Jump to content

ཡོང་ཁུངས་Wikipedia

ཤ བོད་ཡིག་གསལ་བྱེད་ཉེར་བདུན་པ། འདིའི་ང་རོ་འདོན་ཚུལ་ལ་སྐྱེ་གནས་རྐན་དང༌། བྱེད་པ་ལྕེ་དབུས། ནང་གི་རྩོལ་བ་མགྲིན་པ་ཕྱེ་བ་དང༌། ཕྱིའི་རྩོལ་བ་སྲོག་ཆེན་དྲོ་ཞིང་སྒྲ་མེད་པ། 2.མིང་གཞིའི་མོ་ཡིག་ཅིག 3.ཁྲག་གི་དྭངས་མའམ་སྲོག་ཆགས་ཀྱི་ལུས་ཆགས་བྱེད་ཀྱི་དངོས་པོ་དམར་ལ་སྙི་བའི་མིང་སྟེ། (དཔེར་ན།) གཡག་ཤ། ལུག་ཤ། སྐུ་ཤ། ཉྭ་ཤ། ཤ་ཚོན་པོ། ཤ་སྣག ཤ་རྒྱགས་པ། ཤ་ཡི་ཕུང་པོ་ཆེ། ཤ་སྦྱགས་པ། སྙིང་རྩ་འདར་ཞིང་ཤ་ཚན་འཕྲིག་ཅེས་པ་ལྟ་བུ། མིང་གི་རྣམ་གྲངས་ལ་ཁྲག་སྐྱེས་དང༌། ཁྲག་ལས་གྱུར་པ། མཾ་ས། ལུས་ཟུངས་གསུམ་པ་བཅས་སོ། །

"https://bo.wikipedia.org/w/index.php?title=ཤ&oldid=70247"ལས་སླར་རྙེད་སོང།