ལྡེ་འཕྲུལ་ནམ་གཞུང་།
མཐོང་རིས་
ལྡེ་འཕྲུལ་ནམ་གཞུང་ནི་བོད་ཀྱི་བཙན་པོ་ཞིག་རེད། ( འཕྲུལ་ནམ་གཞུང་བཙན་ལྡེ་ཞེས་པའང་སྣང )བོད་རྒྱལ་བཅུ་བདུན་པ། ལྡེ་བརྒྱད་ཀྱི་ཡ་གྱལ། ཡབ་ཟ་ནམ་ཟིན་ལྡེ་དང་ཡུམ་མཚོ་སྨན་ཁྲི་དཀར་གྱི་སྲས། ཞང་ཞུང་མཚོ་མི་ཀུན་སྣང་གིས་སྐུ་བོན་བྱས། སེ་གཉན་མེར་མོའམ་བསེ་གཉན་མང་མོ་ཁབ་ཏུ་བཞེས་པར་སྲས་སེ་སྣོལ་ནམ་ལྡེ་འཁྲུངས།