ཤར་པའི་སྐད།
Appearance
ཤར་པའི་སྐད་ (शेर्पा भाषा, Sherpa Language), [[༡]][[༢]] ནི་གཙོ་བོ་བལ་ཡུལ་དང་། གཞན་ཡང་། འབྲུག་ཡུལ། རྒྱ་གར། བོད་ཡུལ་བཅས་སུ་སྤྱོད་པའི་སྐད་ཡིག་ཅིག་སྟེ། ཁམས་པའི་མི་རིགས་ལས་གྱེས་པའི་ཤར་པ་རྣམས་ཀྱི་ཕ་སྐད་ཡིན། ཁ་སྐད་ཀྱི་འགྲོས་ལ་མི་འདྲ་བ་མཆིས་ཀྱང་། ཡིག་སྐད་ལ་བརྒྱ་ཆའི་དགུ་བཅུ་ཡོངས་གྲགས་ཀྱི་བོད་སྐད་དང་མཐུན་ཞིང་། བརྒྱ་ཆ་བཅུ་གདོད་མའི་བརྡ་རྙིང་པའི་ཐ་སྙད་སོར་བཞག་གིས་བེད་སྤྱོད་བྱེད། དེ་བཞིན་ཀློག་སྟངས་ཀྱི་འགྲོས་ཀྱང་དེང་སང་ཡོངས་གྲགས་ཀྱི་བོད་སྐད་དང་ཅུང་མི་འདྲ་སྟེ། ཐ་སྙད་མང་པོ་ཞིག་ཀློག་སྐབས་རྒྱ་གར་གྱི་སྐད་བཞིན་དབྱངས་གསལ་མིང་གཞི་དང་བཅས་པའི་སྒྲ་གདངས་ཁམས་གཙང་དུ་ཀློག་པ་ཧ་ཅང་མང་།