ལྕགས་རྟ་བཞོན་པའི་ཕན་ཡོད་

ཡོང་ཁུངས་Wikipedia

དེང་སང་མི་རྣམས་ཀྱི་ཁོར་ཡུག་སྲུང་སྐྱོང་འདུ་ཤེས་དང་། བདེ་སྲུང་གི་བསམ་བློ་གཏིང་ཇེ་ཟབ་ཏུ་འགྲོ་བ་དང་ཆབས་ཅིགམི་མང་པོ་ཞིག་གིས་རྐང་འཁོར་བཞོན་ནས་འགྲོ་སྐྱོད་བྱེད་ཀྱི་ཡོད། རྐང་འཁོར་བཞོན་ན་ཕན་ཡོན་མང་པོ་ཡོད་པས་བྱ་སྤྱོད་དེ་དར་སྤེལ་གཏོང་དགོས་པ་ཞིག་ཡིན།རྐང་འཁོར་བཞོན་པ་དང་རྒྱུག་ཤར་གློད་རྒྱུར་དགའ་བའི་གཞོན་ནུ་རྣམས་དར་མར་སླེབས་སྐབས་སྙིང་ནད་ཕོག་པའི་ཉེན་ཁ་ལྷག་པར་ཆུང་བ་ཡོད། དེའི་ཐོག་ནས་རྐང་འཁོར་བཞོན་པ་དང་རྒྱུག་ཤར་གློད་པ་སོགས་ཀྱི་ལུས་སྦྱོང་བྱས་ན་སྙིང་ནད་སྔོན་འགོག་ཐུབ་པར་ཤེས་རྟོགས་བྱུང་ཡོད།རྐང་འཁོར་བཞོན་ན་ད་དུང་ཁྲག་ཤེད་གཅོག་པའི་ནུས་པ་ཐོན་ཐུབ་པ་དང་། གཞན་ཡང་ཤ་རྒྱགས་པ་རྣམས་རྐང་འཁོར་བཞོན་རྒྱུ་རྒྱུན་འཁྱོངས་བྱས་ན་ཤ་རིད་དུ་འགྲོ་ཐུབ།དེར་བརྟེན་ཁོམ་པ་བྱུང་ཚེ་རྐང་འཁོར་བཞོན་པ་དང་། ཆུ་རྐྱལ་རྒྱག་པ་སོགས་བྱས་ན་ཕན་ཐོགས་ཆེན་པོ་ཡོད།ཡིན་ནའང་གལ་སྲིད་མདུན་ཆགས་གཤེར་རྨེན་གྱི་ནད་ཡོད་ན། རྐང་འཁོར་གཏན་ནས་བཞོན་རྒྱུ་མེད།