ལུས་ལ་དངུལ་རྒྱན་འདོགས་པའི་རྒྱུ་མཚན་

ཡོང་ཁུངས་Wikipedia

གནའ་བོའི་དུས་ལ་ཕོ་མོ་དབྱེར་བ་མེད་པར་དངུལ་གྱི་ལག་གདུབ་གོན་སྲོལ་ཡོད་པ་དང་། བུ་མོའི་དངུལ་གདུབ་གོན་པ་ནི་གཉེན་བསྒྲིགས་ཟིན་པའི་རྟགས་དང་། བུས་དངུལ་གདུབ་གོན་པ་ནི་མིང་ཐོབ་ཀྱི་རྟགས་སུ་བརྩི། དེང་གི་གསོ་རིག་པས་ནི་དངུལ་གྱིས་ནད་འབུ་སེལ་བ་དང་གཉན་ཁ་བཅགས་པ། དུག་འདོན་ལུས་ཟུངས་གསོ་བ། ཚེ་བསྲིངས་བ། ཡུན་རིང་བེད་སྤྱོད་བྱས་ན་མགྱོགས་པོར་རྙིང་འདོར་གསར་ལེན་གྱིས་ནད་ཡམས་འགོག་རྒོལ་གྱི་ནུས་པ་མཐོ་རུ་གཏོང་ཐུབ་པར་བཤད། རྒྱུན་པར་དངུལ་རྒྱན་རིགས་བཏགས་ན་གཟུགས་པོ་བདེ་ཐང་ལ་ཕན་པ་བརྒྱ་ལས་གནོད་པ་སྤུ་ཙམ་མེད་དོ།།

བུ་མོས་དངུལ་གྱི་ལག་གདུབ་གྱོན་ན་མཛེས་པ་མ་ཟད་ལུས་ལ་ཡང་ཕན་པ་ཆེ། དངུལ་གྲུང་ལ་ཡ་མཚན་པའི་ཁྱད་ཆོས་ཤིག་ཡོད་པ་ནི། གཟུགས་གཞི་ལེགས་པའི་མི་ཞིག་གིས་དངུལ་རྒྱན་ཇི་ཙམ་བཏགས་ན་དེ་ཙམ་གྱིས་མདངས་གསལ་དུ་འགྲོ། ལྡོག་སྟེ་ལུས་སྟོབས་ཞན་པའི་དུག་རྒྱུ་མང་བ་ཞིག་ཡིན་ན་དངུལ་རྒྱན་ཉིད་ལམ་སང་ནག་ཏུ་འགྲོ་བ་བཅས་དངུལ་རྒྱན་གྱི་དབྱང་འགྱུར་འགོག་པའི་རང་བཞིན་དང་བཀྲག་མདངས་རྒྱུན་སྲིང་གི་ངོ་བོ་གཉིས་ལ་ཐད་ཀར་འབྲེལ་བ་ཡོད། དཔེར་ན་གནའ་སྔ་མོ་ཟས་ལ་དུག་ཡོད་མེད་བརྟགས་པའི་དངུལ་ཁབ་ལྟར་དུག་ཡོད་ན་ལམ་སང་ནག་པོར་འགྲོ་བ་བཞིན་ནོ།། དེར་བརྟེན་དངུལ་རྒྱན་རྒྱུན་དུ་བཏགས་ན་ལུས་ནང་གི་དུག་ཕྱི་རུ་འདོན་པའི་ཕན་ནུས་ཆེའོ།།

གཅིག དངུལ་གདུབ་སམ་དངུལ་རྒྱན་བཏགས་ན་ཕན་པ་གང་ཡོད་དམ།

གཅིག དངུལ་གྱི་གྱེས་རྡུལ་ལ་སྲིན་སེལ་གྱི་ནུས་པ་ཤུགས་ཆེན་ཡོད་པ། དངུལ་ནང་དངུལ་གྱི་གྱེས་རྡུལ་ཡོད་པས་སྲིན་སེལ་ནུས་པ་ཤུགས་ཆེན་ཡོད། ལུས་ལ་ཕན་འདྲོང་ཆེ་བ་མ་ཟད། དངུལ་གྱི་ཚ་འདྲེན་རང་བཞིན་དེ་ལྕགས་རིགས་ཀུན་ལས་འབུར་ཐོན་ཡིན་པས་དེ་འདྲའི་མངོན་གསལ་དོད་པའི་ཚ་འདྲེན་ནུས་པས་ལམ་སང་ཁྲག་རྩའི་ཚ་བ་འགྲེམ་པ་དང་བཅག་ཐུབ།

གཉིས། དངུལ་ལ་དུག་ལེན་གྱི་ནུས་པ་ཡོད་པ། དངུལ་ལ་ད་དུང་དུག་ལེན་གྱི་ནུས་པ་ཡོད་པས་དེ་ནི་ཁོ་རང་མདོག་འགྱུར་བའི་རྒྱུ་རྐྱེན་གཅིག་ཀྱང་རེད། དེར་བརྟེན་ཁྱད་འཕགས་ཀྱི་དུག་སེལ་ནུས་པ་ཡོད་པ་རེད། མདོག་འགྱུར་བ་ནི་ཕྱི་ངོས་ཙམ་ཡིན་པས་སོ་སྨན་དང་སྨན་རྫས་སོགས་ཀྱིས་གཙང་མ་བཟོ་ཐུབ།

གསུམ། དངུལ་ལ་ལུས་ཁམས་བདེ་སྲུང་གི་ཕན་ནུས་ཡོད་པ། རྒྱུན་པར་དངུལ་རྒྱན་བཏགས་ན་ལུས་ལ་ཡོད་པའི་དུག་རྫས་རིགས་སྙོམས་སྦྱོར་ནུས་པ་མ་ཟད་རྨ་ཁ་མགྱོགས་པོ་དྲག་པ། འགོ་ནད་སྔོན་འགོག་ཐུབ་པ། ཆུ་གཙང་བཟོ་དང་རུལ་འགོག་གསོས་ཉར་གྱི་ནུས་པ་བཅས་ཡོད། སོག་འབྲོག་གིས་འོ་མ་དངུལ་སྣོད་ནང་བླུགས་རྒྱུ་དགའ་པོ་བྱེད། ཚན་རིག་གི་ཁུངས་ཀྱང་ཡོད་འདུག

ཀ འོ་མར་དངུལ་གྱི་གྱེས་རྡུལ་ཏོག་ཙམ་ཐིམ་བསྡད་པ་དེས་འོ་མའི་ནང་གི་ནད་འབུ་བསད་ནས་འོ་མ་རུལ་བ་འགོག་ཐུབ།

ཁ། དངུལ་སྣོད་ནང་འོ་མ་བླུགས་ན་མིའི་ལུས་པོ་ལ་དགོས་ངེས་ཀྱི་དངུལ་རྒྱུ་བསྣོན་ཐུབ།

ག དངུལ་ནི་ཚ་བ་འདྲེན་སླ་བས་འོ་མ་གྲང་སླ་བ།

ང་། དངུལ་གྱི་རྫས་འགྱུར་ངོ་བོ་བརྟན་པ་དང་དངུལ་སྣོད་ནི་སྲ་བ་དང་སྤྱོད་ཤན་ཆེ་བའོ།།

གཉིས། ད་དུང་ཕན་ནུས་གཞན་དག་ཡོད་པ།

གཅིག གཉན་ཁ་འཇོམས་པ། གནའ་ནས་ད་བར་མཛེས་པར་དགའ་བའི་བུད་མེད་ཚོས་རྣ་ཕུག་ནས་རྣ་རྒྱན་འདོགས་རྒྱུར་དགའ་པོ་ཡོད། རྣ་འབིགས་མྱོང་མཁན་ཚོས་ཤེས་གསལ་ལྟར་རྣ་ཕུག་ཚར་མ་ཐག་ལྕགས་ཀྱི་རྣ་རྒྱན་ཞིག་བཏགས་ན་བརྒྱ་ཆ་བརྒྱ་གཉན་ཚད་རྒྱས་པ་དང་། དངུལ་རྒྱན་ཞིག་འདོགས་ན་གཉན་ཚད་མེད་པའི་ཁར་རྨ་ཁ་ཡང་སོས་སླ་མོ་ཡོད། ཨམ་ཆོག་རང་ངོས་ནས་རིན་ཐང་ཆེ་བའི་དངུལ་རྒྱན་ལ་དགའ་ཆེ་བས་མ་ཡིན་ཀྱང་། དངུལ་ལ་གཉན་ཚད་འཇོམས་པ་དང་རྨ་ཁ་གསོ་བའི་ནུས་པ་ཡོད་པས་ཡིན།

གཉིས། གྲུམ་བུ་སེལ་བ། དཔེར་ན་ཀྲུང་ལུགས་ཀྱི་བཅོས་ཐབས་ནང་ནས་ཁབ་བཙའ་ལྟ་བུ་དངུལ་ཁབ་གྱིས་བཅོས་ཐབས། དཔེར་ན། སི་ཁྲོན་གཞོང་དབྱིབས་ས་ཁུལ་དག་ལ་ས་བབས་ཀྱི་དབང་གིས་གཞའ་བརླན་ཆེ་བས། དངུལ་ཆས་ལ་གྲུམ་སེལ་གྱི་ནུས་པ་ཡོད་པར་བརྟེན། ས་ཆ་དེའི་གའི་མི་རྣམས་ཀྱིས་དངུལ་རྒྱན་ལ་དོ་སྣང་ཧ་ཅང་ཆེ། སི་ཁྲོན་ལང་ཧྲིན་ལུང་པར་ས་ཆ་དེ་གའི་དབྱིས་རིགས་ལ་ཆེད་ཕན་བཅོས་ཐབས་ཤིག་ཡོད་པ་རེད། མི་ན་ཡོང་བའི་སྐབས་བྱ་སྒོང་གཅིག་བཙོས་ནས་སྒོང་ཀོག་བཤུ། སྒོ་ངའི་སེར་ཐིག་ཚུར་ལེན་ནས་དེ་མས་ལ་དངུལ་རྡོག་གཅིག་བཏུམ། དེ་ཨ་ཅོར་ཚ་མོ་ཞིག་གི་ནང་བཏུམ་ནས་ནད་པའི་སྲིན་ཁུང་དང་ལྟེ་མིག དེ་བཞིན་ལག་པའི་མཁྲིག་མའི་ནང་ཟུར་ལ་ཕར་ཚུར་འགྲིལ་ན། སྒོ་ང་འཁྱག་པ་ཆགས་པ་དང་ནང་གི་དངུལ་དེ་ལེན་ནས་བལྟས་ན་དངུལ་དེ་ཕྱི་ངོས་ནག་པོར་ཆགས་པ་མཐོང་ཐུབ། དེ་ནི་ནད་པའི་ལུས་ནང་གི་རྔོ་དང་ཆུ་ཐོར་དག་འཐེན་ཡོང་བར་ངོས་བཟུང་།

གསུམ། ཆུ་གཙང་བཟོ་ནུས་པ། དངུལ་གྱི་གྱེས་རྡུལ་གྱིས་དུག་སྲིན་བསད་ནས་ཆུ་གཙང་བཟོ་ཐུབ། ཚོད་བལྟ་བྱས་པ་བརྒྱུད། ལྕགས་མདོང་ཞིག་དང་དངུལ་མདོང་ཞིག་སོ་སོར་ཆུ་གང་རེ་ལྡུག་ནས་ཟླ་བ་གཅིག་རིང་ཁ་འབྱེད་ནས་བཞག་ན་རྗེས་སུ་ལྕགས་མདོང་ནང་ལྷག་པའི་ཆུ་ནི་ལྗང་ཁུ་བཙོག་པར་ཆགས་པ་དང་། དངུལ་མདོང་ནང་ལྷག་པ་ནི་ཆུ་གཙང་རང་འཇགས་སུ་གནས་པ་ཧ་གོ། ད་དུང་དངུལ་གྱི་གྱེས་རྡུལ་དང་ཆང་བཅུད་གཉིས་ཧ་ཅང་སྙོམས་པ་ཡིན་པས་དངུལ་གྱི་བཏུང་སྣོད་ནང་ཨ་རག་བཏུང་ན་བྲོ་བ་ཆེ།

གནའ་དུས་ནས་ཀྱང་མི་ཚོས་དངུལ་ནི་ཁོག་ན་བཏུང་བ། ཕྱི་ལ་སྤྱོད་ཆོག་པ་ཧ་གོ་ཡོད། ཕྱི་ལ་སྤྱོད་པ་ནི་དངུལ་ཁབ་གྱིས་ཁབ་བཙའ་བྱེད་པ་དང་དངུལ་ལེབ་མོས་ཀྱིས་རྨ་ཁ་བཀབ་ནས་འགོ་འགོག་བྱེད་པ་ལྟ་བུ་རེད། ཁོག་ན་བཏུང་ཚུལ་ནི་དམར་རྐྱང་དུ་སྲེག་པའི་དངུལ་རྡོག་ཞིག་ཆུ་ནང་བླུགས་ནས་ཆུ་གྲང་བ་དང་བསྟུན་བཏུང་ན་ཕོ་བ་དང་རྒྱུ་མའི་ནད་ལ་ཕན་ནུས་ཧ་ཅང་ཆེའོ།།