ལུའོ་མུའུ་ལུའོ་སི་དང་རུའེ་མོ་སི།
Appearance
དུས་རབས་༢པའི་སྐབས་སུ་མི་རྣམས་ཀྱིས་རོ་མས་མཁར་རྫོང་བསྐྲུན་པའི་སྐོར་གྱི་ལྷ་སྒྲུང་རྟོག་བཟོ་བྱས། ངག་རྒྱུན་དུ་ཐེ་ལུའོ་དབྱི་དམག་འཁྲུག་གི་དཔའ་བོ་ཨའེ་ཉི་ཨ་སིས་ཐེ་ལུའོ་དབྱི་མཁར་རྫོང་གཞན་གྱིས་བླངས་རྗེས་མི་སྐོར་ཞིག་ཁྲིད་ནས་བྲོས་ཏེ་ལ་ལུང་མང་པོ་བརྒལ་མཐར་ཨི་ཊ་ལིར་སླེབས་ནས་རང་ཉིད་ཀྱི་རྒྱལ་རབས་བཙུགས། ཁོའི་ཕྱི་རབས་པ་བུ་མཚེ་མ་གཉིས་ཏེ་ལུའོ་མུའུ་ལུའོ་སི་དང་རུའེ་མོ་སི་སྐྱེས་མ་ཐག་རྒྱལ་ས་གཞན་ལ་ཤོར་བའི་ཨ་མུའུ་ལུའི་ཡིས་མཁོ་མེད་དུ་དབྱུགས་མོད། སྟབས་ལེགས་པ་ཞིག་ལ་སྤྱང་མ་ཞིག་གིས་བསྐྱབས་ཏེ་རང་ཉིད་འོ་མས་གསོས། སྤྱི་ལོའི་སྔོན་གྱི་༧༥༣ལོར། ལུའོ་མུའུ་ལུའོ་སིས་ཐའེ་པོ་ཆུ་བོའི་གཡོན་འགྲམ་གྱི་རི་མགོར་རོ་མས་མཁར་རྫོང་བསྐྲུན།[༡]
མི་ཚེ།
[རྩོམ་སྒྲིག]པར་རིས་བར་འཁྱམས།
[རྩོམ་སྒྲིག]ཟིན་ཐོ་འམ་དཔྱད་གཞི།
[རྩོམ་སྒྲིག]- ↑ "ལོ་ཆུང་བྱིས་པའི་ཤེས་བྱའི་གཏེར་མཛོད།" ༼གནའ་བོའི་རོ་མའི་དར་རྒྱུད།༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༦