ལྷོ་བྲག་ཆོས་འབྱུང་མཁས་པའི་དགའ་སྟོན།

ཡོང་ཁུངས་Wikipedia

དམ་པའི་ཆོས་ཀྱི་འཁོར་ལོས་བསྒྱུར་པ་རྣམས་ཀྱི་བྱུང་བ་གསལ་བར་བྱེད་པ་མཁས་པའི་དགའ་སྟོན་ཞེས་བྱ་བ་ཤོག་ལྷེ་བདུན་བརྒྱ་དགུ་བཅུ་གོ་གཅིག་ཡོད་པ་འདི་བོད་ཀྱི་དེབ་ཐེར་ཤིན་ཏུ་རྒྱས་པ་ཞིག་ཡིན། འདིའི་པར་ཤིང་ལྷོ་བྲག་དོ་བ་རྫོང་གི་ལྷ་ལུང་དགོན་དུ་ཡོད་པས་ལྷོ་བྲག་ཆོས་འབྱུང་ཞེས་གྲགས། མཛད་པོ་དཔའ་བོ་གཙུག་ལག་ཕྲེང་བས་ཀརྨ་པ་ཞྭ་ནག་གི་ཡང་སྲིད་བརྒྱད་པ་མི་བསྐྱོད་རྡོ་རྗེ་བསྟེན་ནས་རིག་གནས་ཀུན་ལ་མཁས་པར་སྦྱངས་པས་མཁྱེན་སྒོ་ཤིན་ཏུ་ཡངས་པར་གྱུར། གཞུང་འདིའི་ལེའུ་བཅུ་བདུན་སྤྱི་དང་། ཁྱད་པར་དུ་བོད་ཀྱི་རྒྱལ་རབས་སྐབས་སུ་ལོ་རྒྱུས་ཀྱི་བང ་མཛོད་མཐའ་ཡས་པ་ལ་དཔྱད་དེ་ཡིག་ཆ་དཀོན་པོའི་རིགས་ལས་ལུང་ལེགས་པར་དྲངས་ཡོད་པས་ལོ་རྒྱུས་དོན་དུ་གཉེར་བ་པོ་རྣམས་ཀྱི་དགའ་སྟོན་དུ་གྱུར། ལོ་རྒྱུས་འགའ་ཞིག་ཏུ་དེ་ལ་དགག་བཞག་ཟུར་ཟ་བྱས་པའི་གཏམ་ཡང་སྣང་ངོ།