ལིའི་དྷ་དབྱིས།
ལིའི་དྷ་དབྱིས། | |
---|---|
སྐྱེ་ས། | 江蘇省 |
རྒྱལ་ཁོངས་ | ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ། |
སྐད་ཆ། | དབྱིན་ཡིག |
མ་ཡུམ་སློབ་གྲྭ་ | Southeast University |
ལས་རིགས། | computer scientist, university teacher |
ཨ་ཕ། | Li Yueru |
ཨ་མ་ | Hua Shuhui |
གཅེན་གཅུང་མིང་སྲིང་ | Li Deren |
Template loop detected: Template:Infobox person/Wikidata | |
ལིའི་དྷ་དབྱིས། ཕོ། བཀོད་འདོམས་རང་འགུལ་ཅན་དང་མི་བཟོས་རིག་ནུས་ཀྱི་རིགས་གཅིག་མཁས་པ་ཡིན། སྤྱིི་ལོ༡༩༤༤ ལོའི་ཟླ༡༡པར་ཅང་སུའུ་ཞིང་ཆེན་ཐའེ་རྫོང་ (དེང་གི་ཅང་སུའུ་ཞིང་ཆེན་ཐའེ་ཀྲོའུ་གྲོང་ཁྱེར་ཆང་ཡན་ཆུས )དུ་སྐུ་འཁྲུངས། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོའན་ཧྲི་དང་ཡོ་རོབ་དང་ཨེ་ཤ་ཡའི་ཚན་རིག་གླིང་གི་ཡོའན་ཧྲི། བཀོད་འདོམས་རང་འགུལ་ཅན་དང་མི་བཟོས་རིག་ནུས་ཀྱི་རིགས་གཅིག་མཁས་པ་བཅས་ཡིན། སྤྱི་ལོ༡༩༤༤ ལོར་ཅང་སུའུ་ཞིང་ཆེན་དུ་སྐྱེས། སྤྱི་ལོ༡༩༦༧ལོར་ནན་ཅིང་བཟོ་རིག་སློབ་གླིང་(ད་ལྟའི་ཤར་ལྷོ་སློབ་ཆེན) ནས་སློབ་མཐར་ཕྱིན། སྤྱི་ལོ༡༩༨༣ལོར་དབྱིན་ཇིའི་ཨའེ་ཏིང་པའོ་ཧའེ་ཝ་ཐེ་སློབ་ཆེན་ནས་འབུམ་རམས་པའི་སློབ་གནས་ཐོབ། ད་ལྟ་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་སྤྱི་ཁྱབ་ཇུས་འདོན་པུའི་ཞིབ་འཇུག་ཁང་ཨང་༦༡པའི་ཞིབ་འཇུག་པ། ཀྲུང་གོའི་བཀོད་འདོམས་དང་ཚོད་འཛིན་སློབ་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ། ཀྲུང་གོའི་མི་ཐབས་རིག་ནུས་སློབ་ཚོགས་ཀྱི་ལས་འཛིན་སྤྱི་དཔོན་བཅས་རེད། སྐུ་ཞབས་ལིའི་དྷ་དབྱིས་ཀྱིས་གློག་རྡུལ་ཆ་འཕྲིན་མ་ལག་གི་ལས་གྲྭ་གལ་ཆེན་མང་པོ་ཞིག་ནང་ཞིབ་འཇུག་གསར་བཟོ་དང་གསར་སྤེལ་གྱི་བྱ་བར་བཞུགས།“ཚོད་འཛིན་རྒྱུན། —གཞི་གྲངས་རྒྱུན། ”རི་མོ་དང་འབྲེལ་པའི་རིགས་པའི་གཞུང་ལུགས་དང་ཆ་ལག་ཚང་བའི་གཏན་ཚིགས་སྐད་བརྡ་མངོན་འགྱུར་བྱེད་ཐབས་སུ་བཏོན་ཡོད་པ་དང་། འབྲེལ་བའི་གཞི་གྲངས་མཛོད་ཀྱི་དཔེ་རྣམ་དང་རང་བཞིན་ལྡན་པའི་ལས་ཚིག་གཏན་ཚིགས་ཀྱི་འདྲ་མཚུངས་རང་བཞིན་ར་སྤྲོད་གནང་ཡོད། སྤྲིན་གྱི་དཔེ་དབྱིབས་དང་སྤྲིན་གྱི་འཕོ་འགྱུར། སྤྲིན་གྱི་རིགས་འདེད། སྤྲིན་ཚོད་འཛིན་སོགས་ཀྱི་ལྟ་བ་བཏོན་ནས་ཐབས་ཤེས་ངེས་གཏན་མེད་པའི་རང་བཞིན་ཤེས་རྟོགས་དང་སྤྲིན་གྱི་རྩིས་རྒྱག་ཁྱབ་ཁོངས་སུ་བེད་སྤྱོད་གནང་བས། རིག་ནུས་དོ་མཉམ་ཚོད་འཛིན་གྱི“རིམ་གསུམ་ལྡོག་ལངས་འགུལ་བསྐྱོད་དོ་མཉམ”ཚོད་ལྟ་དང་རིག་ནུས་འཁོར་བསྐྱོད་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། རྒྱལ་ཁབ་དང་ཞིང་ཆེན། པུའུ་རིམ་པའི་བྱ་དགའ་རིམ་པ་གཉིས་པ་ཡན་ཁག༩ཙམ་ཐོབ་ཡོད། རྣམ་གྲངས་གསར་སྤེལ་གྱི་ཁེ་བེད་བདག་ཐོབ་ཁག༡༠ཐོབ་པ་དང་། དཔྱད་རྩོམ་ཁག༡3༠ ལྷག་ཙམ་སྤེལ་ཡོད། རྒྱ་ཡིག་གི་གསུང་རྩོམ་དེབ༥དང་དབྱིན་ཡིག་གི་ཆེད་རྩོམ་དེབ་གསུམ་དཔར་སྐྲུན་གནང་ཡོད། ད་ལྟ་པེ་ཅིང་སྦྲག་ཏར་སློབ་ཆེན་རྩིས་འཁོར་སློབ་གླིང་གི་ཡོན་ཀྲང་ཡིན། ད་ལྟར་ཀྲུང་གོའི་གློག་རྡུལ་མ་ལག་ལས་གྲྭ་ཞིབ་འཇུག་སོའོ་ཡི་སོའོ་ཀྲང་གཞོན་པ་དང་། རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་ཐེབས་རྩ་ཨུ་ཡོན་ལྷན་ཁང་ཆ་འཕྲིན་ཚན་རིག་པུའུ་ཡི་ཀྲུའུ་རེན་གྱི་ཐུགས་འགན་བཞེས་བཞིན་ཡོད།