ལྡེ་སྤྲིན་བཙན།
མཐོང་རིས་
ལྡེ་སྤྲིན་བཙན་ནི་བོད་ཀྱི་བཙན་པོ་ཞིག་རེད། ( རྒྱལ་སྲིན་བརྩན་ཞེས་པའང་སྣང )བོད་རྒྱལ་ཉེར་གསུམ་པ། ལྡེ་བརྒྱད་ཀྱི་ཡ་གྱལ། ཡབ་ལྡེ་རྒྱལ་པོ་དང་ཡུམ་སྨན་བཙུན་ལུག་སྐོང་གི་སྲས། ཞང་ཞུང་མུ་ལ་མ་ཧོས་སྐུ་བོན་བྱས། ཉེ་བཙུན་མང་མ་རྗེའམ་གཉན་བཙུན་མང་མོ་རྗེ་ཁབ་ཏུ་བཞེས་པར་སྲས་རྒྱལ་ཏོ་རེ་ལོང་བཙན་འཁྲུངས། ལྡེ་བརྒྱད་བང་སོ་ཆུ་བོའི་གཞུང་ལ་བཏབ། མཚོ་ལ་ཁ་བ་བབ་པ་འདྲའོ་སྐད།