Jump to content

ལེགས་རྩོམ་སྙིང་བསྡུས།

ཡོང་ཁུངས་Wikipedia

ལེགས་རྩོམ་སྙིང་བསྡུས་ཞེས་པ་ནི་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་༼ སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ།༽ཡིས་རྩོམ་སྒྲིག་བྱས་པའི་ཁྱད་ཆོས་ལྔ་ལྡན་གྱི་རྩོམ་བཏུས་སློབ་དེབ་ཅིག་རེད།

  • དེབ་འདིའི་རྩོམ་སྒྲིག་པ།
  1. རྩོམ་སྒྲིག་པ་གཙོ་བོ། གཟན་དཀར་རིན་པོ་ཆེ།
  2. གཙོ་སྒྲིག་པ་གཞོན་པ། མི་ཉག་བུ་ཕྲུག
  3. རྩོམ་སྒྲིག་པ། ཡེ་ཤེས་དར་རྒྱས། པདྨ་རྒྱལ་མཚན། ཡོན་ཏན་ཚེ་རིང་། གནས་བརྟན་ཚེ་རིང་། བུ་ལེགས་༼དཔལ་ལྡན་ལེགས་བཤད།༽བཅས་སོ། །
  • དེབ་འདིའི་ཁྱད་ཆོས་ལྔ།
  1. གོ་རིམ་བཀོད་སྒྲིག་ལེགས་པ།
  2. ཉེར་མཁོའི་གནད་གསལ་ལ་གོ་བདེ་བ།
  3. བློ་རབ་འབྲིང་ཐ་གསུམ་གྱི་དགོས་མཁོ་དང་འཚམ་པ།
  4. རིས་སུ་མ་ཆད་པའི་གྲུབ་མཐའི་བཞེད་སྲོལ་ཤེས་རྟོགས་ལ་ཕན་པ།
  5. བློ་སྒོ་ཕྱེ་བར་ཕན་པ།

གོང་སྨོས་ཁྱད་ཆོས་ལྔ་པོ་ནི་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་ཕྱོགས་སྡོམ་མཛད་པ་རེད།

  • དེབ་སྤྱིའི་ངོ་སྤྲོད།

སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་བདམ་བསྒྲིགས་བྱས་པའི་དེབ་འདིའི་ནང་གནའ་རབས་རྒྱ་གར་གྱི་དམ་པ་རྣམས་ཀྱིས་རིག་པའི་བཅུད་དུ་བསྒྲུབས་པའི་ལེགས་བཤད་དང་བསྟོད་ཚིག་གང་འཚམ་དང་། སྔོན་བྱོན་བོད་ཀྱི་མཁས་པས་མཛད་པའི་བཅད་ལྷུག་སྤེལ་གསུམ་གྱི་ལྗགས་རྩོམ་ཅི་རིགས་བཀོད་ཡོད། དེ་མིན་བོད་དམངས་ཁྲོད་ཀྱི་སྒྲུང་གཏམ་ཉུང་ཤས་ཤིག་ཀྱང་བསྡུས་ཡོད། ཀློག་བདེ་བའི་ཆེད་དུ་རྩོམ་སོ་སོའི་མཐར་བརྡ་འགྲོལ་ཡང་གང་འཚམ་ཞིག་དང་། དེབ་མཇུག་ཏུ་ལུང་ཁུངས་རེའུ་མིག་ཀྱང་བཞུགས་པ་འདི་པེ་ཅིན་དུ་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། སྤྱི་ལོ༡༩༩༡ ཟླ༦ ཚེས༡ ལ་པར་གཞི་དང་པོ་བསྒྲིགས། ༡༩༩༨ ལོའི་ཟླ༨ ལ་པར་ཐེངས་གཉིས་པ་བརྒྱབ། དེབ་ཚད་༨༥༠×༡༡༦༨ ། དཔར་ཤོག་༡༡་༨༧༥ ཡིན། དེབ་དངོས་གཞི་ལ་ཤོག་ངོས༣༥༨ བཞུགས། ད་ལྟ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་སོགས་སློབ་གྲྭ་མི་ཉུང་བས་སློབ་དེབ་ཏུ་བེད་སྤྱོད་གཏོང་བཞིན་པའོ། །