ཤུག་པ་

ཡོང་ཁུངས་Wikipedia
 
科學分類

Template:Namespace

ཁྱབ་ཁུངས་[རྩོམ་སྒྲིག]

སྔར་ཀྲུང་གོ་འི་ནུང་བྱང་མཚམས་ལ་སྐྱེས་པ་དང་། ཨེ་ཤིང་ཡ་གླིང་ལ་ཁྱབ་ཁུངས་ཆེན་པོ་ཡོད། ཁུ་རི་ཡ་ཕྱེད་གླིང་དང་། འཇར་པན། རྒྱ་གར་བྱང་། དབྲི་རན་བྱང་ངོས། ཀྲུང་གོའི་ནང་ཁུལ་དུ་ནང་སོག་དང་ཟི་ལིང་ ལོའུ་ནིང་ ཧོའོ་པེའུ་ ཧྲང་ཤིང་ ཧྲང་ཏུང་ ཅང་སུའུ་ ཀྲེ་ཅང་ ཧྥུ་ཅེན་ ཨང་ཧེའུ་ ཅང་ཤིས་ ཧོའོ་ནན་ ཧྲང་ཤིང་ ཀན་སུའུ་ ཟི་ཁྲོན་ ཡུན་ནན་ ཀེའུ་ཀྲུའུ་ ཧུའུ་བེ་ ཧུ་ནན་ གོན་ཤིས་ གོན་ཏུང་ བོད་ལྗོངས་སོགས་ལ་ས་ཁྱབ་ཆེ། རྒྱ་མཚོ་ངོས་ནས་རྨིད་༡༠༠དང་༣༤༤༠བར་གྱི་ཡུལ་ལྗོངས་ལ་སྐྱེ་བ་དང་ ལམ་ཟུར་དང་རི་ངོས་། ནགས་ཚལ་ཉུང་བའི་རི་ངོས། ཁབ་ལོའི་ནགས་ཚལ། རྡོ་ཞོའི་རི་ངོས་སོགས་ཉི་ལན་གྱི་རི་འདབས་ལ་སྐྱེས་པ་མང་། ད་ལྟ་བལྟ་བྱའི་རྩི་ཤིང་ཞིག་ལ་རྩིས་ནས་འདེབས་གསོ་བྱེད་པའི་གཞི་རྒྱ་ཆེན་པོ་ཡོད།

གཟུགས་དབྱིབས་[རྩོམ་སྒྲིག]

རྒྱན་ལྗང་སྡོང་རིང་རིགས། སྐྱེད་ཐོན་དལ་བ། མཐོ་ཚད་ལ་རྨིད་༡༥ནས་༢༠བར། ཁབ་ལོ་ལ་ཧོའོ་རྨིད་༢ནས་༤བར། ཁབ་ལོའི་གཟུགས་དང་ཡལ་གའི་དབྱིབས་ཧ་ཅང་འདྲ་བ་ཡོད།ཤུག་འབྲས་སྒོང་དབྱིབས་དང་མཚུངས།

མཚོན་ཉིད་[རྩོམ་སྒྲིག]

ཤུག་པའི་ཚེ་ཚད་ཧ་ཅང་རིང་བ་དང་ཀྲུང་གོའི་བྱང་ཕྱོགས་དང་ནུབ་ཕྱོགས་སུ་སྐྱེས་པའི་ཤུག་པ་ཡང་རྒྱུན་ལྗང་གི་ཁྱད་ཆོས་ཡོད་པས་ནང་ཆོས་དགོན་པ་ནང་དུ་འདེབས་གསོ་བྱས་པ་མང་། དགོན་ཁ་ཤས་ནང་ལོ་རྒྱུས་རིང་བའི་ཤུག་པ་ཁ་ཤས་བགྲང་བྱ་༡༠༠༠ལྷག་ཙམ་གནས་པ་ཡང་ཡོད།

སྤྱད་སྒོ་[རྩོམ་སྒྲིག]

བལྟ་བྱའི་རྩི་ཤིང་ཞིག་ལ་རྩིས་ནས་གསོ་ཚག་བྱེད་ཀྱི་ཡོད་། ནང་ཆོས་དགོན་པས་ཤུག་པའི་ཤིང་བེད་སྤྱད་ནས་དགོན་པའི་ཁང་གཞིས་རྒྱག་གི་ཡོད་

དཔྱད་གཞི་[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག:

ཕྱི་འབྲེལ་[རྩོམ་སྒྲིག]

ལྦེ་ཁེ་མཉམ་སྤྱོད་ཐོན་ཁུངས་ཁྲོད་ཀྱི་འབྲེལ་ཡོད་སྨྱན་སྦྱོར་མང་པོའི་ཐོན་ཁུངས:


Template:སྨན་ཤིང་

Template:Plant-stub

"https://bo.wikipedia.org/w/index.php?title=ཤུག་པ་&oldid=123055"ལས་སླར་རྙེད་སོང།