་ས་ཁུལ་དེ་རིམ་གྱིས་བྱེ་ཐང་ཞིག་ཏུ་གྱུར་པར་འདོད་དོ།།