ལྟ་མཁར་རིན་པོ་ཆེ་

ཡོང་ཁུངས་Wikipedia

རྒྱལ་ཐང་ལྷ་མཁར་རིན་པོ་ཆེའི་སྐུ་ཐོག་དང་པོ་རྒྱལ་ཐང་གཏེར་མ་རོང་མཁར་ཆེན་ཚང་གི དགེ་བཤེས་མཁས་བཙུན་བཟང་གསུམ་འཛོམས་པའི་སྙན་གྲགས་ཅན་ཞིག་བྱུང་འདུག་པ་དེའི་ཡང་སྲིད་མཁར་ཆེན་སྐུ་ཕྲེང་གོང་མ་ཡང་མཁར་ཆེན་ཚང་གི་ནང་དུ་འཁྲུངས་ཤིང་གྲྭ་ས་སེར་སྨད་སྤོམ་ར་ཁང་ཚན་དུ་སྒྲིག་ཞུགས་ཀྱིས་གསན་བསམ་མཐར་ཕྱིན་པར་མཛད་ཅིང་དགེ་བཤེས་ལྷ་རམ་པའི་མཚན་རྟགས་བཞེས། དཔལ་ལྡན་རྒྱུད་སྟོད་པར་ཆོས་འགྲིམས་སོགས་ལེགས་པར་མཛད་པས་མཚན་སྙན་ཡོངས་གྲགས་སུ་གྱུར། རང་ཡུལ་དུ་ཕྱི་ཕེབས་ནས་རྩེ་གཅིག་སྒྲུབ་པ་ལ་གཞོལ་བཞིན་སྐལ་ལྡན་གྱི་གདུལ་བྱ་གྲངས་ལས་འདས་པར་མོས་ངོས་དང་འཚམ་པའི་ཆོས་འཁོར་རྒྱུན་མར་བསྐོར་བ་དང་དགུང་གྲངས་དྲུག་ཅུ་རེ་གསུམ་སྐོར་ཕེབས་སྐབས་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་ཚུལ་བསྟན་པ་དེའི་ཡང་སྤྲུལ་ད་ལྟའི་ལྷ་མཁར་རིན་པོ་ཆེ་རྒྱ་གར་ལ་འཚོ་བཞུགས་ཡོད་པ་འདི་ཉིད་ཡིན།