ལས་བྱང་རྩ་ཕྲེང་ཚོར་བ་རང་གྲོལ་

ཡོང་ཁུངས་Wikipedia

༁ྃ༔ ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས༔ ལས་བྱང་རྩ་ཕྲེང་ཚོར་བ་རང་གྲོལ་ཞེས་བྱ་བ་བཞུགས་སོ༔ ༔ཏྱ།མཏྱ།༔ ཀུན་བཟང་ཆེ་མཆོག་ཞི་ཁྲོའི་ལྷ་ཚོགས་དང་༔ དམ་པ་རིགས་བརྒྱ་འདུས་པའི་ལྷ་ཚོགས་ལ༔ གུས་པས་ཕྱག་འཚལ་རང་རིག་གྲོལ་ནས་ཀྱང་༔ འགྲོ་ཀུན་སྐུ་གསུམ་དོན་ལ་གནས་གྱུར་ཅིག༔ བདག་འདྲ་ཨོ་རྒྱན་པདྨ་འབྱུང་གནས་ངས༔ སྐལ་ལྡན་སྐྱེས་བུ་ལས་ཅན་རྣམས་ཀྱི་དོན༔ བདེ་གཤེགས་ཞི་ཁྲོ་འདུས་པའི་ལས་བྱང་བསྟན༔ འདི་ལྟར་ཉམས་སུ་ལོངས་ཤིག་རིགས་ཀྱི་བུ༔ ཤཱཏྱ།ཉྲཀྱཐྱཐྱ༔ འདི་ལ་སྤྱི་དོན་བཅོ་བརྒྱད་བསྟན༔ བཀའ་བསྒོ་མཚམས་གཅོད་ཕྱག་རྒྱ་བཟུང་༔ སྔོན་འགྲོ་ཡན་ལག་བཅུ་པ་དང་༔ སྨན་རཀ་གཏོར་གསུམ་བྱིན་བརླབ་དང་༔ གཞལ་ཡས་ཁོག་དབུབ་ལྷ་བསྐྱེད་དང་༔ སྤྱན་འདྲེན་བཞུགས་གསོལ་ཕྱག་འཚལ་ཞིང་༔ མཆོད་གཏོར་བསྟོད་བཤགས་ཚོགས་ལས་བྱ༔ བསྐུལ་དང་ཆད་མདོ་སྒོ་དབྱེ་དང་༔ གཏོར་སྐྱོང་གཏོར་བྲོ་སྨོན་ལམ་གདབ༔ ལེའུ་བཅོ་བརྒྱད་ལས་བྱང་གྲངས༔ སྐལ་ལྡན་རྣམས་ཀྱིས་ཉམས་སུ་ལོངས༔ བྱཏ།མ།༔ དང་པོ་བགེགས་ལ་བཀའ་བསྒོ་བ་ནི༔ ཧཱུྃ༔ ང་ཉིད་ལྷ་ཡི་ང་རྒྱལ་གྱིས༔ འོད་དང་འོད་ཟེར་ཕྱོགས་བཅུར་འཕྲོས༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཀུན༔ རང་རིག་སྟོང་གསལ་རིག་པའི་མདངས༔ ཀུན་བཟང་རིགས་ལྔ་རྡོ་རྗེ་སེམས༔ སྣང་ལ་རང་བཞིན་མེད་པ་ཡིས༔ རབ་ཏུ་གང་ནས་འོད་འཕྲོས་པས༔ ལུས་ངག་སེམས་ལ་གནོད་བྱེད་ཅིང་༔ མཆོད་པའི་མདངས་འཕྲོག་མ་རིག་བགེགས༔ ཉོན་མོངས་མ་རིག་རྒྱུ་ལས་བྱུང་༔ རྒྱུ་དྲུག་འཁོར་བའི་ལམ་དགག་ཕྱིར༔ འདི་རུ་མ་འདུག་རང་སར་དེངས༔ ཧཱུྃ་ཧཱུྃ་ཨུ་ཙ་ཏ་ཡ་ཕཊ༔ གཉིས་པ་མཚམས་གཅོད་འདི་སྐད་དོ༔ ཧཱུྃ༔ རང་རིག་རྡོ་རྗེ་སེམས་དཔའ་སྟེ༔ དུས་གསུམ་སངས་རྒྱས་འདུས་པའི་སྐུ༔ གཟི་བརྗིད་ལྡན་པའི་ཐུགས་ཀ་རུ༔ དྲག་པོའི་བྱིན་རླབས་རིག་རྩལ་ལས༔ གསང་བའི་བདག་པོ་རྡོ་རྗེ་འཛིན༔ སངས་རྒྱས་ཀུན་གྱིས་དབང་བསྐུར་ཞིང་༔ གདུག་པ་འདུལ་བར་རབ་བསྔགས་པས༔ ཐུགས་ཀྱི་སྤྲུལ་པས་སྟོང་གསུམ་ཁྱབ༔ དེ་ལས་འཕྲོས་པའི་འོད་ཟེར་ཚུལ༔ ཧཱུྃ་འཕྲོས་ཤར་ཕྱོགས་རྡོ་རྗེས་གཏམས༔ ཏྲཾ་འཕྲོས་ལྷོ་ཕྱོགས་རིན་ཆེན་གཏམས༔ ཧྲཱིཿའཕྲོས་ནུབ་ཕྱོགས་པདྨས་གཏམས༔ ཨཱཿའཕྲོས་བྱང་ཕྱོགས་རྒྱ་གྲམ་གཏམས༔ ཨོཾ་འཕྲོས་སྟེང་ཕྱོགས་འཁོར་ལོས་གཏམས༔ རྃ་འཕྲོས་ཕྱི་རོལ་མེ་དཔུང་འབར༔ རྡོ་རྗེ་རིན་ཆེན་པདྨ་དང་༔ རྒྱ་གྲམ་འཁོར་ལོ་མེ་རིའི་གུར༔ རིམ་པ་དྲུག་གི་ཚུལ་དུ་བསྐོར༔ བསྐལ་པ་སྟོངས་ཀྱང་མི་འཇིགས་ཅིང་༔ འབྱུང་བའི་གནོད་པས་ཚུགས་མི་འགྱུར༔ ཁྲོ་ཚོགས་སྤྲུལ་པ་དཔག་མེད་ཀྱིས༔ རབ་ཏུ་གཏམས་ཤིང་མཚམས་བཅད་དོ༔ ཨོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱཿ རྃ་ཧཱུྃ་བྷྲུཾ་དྷི་རྃ༔ བཛྲ་ཙཀྲ་རཀྵ་རཀྵ་ཧཱུྃ་ཕཊ༔ གསུམ་པ་ཕྱག་རྒྱ་བཟུང་བ་ནི༔ རྡོ་རྗེ་གཡས་ལ་དྲིལ་བུ་གཡོན༔ ལག་ཏུ་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ ཆོས་དབྱིངས་སྐྱེ་བ་མེད་པ་ལས༔ མ་འགགས་ཐབས་ཤེས་བརྡ་མཚོན་ཕྱིར༔ རྡོ་རྗེ་གསོར་ཞིང་དྲིལ་བུ་འཁྲོལ༔ འགྲོ་བ་སེམས་ཅན་ཐམས་ཅད་ཀུན༔ སད་ནས་སངས་རྒྱས་སར་འཇུག་ཕྱིར༔ ཡང་དག་ཉིད་དུ་བརྡས་མཚོན་ནོ༔ ཟུང་འཇུག་ལམ་ལ་མ་བརྟེན་པར༔ མཐར་ཕྱིན་འབྲས་བུ་ཐོབ་མི་སྲིད༔ ཐབས་ཤེས་ཡང་དག་ཉིད་ལ་འཇུག༔ བཛྲ་གྷནྡྷེ་དྷརྨ་ཧཱུྃ་ཨཱཿ བཞི་པ་ཡན་ལག་བཅུ་པ་ནི༔ ཚོགས་ཞིང་ནམ་མཁར་དམིགས་བྱས་ལ༔ ཨོཾ་ཨཱཿཧཱུྃ༔ ནམ་མཁའི་མཐར་ཐུག་ཞིང་ཁམས་རབ་འབྱམས་ན༔ བདེ་གཤེགས་རྒྱ་མཚོ་ཞི་ཁྲོ་རབ་འབྱམས་དང་༔ དཀོན་མཆོག་རིན་ཆེན་གསུམ་དང་ཡི་དམ་ལྷ༔ མཁའ་འགྲོ་རྒྱ་མཚོ་དམ་ཅན་ཚོགས་བཅས་ལ༔ དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར༔ འབྲལ་བ་མེད་པར་གུས་པས་སྐྱབས་སུ་མཆི༔ སྐྱབས་སུ་འགྲོ་བའི་ཡན་ལག་གོ༔ ཆོས་ཉིད་དབྱིངས་ཀྱི་རབ་འབྱམས་ཀློང་ཡངས་ནས༔ ཤེས་རབ་ཐབས་དང་ཐུགས་རྗེས་སྐུར་སྤྲུལ་པ༔ ཕྱོགས་བཅུ་དུས་བཞིའི་ཞི་ཁྲོ་རབ་འབྱམས་རྣམས༔ གནས་འདིར་འགྲོ་བའི་དོན་དུ་གཤེགས་སུ་གསོལ༔ སྤྱན་འདྲེན་པའི་ཡན་ལག་གོ༔ སྣང་སྲིད་རྣམ་དག་ཡེ་ཤེས་དཀྱིལ་འཁོར་འདིར༔ རིན་ཆེན་སེང་གེ་ལ་སོགས་ཁྲི་སྟེང་དུ༔ ཐབས་ཤེས་དྲི་མེད་ཉི་ཟླ་པདྨའི་སྟེང་༔ ཟག་མེད་དགྱེས་པ་ཆེན་པོར་བཞུགས་སུ་གསོལ༔ བཞུགས་སུ་གསོལ་བའི་ཡན་ལག་གོ༔ ཀུན་ཏུ་བཟང་མོ་གསང་བའི་བྷ་ག་རུ༔ ཀུན་ཏུ་བཟང་པོ་ཟག་པ་མེད་པས་བདེ༔ རོལ་པ་ཡེ་ཤེས་རྒྱལ་བ་ཞི་ཁྲོའི་ལྷ༔ ཡབ་ཡུམ་སྲས་དང་བཅས་ལ་ཕྱག་འཚལ་ལོ༔ ཕྱག་འཚལ་བའི་ཡན་ལག་གོ༔ བདེ་གཤེགས་ཞི་ཁྲོ་རྒྱལ་བ་རྒྱ་མཚོ་ལ༔ ཕྱི་ནང་གསང་བའི་མཆོད་པ་དཔག་མེད་རྣམས༔ དངོས་སུ་འབྱོར་བཤམས་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ འགྲོ་བའི་དོན་དུ་འབུལ་གྱིས་བཞེས་སུ་གསོལ༔ མཆོད་པ་འབུལ་བའི་ཡན་ལག་གོ༔ ཐོག་མེད་དུས་ནས་དུག་གསུམ་དབང་གྱུར་ཏེ༔ སྒོ་གསུམ་སྡིག་སྒྲིབ་བག་ཆགས་བཅས་པ་རྣམས༔ ངན་སོང་འཁོར་བའི་རྒྱུ་བསགས་ཐམས་ཅད་ཀུན༔ རབ་ཏུ་གནོང་ཞིང་འགྱོད་པས་མཐོལ་ལོ་བཤགས༔ སྡིག་པ་བཤགས་པའི་ཡན་ལག་གོ༔ ཆོས་དབྱིངས་ཀུན་ཁྱབ་སྣང་སྲིད་བདེ་ཆེན་ཞིང་༔ འགྲོ་དོན་མཛད་དང་བསོད་ནམས་བྱང་ཆུབ་སེམས༔ བསོད་ནམས་ཡེ་ཤེས་དོན་འབྱུང་ཐམས་ཅད་ལ༔ དགའ་བ་ཆེན་པོས་རྗེས་སུ་ཡི་རང་ངོ་༔ རྗེས་སུ་ཡི་རང་བའི་ཡན་ལག་གོ༔ ཕྱོགས་བཅུའི་ཞིང་གི་རྡུལ་སྙེད་སྟོན་པ་རྣམས༔ སེམས་ཅན་དོན་དུ་ཐུགས་དམ་རྒྱུད་བསྐུལ་ཏེ༔ ནམ་མཁའི་མཐར་ཐུག་དབྱངས་ཀྱིས་རབ་གང་བའི༔ ཆོས་ཀྱི་འཁོར་ལོ་དམ་པ་བསྐོར་བར་བསྐུལ༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བའི་ཡན་ལག་གོ༔ ཇི་སྲིད་འཁོར་བའི་འཇིག་རྟེན་མ་སྟོངས་བར༔ དེ་སྲིད་འགྲོ་བ་རྒྱ་ཆེན་དོན་བྱེད་ཅིང་༔ མཐའ་ཡས་སངས་རྒྱས་སྟོན་པ་མ་ལུས་ཀུན༔ མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས༔ མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པའི་ཡན་ལག་གོ༔ བདག་གིས་དུས་གསུམ་དགེ་བ་ཅི་བསགས་པ༔ ནམ་མཁའི་མཐར་ཐུག་གྱུར་པའི་སེམས་ཅན་ཀུན༔ བླ་མེད་ཐེག་པ་ཆེན་པོའི་སྣོད་གྱུར་ནས༔ ཞི་ཁྲོ་རབ་འབྱམས་གོ་འཕང་མྱུར་ཐོབ་ཤོག༔ བླ་མེད་ཐེག་པ་ཆེན་པོར་བསྔོ་བའི་ཡན་ལག་གོ༔ ལྔ་པ་མཆོད་པ་བྱིན་གྱིས་བརླབ་པ་ནི༔ གྱེར་སྒོམ་དལ་བར་འདི་སྐད་དོ༔ ཧཱུྃ༔ དམིགས་བསམ་བརྗོད་བྲལ་ངང་ཉིད་ལས༔ ཐམས་ཅད་སྟོང་པའི་རང་བཞིན་ཉིད༔ སྨན་རཀ་གཏོར་མཆོད་དངོས་པོ་རྣམས༔ སྟོང་ཉིད་བདག་འཛིན་བྲལ་བ་ལས༔ རྃ་ཡྃ་ཁྃ་གསུམ་མེ་རླུང་ཆུས༔ བདག་འཛིན་རྟོག་པའི་དྲི་མ་སྦྱངས༔ མེ་རླུང་ཆུ་ཡང་འོད་དུ་ཞུ༔ སྨན་རཀ་གཏོར་མཆོད་དངོས་པོར་གྱུར༔ རྟོག་གཉིས་དག་ནས་སྣོད་བཅུད་རྣམས༔ འདོད་པའི་ཡོན་ཏན་དུ་མར་གྱུར༔ བདུད་རྩི་བྱིན་གྱིས་བརླབ་པ་ནི༔ ཧཱུྃ༔ དཔའ་བོ་འབྲུ་ལྔས་རྒྱུ་བྱས་ནས༔ དཔའ་མོ་འབྲུ་ལྔས་རྐྱེན་བྱས་ཏེ༔ ཐབས་ཤེས་གཉིས་མེད་བདུད་རྩིའི་ཆུ༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་བའི༔ དཀར་དམར་མཐིང་གསུམ་བདུད་རྩིར་གྱུར༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋ༔ ཨོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱཿ མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ༔ ཨཱཿཧཱུྃ་ཧྲཱིཿ རཀྟ་བྱིན་གྱིས་བརླབ་པ་ནི༔ ཧཱུྃ༔ འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ དུག་གསུམ་སྟོང་གསལ་མ་འགགས་མདངས༔ རྒྱུ་རྐྱེན་རྣམ་དག་རཀྟ་འཁྱིལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋ༔ གཏོར་མ་བྱིན་གྱིས་བརླབ་པ་ནི༔ ཧཱུྃ༔ དུག་ལྔ་རྣམ་དག་ཡེ་ཤེས་ལྔར་བསྒྲལ་བའི༔ ཤ་ཆེན་ལྔ་ཡི་བརྡ་བསྟན་གཏོར་ཆེན་པོ༔ ཡེ་ཤེས་ལྔ་ཡི་རང་བཞིན་རྣམ་པར་དག༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བྷ་ལིངྟ་ཏེ་ཛྭ་བྷ་ལིངྟ་བྷ་ལ་བྷ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋ༔ ཕྱི་མཆོད་འདོད་ཡོན་རྣམ་ལྔར་བྱིན་གྱིས་བརླབ་པ་ནི༔ ཨོཾ་ཨཱཿཧཱུྃ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ གནས་སུ་དག་ཕྱིར་ཡུལ་སྣང་རྣམ་པར་དག༔ མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་བཤོས༔ གནས་ཡུལ་རྣམ་དག་མཆོད་པ་ཆེན་པོའོ༔ ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ༔ ཨོཾ་བཛྲ་དྷུ་པེ་ཨཱཿཧཱུྃ༔ ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ༔ ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ༔ ཨོཾ་བཛྲ་ནཻ་ཝི་དྱེ་ཨཱཿཧཱུྃ༔ ཨོཾ་བཛྲ་ཤཔྟ་ཨཱཿཧཱུྃ༔ ཞེས་པས་གྱེར་སྒོམ་དལ་བར་བྱའོ༔ ཞི་ཁྲོ་འདུས་པའི་ལས་བྱང་ཚོར་བ་རང་གྲོལ་གྱི་སྔོན་དུ་འགྲོ་བའི་རིམ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞི་ཁྲོ་འདུས་པའི་ལྷ་ལ་ཕྱག་འཚལ་ལོ༔ དྲུག་པ་ཞི་ཁྲོའི་བསྒོམ་ཁོག་ནི༔ ཐོག་མར་ཏིང་འཛིན་རྣམ་གསུམ་ལས༔ དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ་པ་ནི༔ གྱེར་བསྒོམ་ལྡན་པས་འདི་སྐད་དོ༔ ཨོཾ༔ རྣམ་པར་རྟོག་གསུམ་བྲལ་བ་ཡི༔ དམིགས་མེད་བརྗོད་བྲལ་དེ་བཞིན་ཉིད༔ མ་ཧཱ་ཤུ་ནྱ་ཏ་ཛྙ་ན་ས་མ་ཏི་ཨཱཿ གཉིས་པ་ཀུན་སྣང་གི་ཏིང་ངེ་འཛིན་བསྒོམ་པ་ནི༔ ཨཱཿ རྟོག་བྲལ་ངང་ལས་རང་བྱུང་རྩལ༔ སྟོང་ཉིད་སྙིང་རྗེ་ཀུན་ཏུ་སྣང་༔ བཛྲ་མ་ཧཱ་ཀ་རུ་ཎི་ཀ་ས་མ་ཏི་ཨཱཿ གསུམ་པ་རྒྱུའི་ཏིང་ངེ་འཛིན་བསྒོམ་པ་ནི༔ ཧཱུྃ༔ གསལ་སྟོང་སྙིང་རྗེའི་ངང་ཉིད་ལས༔ རང་སེམས་རིག་རྩལ་འགག་མེད་འདི༔ མཐིང་ནག་རྒྱུ་ཡི་ཡི་གེ་ཨཿ བཛྲ་ཙིཏྟ་ཧཱུྃ་ཨཱཿ བཞི་པ་འབྱུང་བ་རིམ་བརྩེགས་བསྒོམ་པ་ནི༔ སྟོང་གསལ་རང་བབ་གདོས་བཅས་བྲལ༔ སྣང་ལ་རང་བཞིན་མ་གྲུབ་པར༔ ནམ་མཁའི་གཟུགས་ཅན་འོད་ཟེར་འཕྲོ༔ ཨ་ལས་འོད་ཟེར་ཨེ་རུ་ཆད༔ ཨེ་ལས་ཆོས་འབྱུང་ཟུར་དྲུག་ལྡན༔ དེ་སྟེང་ཨ་ལས་ཡྃ་འཕྲོས་པས༔ ཡེ་ཤེས་ལྔ་ལྡན་རྒྱ་གྲམ་རླུང་༔ དཀར་སེར་དམར་ལྗང་མཐིང་ཁའི་མདོག༔ ཆོས་སྐུའི་རང་རྩལ་ཤུགས་ལྡན་གནས༔ དེ་སྟེང་ཨ་ལས་བྃ་འཕྲོས་པས༔ བྃ་ལས་ཡེ་ཤེས་འབྱུང་བ་ཆུ༔ བཅུད་ལྡན་ཤིན་ཏུ་གཟུགས་མཛེས་པ༔ ཁ་དོག་མ་ངེས་རྒྱ་མཚོར་འཁྱིལ༔ ལྃ་འཕྲོས་རིན་ཆེན་ས་གཞིར་བརྡལ༔ གསེར་གཡུ་མུ་ཏིག་ཟངས་ལྕགས་ཚོགས༔ ཟུར་བཞི་ལོགས་བརྒྱད་ཁྲི་རྐང་དང་༔ རིན་ཆེན་ལྔ་ཡི་རི་རབ་བརྩེགས༔ ཨ་ལས་བྷྲུྃ་འཕྲོས་གཞལ་ཡས་ཁང་༔ རཏྣ་ལྔ་ལས་གྲུབ་པ་ཡི༔ ཟུར་བཞི་ལོགས་བཞི་སྒོ་བཞིར་ལྡན༔ ལྷ་ཆེན་བརྒྱད་ཀྱི་ཀ་གདུང་བྱས༔ ལྷ་བྲན་དྲལ་ཕྱམ་རིན་ཆེན་ཐོག༔ རུས་སྦལ་ཆུ་སྲིན་ཀ་བའི་གདན༔ མུ་ཏིག་འོད་ཕྲེང་རིན་ཆེན་བརྒྱན༔ གཟའ་བརྒྱད་ཀ་ཞུ་རྒྱུ་སྐར་འདེགས༔ ཕ་གུ་རིན་ཆེན་མིག་ཚགས་ཕྲེང་༔ དྲིལ་བུ་རྩ་བརྒྱད་མཆོད་རྟེན་བསྐོར༔ མི་ནུབ་རྒྱལ་མཚན་བཅུ་ཡིས་བརྒྱན༔ རི་དྭགས་ཆོས་ཉན་ཆོས་འཁོར་ལྡན༔ གདུགས་དང་དར་དཔྱངས་བཀྲ་ཤིས་རྫས༔ ཕྱི་རིམ་དུར་ཁྲོད་གནས་བརྒྱད་དང་༔ རྡོ་རྗེ་མཚོན་ཆ་མེ་རིས་བསྐོར༔ སྟོང་པའི་དབྱིངས་སུ་འཇའ་ལྟར་ཤར༔ ཕྱི་དང་ནང་མེད་ཟང་ཐལ་གསལ༔ ཡིད་འོང་མཛེས་ལྡན་གཞལ་ཡས་ཁང་༔ རྒྱལ་བ་ཞི་ཁྲོའི་བཞུགས་གནས་སོ༔ བྷྲུྃ་བི་ཤྭ་བི་ཤུདྡྷེ་ཛྙ་ན་ཙཀྲ་བྷྲུྃ༔ ཨ་ཨེ་ཡྃ་བྃ་ལྃ་བྷྲུྃ༔ བི་ཤྭ་བི་ཤུདྡྷེ་ཨཱཿ བྷྲུྃ་ཧཱུྃ༔ བྷྲུྃ་ཧཱུྃ་ཧཱུྃ༔ ལྔ་པ་ལྷ་ཚོགས་འཁོར་བཅས་བསྐྱེད་པ་ནི༔ ཧཱུྃ༔ བདག་ཉིད་ཐ་མལ་རང་སེམས་འདི༔ རྟོག་པས་མ་ཆོད་སོ་མའི་ངང་༔ བསམ་བྲལ་ངང་ལས་སེམས་ཡིད་འདི༔ རྡོ་རྗེ་མཐིང་ནག་ཨ་ཡིས་མཚན༔ རྡོ་རྗེ་ཨར་བཅས་འོད་ཟེར་འཕྲོས༔ ཡར་མར་འཕྲོ་འདུས་དོན་གཉིས་བྱས༔ ཚུར་འདུས་རྡོ་རྗེ་ཨར་བཅས་པ༔ འོད་ཞུ་མ་རིག་ཉོན་མོངས་སྦྱངས༔ རིན་ཆེན་གཟུགས་སྐུ་བླུགས་པ་ལྟར༔ བདག་ཉིད་སྐད་ཅིག་དྲན་རྫོགས་སུ༔ ཀུན་ཏུ་བཟང་པོ་སྐུ་མདོག་མཐིང་༔ ཆོས་ཉིད་བཟང་མོ་སྐུ་མདོག་དཀར༔ མཉམ་བཞག་སྐྱིལ་ཀྲུང་གཉིས་མེད་འཁྲིལ༔ ཡེ་ཤེས་རིན་ཆེན་སྣ་ཚོགས་ཁྲི༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ཧཱུྃ་བཛྲ་ཙིཏྟ་ཨཱཿ བཛྲ་ས་མནྟ་བྷ་དྲ་ཨོཾ༔ དེ་ནས་ཀུན་བཟང་ཡབ་ཡུམ་གྱི་ཐུགས་ཀ་ནས་རྣམ་སྣང་ཡབ་ཡུམ་བསྐྱེད་པ་དང་༔ ཀུན་བཟང་ཡབ་ཡུམ་རྣམ་སྣང་ཡབ་ཡུམ་གྱི་སྤྱི་བོར་བཏེགས་ལ་བཞུགས་སུ་གསོལ༔ དེ་ཉིད་ཐུགས་ལ་ཨོཾ་ལཱྃ་འཕྲོས༔ རང་ཉིད་རྣམ་པར་སྣང་མཛད་ནི༔ དཀར་གསལ་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་འཁོར་ལོ་ཐུགས་ཀར་འཛིན༔ གཡོན་ཤེལ་དྲིལ་བུ་ཡུམ་ལ་འཁྱུད༔ ཡུམ་མཆོག་དབྱིངས་ཕྱུག་དཀར་དམར་ལ༔ ཆ་ལུགས་ཡབ་འདྲ་དགྱེས་པར་འཁྲིལ༔ སེང་ཆེན་པད་ཉི་རིན་ཆེན་སྟེང་༔ སྣང་ལ་རང་བཞིན་མེད་པར་གསལ༔ ཨོཾ་ཛི་ན་ཛིཀ༔ ལཱྃ་ཏེ་ཤྭ་ར་ཏི་སྟཾ༔ ཨ༔ ཀུན་བཟང་ཐུགས་ནས་ཧཱུྃ་མུྃ་འཕྲོས༔ རང་ཉིད་རྡོ་རྗེ་སེམས་དཔའ་ནི༔ མཐིང་གསལ་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན༔ གཡོན་ཤེལ་དྲིལ་བུ་ཡུམ་ལ་འཁྱུད༔ ཡུམ་མཆོག་སངས་རྒྱས་སྤྱན་མཐིང་སྐྱ༔ ཆ་ལུགས་ཡབ་འདྲ་དགྱེས་པར་འཁྲིལ༔ གླང་ཆེན་པད་ཉི་རིན་ཆེན་སྟེང་༔ སྣང་ལ་རང་བཞིན་མེད་པར་གསལ༔ ཧཱུྃ་བཛྲ་དྷྲིཀ༔ མུྃ་དྷ་ཏུ་ཤྭ་རི་སྟྭཾ༔ ཐུགས་ཀར་ཀྵི་དང་མཻ་འཕྲོས་པས༔ ཀྵི་ཞུ་གཡས་སུ་ས་སྙིང་དཀར༔ མྱུ་གུ་དྲིལ་འཛིན་སེམས་དཔའི་སྐྱིལ༔ མཻ་ཞུ་གཡོན་དུ་བྱམས་པ་དཀར༔ ཀླུ་ཤིང་དྲིལ་འཛིན་སེམས་དཔའི་སྐྱིལ༔ ཡུམ་གྱི་ཐུགས་ནས་ཧཱུྃ་ཧཱུྃ་འཕྲོས༔ ཧཱུྃ་ཞུ་མདུན་དུ་ལཱ་སྱེ་དཀར༔ མེ་ལོང་གཙོ་བསྟན་ཕྱེད་སྐྱིལ་བཞུགས༔ ཧཱུྃ་ཞུ་རྒྱབ་ཏུ་པུཥྤེ་དཀར༔ མེ་ཏོག་གཙོ་འབུལ་ཕྱེད་སྐྱིལ་བཞུགས༔ རྡོ་རྗེ་རིགས་ཀྱི་གཙོ་འཁོར་དྲུག༔ མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔ ཀྵི་ཧི་ར་ཙ་ཡ་སྭཱ་ཧཱ༔ མཻ་ཏྲི་དྷ་ར་ནི་སྭཱ་ཧཱ༔ ཧཱུྃ་ལཱ་སྱེ་ས་མ་ཡ་སྟྭཾ༔ ཧཱུྃ་པུཥྤེ་ཨ་ཝེ་ཤ་ཡ་སྟྭཾ༔ ཨ༔ ཀུན་བཟང་ཐུགས་ནས་སྭ་མཱྃ་འཕྲོས༔ རང་ཉིད་རིན་ཆེན་འབྱུང་ལྡན་ནི༔ སེར་གསལ་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་ནོར་བུ་ཐུགས་ཀར་འཛིན༔ གཡོན་པས་དྲིལ་བུ་ཡུམ་ལ་འཁྱུད༔ ཡུམ་མཆོག་མཱ་མ་ཀི་སེར་སྐྱ༔ ཆ་ལུགས་ཡབ་དང་མཚུངས་པར་འཁྲིལ༔ རྟ་མཆོག་པད་ཉི་རིན་ཆེན་སྟེང་༔ སྣང་ལ་རང་བཞིན་མེད་པར་གསལ༔ སྭ་རཏྣ་དྷྲིཀཿ མཱྃ་མོ་ཧ་ར་ཏི་སྟྭཾ༔ ཡབ་ཀྱི་ཐུགས་ནས་ཧཱུྃ་ཏྲཱཾ་འཕྲོས༔ ཧཱུྃ་ཞུ་ཀུན་བཟང་དམར་སེར་གཡས༔ སྙེ་མ་དྲིལ་འཛིན་སེམས་དཔའི་སྐྱིལ༔ ཏྲཱཾ་ཞུ་གཡོན་དུ་ནམ་སྙིང་སེར༔ རལ་གྲི་དྲིལ་འཛིན་སེམས་དཔའི་སྐྱིལ༔ ཡུམ་གྱི་ཐུགས་ནས་ཏྲཱཾ་ཛ་འཕྲོས༔ ཏྲཱཾ་ཞུ་མཱ་ལེ་སེར་སྐྱ་མདུན༔ ཕྲེང་བ་གཙོ་འབུལ་ཕྱེད་སྐྱིལ་བཞུགས༔ ཛ་ཞུ་དྷུ་པེ་སེར་མོ་རྒྱབ༔ སྤོས་ཕོར་གཙོ་འབུལ་ཕྱེད་སྐྱིལ་བཞུགས༔ རིན་ཆེན་རིགས་ཀྱི་གཙོ་འཁོར་དྲུག༔ མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔ ཧཱུྃ་སྭཱ་ར་ཙ་ཡ་སྭཱ་ཧཱ༔ ཏྲཱཾ་ཨ་གརྦྷ་ཡ་སྭཱ་ཧཱ༔ ཏྲཱཾ་མཱ་ལེ་ས་མ་ཡ་ཧོཿ ཛ་དྷུ་པེ་པྲ་ཝེ་ཤ་ཡ་སྟྭཾ༔ ཨ༔ ཀུན་བཟང་ཐུགས་ནས་ཨཾ་པྱཾ་འཕྲོས༔ བདག་ཉིད་སྣང་བ་མཐའ་ཡས་ནི༔ དམར་གསལ་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་པདྨ་ཐུགས་ཀར་འཛིན༔ ཕྱག་གཡོན་དྲིལ་བུ་ཡུམ་ལ་འཁྱུད༔ ཡུམ་མཆོག་གོས་དཀར་དམར་སྐྱ་ལ༔ རྒྱན་ཆ་ཡབ་དང་མཚུངས་པར་འཁྲིལ༔ རྨ་བྱ་པད་ཉི་རིན་ཆེན་སྟེང་༔ སྣང་ལ་རང་བཞིན་མེད་པར་གསལ༔ ཨཾ་ཨ་རོ་ལྀཀ༔ པྱཾ་ར་ག་ར་ཏི་སྟྭཾ༔ ཡབ་ཀྱི་ཐུགས་ནས་ཧྲཱིཿམུྃ་འཕྲོས༔ ཧྲཱིཿཞུ་སྤྱན་གཟིགས་དཀར་དམར་གཡས༔ པདྨ་དྲིལ་འཛིན་སེམས་དཔའི་སྐྱིལ༔ མུྃ་ཞུ་འཇམ་དཔལ་དམར་སེར་གཡོན༔ ཨུཏྤལ་དྲིལ་འཛིན་སེམས་དཔའི་སྐྱིལ༔ ཡུམ་གྱི་ཐུགས་ནས་ཧྲཱིཿབྃ་འཕྲོས༔ ཧྲཱིཿཞུ་གིརྟི་དམར་སྐྱ་མདུན༔ པི་ཝཾ་སྒྲ་སྒྲོགས་ཕྱེད་སྐྱིལ་བཞུགས༔ བྃ་ཞུ་ཨཱ་ལོ་དམར་མོ་རྒྱབ༔ མར་མེ་གཙོ་འབུལ་ཕྱེད་སྐྱིལ་བཞུགས༔ པདྨ་རིགས་ཀྱི་གཙོ་འཁོར་དྲུག༔ མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔ ཧྲཱིཿཧ་ཧཱུྃ་པདྨ་བྷ་ཏ་མ་སྭཱ་ཧཱཿ མཱུྃ་ཤྲཱི་ཨ་རཾ་གྷ་ཡ་སྭཱ་ཧཱཿ ཧྲཱིཿགིརྟི་རཱ་ག་ཡ་ཧོཿ བྃ་དྷི་པྃ་སུ་ཀི་ནི་ས་མ་ཡ་སྟྭཾ༔ ཨ༔ ཀུན་བཟང་ཐུགས་ནས་ཧ་ཏཱྃ་འཕྲོས༔ བདག་ཉིད་དོན་ཡོད་གྲུབ་པ་ནི༔ ལྗང་གསལ་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་རྒྱ་གྲམ་ཐུགས་ཀར་འཛིན༔ གཡོན་པས་དྲིལ་བུ་ཡུམ་ལ་འཁྱུད༔ ཡུམ་ཆེན་སྒྲོལ་མ་ལྗང་སྐྱ་ལ༔ ཆ་ལུགས་ཡབ་འདྲ་དགྱེས་པར་འཁྲིལ༔ ཤང་ཤང་པད་ཉི་རིན་ཆེན་སྟེང་༔ སྣང་ལ་རང་བཞིན་མེད་པར་གསལ༔ ཧཱ་པྲཛྙ་དྷྲྀཀ༔ ཏཱྃ་བཛྲ་ར་ཏི་སྟྭཾ༔ ཡབ་ཀྱི་ཐུགས་ནས་ཐིཾལྷ་ཛྷིཾ་འཕྲོས༔ ཐིཾལྷ་ཞུ་སྒྲིབ་སེལ་ལྗང་གུ་གཡས༔ པུསྟི་དྲིལ་འཛིན་སེམས་དཔའི་སྐྱིལ༔ ཛྷིཾ་ཞུ་ཕྱག་རྡོར་ལྗང་གུ་གཡོན༔ རྡོ་རྗེ་དྲིལ་འཛིན་སེམས་དཔའི་སྐྱིལ༔ ཡུམ་གྱི་ཐུགས་ནས་ཧོ་ཨ་འཕྲོས༔ ཧོ་ཞུ་གྷནྡྷེ་ལྗང་གུ་མདུན༔ དུང་ཕོར་གཙོ་འབུལ་ཕྱེད་སྐྱིལ་བཞུགས༔ ཨ་ཞུ་ནིརྟི་ལྗང་གུ་རྒྱབ༔ ཞལ་ཟས་གཙོ་འབུལ་ཕྱེད་སྐྱིལ་བཞུགས༔ ལས་ཀྱི་རིགས་ཀྱི་གཙོ་འཁོར་དྲུག༔ མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔ ཐིཾལྷ་ས་རཾ་པ་ཡ་སྭཱ་ཧཱཿ ཛྷིཾ་ཀུ་རུ་པཱ་ཎི་ཧྲཱིཿསྭཱ་ཧཱཿ ཧོཿགནྡྷེ་ཙིཏྟ་ཡ་ཧོཿ ཨ་ནིརྟི་ར་ག་ཡ་མི་སྟྭཾ༔ ཞི་བའི་ལྷ་ཚོགས་ཐམས་ཅད་ཀྱང་༔ དབུ་རྒྱན་སྟོད་གཡོགས་སྨད་དཀྲིས་དང་༔ སྐུ་རགས་ཕྱག་གདུབ་དཔུང་རྒྱན་མཛེས༔ ཅོད་པན་སྙན་ཆ་མགུལ་ཆུན་བཅས༔ དོ་ཤལ་རིན་ཆེན་ཕྲེང་བས་བརྒྱན༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན༔ གསལ་འཚེར་ལྷུན་སྡུག་གཟི་བརྗིད་འབར༔ སྣང་ལ་རང་བཞིན་མེད་པ་ལ༔ འཛིན་མེད་མ་བཅོས་རང་གསལ་བསྒོམ༔ ཨ༔ བདག་ཉིད་ཀུན་བཟང་ཐུགས་ཀ་ནས༔ ཀྲེཾ་བྲེཾ་ཏྲུཾ་ཀྵཾ་སྲུཾ་ཡེ་འཕྲོས༔ དེ་དྲུག་ཞུ་བས་ཐུབ་དྲུག་སྐུ༔ སྟེང་དུ་བརྒྱ་བྱིན་པི་ཝཾ་དཀར༔ འོག་ཏུ་ཆོས་རྒྱལ་མེ་ཆུ་ནག༔ ཤར་ལྷོར་ཐགས་བཟང་གོ་མཚོན་ལྗང་༔ ལྷོ་ནུབ་ཤཱཀ་ཐུབ་གསེག་པར་སེར༔ ནུབ་བྱང་སེང་གེ་པོ་ཏི་མཐིང་༔ བྱང་ཤར་ཁ་འབར་སྒྲོམ་བུ་དམར༔ འགྲོ་དོན་མཛད་པའི་ཐུབ་པ་དྲུག༔ པད་རྐྱང་སྟེང་ན་བཞེངས་སྟབས་སྐུ༔ གསལ་ལ་འཛིན་པ་མེད་པར་བསྒོམ༔ ཨོཾ་མུ་ནེ་ཀྲེཾ་སྭཱ་ཧཱ༔ ཨོཾ་མུ་ནེ་བྲེཾ་སྭཱ་ཧཱ༔ ཨོཾ་མུ་ནེ་ཏྲུཾ་སྭཱ་ཧཱ༔ ཨོཾ་མུ་ནེ་ཀྵཾ་སྭཱ་ཧཱ༔ ཨོཾ་མུ་ནེ་སྲུཾ་སྭཱ་ཧཱ༔ ཨོཾ་མུ་ནེ་ཡེ་སྭཱ་ཧཱ༔ ས་མ་ཡ་སྟྭཾ༔ ཨ༔ བདག་ཉིད་ཀུན་བཟང་ཡབ་ཡུམ་གྱི༔ ཐུགས་ནས་ས་བོན་ཕྱོགས་བཞིར་འཕྲོས༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཛཿཧཱུྃ་དང་༔ བྃ་ཧོ་འབྲུ་བརྒྱད་ཞུ་བ་ལས༔ ཤར་སྒོར་རྣམ་རྒྱལ་ལྕགས་ཀྱུ་དཀར༔ ལྕགས་ཀྱུ་དྲིལ་འཛིན་འདོར་སྟབས་འགྱིང་༔ ཨོཾ་བཛྲ་ཀྲོ་ཏ་བི་ཛ་ཡ་ཧཱུྃ༔ བཛྲ་ཨཾ་ཀུ་ཤ་ཛཿ ལྷོ་སྒོར་གཤིན་རྗེ་ཞགས་པ་སེར༔ དབྱུག་ཏོ་ཞགས་འཛིན་འདོར་སྟབས་འགྱིང་༔ ཨོཾ་བཛྲ་ཀྲོ་ཏ་ཡ་མནྟ་ཀ་ཧཱུྃ༔ བཛྲ་པ་ཤ་ཧཱུྃ༔ ནུབ་སྒོར་རྟ་མགྲིན་ལྕགས་སྒྲོག་དམར༔ ལྕགས་སྒྲོག་དྲིལ་འཛིན་འདོར་སྟབས་འགྱིང་༔ ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲི་ཝ་ཧཱུྃ༔ བཛྲ་སྥོ་ཊ་བྃ༔ བྱང་སྒོར་བདུད་རྩི་དྲིལ་བུ་ལྗང་༔ རྒྱ་གྲམ་དྲིལ་འཛིན་འདོར་སྟབས་འགྱིང་༔ ཨོཾ་བཛྲ་ཀྲོ་ཏ་ཨ་མྲྀ་ཏ་ཀུནྜ་ལི་ཧཱུྃ༔ བཛྲ་གྷནྜེ་ཧོཿ ཚད་མེད་བཞི་ལྡན་ཡབ་ཡུམ་བརྒྱད༔ ཐོད་སྐམ་རིན་ཆེན་དབུ་ལ་བརྒྱན༔ ཅོད་པན་སྙན་ཆ་མགུལ་ཆུན་བཅས༔ ཐོད་ཕྲེང་ཚར་གསུམ་སྦྲུལ་ཞགས་བརྒྱན༔ གླང་ཆེན་མི་ལྤགས་སྟོད་གཡོགས་དང་༔ ཐལ་ཆེན་ཚོམ་བུ་ཁྲག་ཐིག་སྤྲས༔ ཞག་གི་ཟོ་རིས་སྟག་ལྤགས་དཀྲིས༔ སྒེག་པ་དཔའ་བ་འཇིགས་སུ་རུང་༔ དགོད་དང་གཤེ་དང་རྔམས་པར་སྟོན༔ སྙིང་རྗེ་ཞེ་སྡང་གཏུམ་པར་བཞུགས༔ སྣང་ལ་རང་བཞིན་མེད་པར་བསྒོམ༔ ཞི་བ་བཞི་བཅུ་རྩ་གཉིས་ནི༔ ལྷ་ཉིད་ཀུན་ཀྱང་རང་སྣང་ལ༔ རང་སྣང་ཀུན་ཀྱང་ལྷ་རུ་གསལ༔ སྣོད་བཅུད་ཞི་བའི་དཀྱིལ་འཁོར་ལྷ༔ ཡེ་ནས་ལྷུན་གྲུབ་ཆེན་པོར་བཞུགས༔ མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཞི་བ་བཞི་བཅུ་རྩ་གཉིས་ཀྱི༔ སྒོམ་ཁོག་ཚོར་བ་རང་གྲོལ་ལོ༔ དེ་ལྟར་ཞི་བའི་ལྷ་ཚོགས་ཀུན༔ བདག་བསྐྱེད་མདུན་བསྐྱེད་དཀྱིལ་བསྐྱེད་དང་༔ སྣོད་བཅུད་ལྷ་དང་གཞལ་ཡས་ཁང་༔ གང་ལྟར་བསྒོམ་ཀྱང་ཁྱད་པར་མེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ༔ཏྱ།ཡྻགྱཏྱཏྱ༔ དེ་ནས་ཁྲོ་བོའི་ལྷ་ཚོགས་བསྐྱེད་པ་ནི༔ ཧཱུྃ༔ རང་བྱུང་རང་ཤར་དཀྱིལ་འཁོར་དབུས༔ ཀུན་བཟང་ཡབ་ཡུམ་ཐུགས་ལས་⁽1793⁾ྃ༔ ཞུ་བས་ཞུ་ལུགས་ཞུན་སྐུ་ལྟར༔ བདག་ཉིད་ཆེ་མཆོག་ཧེ་རུ་ཀ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་སྨུག་ནག༔ རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་གཡས༔ དྲིལ་བུ་བྷན་དམར་རྒྱུ་ཞགས་གཡོན༔ ཡུམ་ཆེན་ཀྲོ་ཏི་ཤྭ་རི་མ༔ རྒྱན་ཆ་སྐུ་མདོག་ཡབ་འདྲ་ལ༔ གཟིག་ཤམ་དུང་དམར་ཡབ་ལ་སྟོབ༔ མཁའ་ལྡིང་ཁྱུང་ཆེན་རིན་ཆེན་བྲག༔ སྣ་ཚོགས་པད་ཉིའི་གདན་སྟེང་དུ༔ མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔ ཨོཾ་མ་ཧཱ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊཿ མ་ཧཱ་ཀྲོ་ཏི་ཤྭ་རི་སྟྭཾ༔ ཧཱུྃ༔ ཆེ་མཆོག་ཡབ་ཡུམ་ཐུགས་ཀ་ནས༔ ⁽1793⁾ྃ་ཧཱུྃ་འཕྲོ་འདུས་དོན་གཉིས་བྱས༔ ཞུ་བས་ཞུ་ལུགས་ཞུན་སྐུ་ལྟར༔ བདག་ཉིད་བུདྡྷ་ཧེ་རུ་ཀ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་སྨུག་ནག༔ འཁོར་ལོ་དགྲ་སྟྭ་རལ་གྲི་གཡས༔ དྲིལ་བུ་ཐོང་གཤོལ་བྷན་དམར་གཡོན༔ བུདྡྷ་ཀྲོ་ཏི་ཤྭ་རི་མ༔ རྒྱན་ཆ་སྐུ་མདོག་ཡབ་འདྲ་ལ༔ གཟིག་ཤམ་དུང་དམར་ཡབ་ལ་སྟོབ༔ བྱོལ་སོང་གཙོ་བརྒྱད་རིན་ཆེན་བྲག༔ པདྨ་ཉི་ཟླའི་གདན་སྟེང་དུ༔ མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔ ཨོཾ་བུདྡྷ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊཿ བུདྡྷ་ཀྲོ་ཏི་ཤྭ་རི་སྟྭཾ༔ ཧཱུྃ༔ རང་བྱུང་དཀྱིལ་འཁོར་ཤར་དབུས་སུ༔ ཆེ་མཆོག་ཡབ་ཡུམ་ཐུགས་ལས་⁽1793⁾ྃ༔ ཧཱུྃ་ཞུ་ཞུ་ལུགས་ཞུན་སྐུ་ལྟར༔ བདག་ཉིད་བཛྲ་ཧེ་རུ་ཀ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ནག༔ རྡོ་རྗེ་བྷནྡྷ་དགྲ་སྟྭ་གཡས༔ དྲིལ་བུ་བྷན་དམར་ཐོང་གཤོལ་གཡོན༔ བཛྲ་ཀྲོ་ཏི་ཤྭ་རི་མ༔ རྒྱན་ཆ་སྐུ་མདོག་ཡབ་འདྲ་ལ༔ གཟིག་ཤམ་དུང་དམར་ཡབ་ལ་སྟོབ༔ བྱོལ་སོང་གཙོ་བོ་རིན་ཆེན་བྲག༔ སྣ་ཚོགས་པད་ཉིའི་གདན་སྟེང་དུ༔ མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊཿ བཛྲ་ཀྲོ་ཏི་ཤྭ་རི་སྟྭཾ༔ ཧཱུྃ༔ རང་བྱུང་དཀྱིལ་འཁོར་ལྷོ་དབུས་སུ༔ ཆེ་མཆོག་ཡབ་ཡུམ་ཐུགས་ལས་⁽1793⁾ྃ༔ ཧཱུྃ་ཞུ་ཞུ་ལུགས་ཞུན་སྐུ་ལྟར༔ བདག་ཉིད་རཏྣ་ཧེ་རུ་ཀ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་སེར་ནག༔ རིན་ཆེན་ཁ་ཊྭཱཾ་བེ་ཅོན་གཡས༔ དྲིལ་བུ་བྷན་དམར་ཏྲི་ཤུལ་གཡོན༔ རཏྣ་ཀྲོ་ཏི་ཤྭ་རི་མ༔ རྒྱན་ཆ་སྐུ་མདོག་ཡབ་འདྲ་ལ༔ གཟིག་ཤམ་དུང་དམར་ཡབ་ལ་སྟོབ༔ བྱོལ་སོང་གཙོ་བོ་རིན་ཆེན་བྲག༔ སྣ་ཚོགས་པད་ཉིའི་གདན་སྟེང་དུ༔ མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔ ཨོཾ་རཏྣ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊཿ རཏྣ་ཀྲོ་ཏི་ཤྭ་རི་སྟྭཾ༔ ཧཱུྃ༔ རང་བྱུང་དཀྱིལ་འཁོར་ནུབ་དབུས་སུ༔ ཆེ་མཆོག་ཡབ་ཡུམ་ཐུགས་ལས་⁽1793⁾ྃ༔ ཧཱུྃ་ཞུ་ཞུ་ལུགས་ཞུན་སྐུ་ལྟར༔ བདག་ཉིད་པདྨ་ཧེ་རུ་ཀ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་སྔོ་དབུས་དམར་ནག༔ པདྨ་ཁ་ཊྭཱཾ་དབྱུག་ཏོ་གཡས༔ དྲིལ་བུ་བྷན་དམར་རྔེའུ་ཆུང་གཡོན༔ པདྨ་ཀྲོ་ཏི་ཤྭ་རི་མ༔ རྒྱན་ཆ་སྐུ་མདོག་ཡབ་འདྲ་ལ༔ གཟིག་ཤམ་དུང་དམར་ཡབ་སྟོབ་འཁྲིལ༔ བྱོལ་སོང་གཙོ་བོ་རིན་ཆེན་བྲག༔ སྣ་ཚོགས་པད་ཉིའི་གདན་སྟེང་དུ༔ མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔ ཨོཾ་པདྨ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊཿ པདྨ་ཀྲོ་ཏི་ཤྭ་རི་སྟྭཾ༔ ཧཱུྃ༔ རང་བྱུང་དཀྱིལ་འཁོར་བྱང་དབུས་སུ༔ ཆེ་མཆོག་ཡབ་ཡུམ་ཐུགས་ལས་⁽1793⁾ྃ༔ ཧཱུྃ་ཞུ་ཞུ་ལུགས་ཞུན་སྐུ་ལྟར༔ བདག་ཉིད་ཀརྨ་ཧེ་རུ་ཀ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་ལྗང་ནག༔ རལ་གྲི་ཁ་ཊྭཱཾ་དབྱུག་ཏོ་གཡས༔ དྲིལ་བུ་བྷན་དམར་ཐོང་གཤོལ་གཡོན༔ ཀརྨ་ཀྲོ་ཏི་ཤྭ་རི་མ༔ རྒྱན་ཆ་སྐུ་མདོག་ཡབ་འདྲ་ལ༔ གཟིག་ཤམ་དུང་དམར་ཡབ་སྟོབ་འཁྲིལ༔ བྱོལ་སོང་གཙོ་བོ་རིན་ཆེན་བྲག༔ སྣ་ཚོགས་པད་ཉིའི་གདན་སྟེང་དུ༔ མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔ ཨོཾ་ཀརྨ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊཿ ཀརྨ་ཀྲོ་ཏི་ཤྭ་རི་སྟྭཾ༔ ཁྲག་འཐུང་གཙོ་བོ་ཡབ་ཡུམ་བཅུ༔ ཁྲོ་གཉེར་སྤྱན་རྩ་སྡང་མིག་བགྲད༔ དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ༔ སྨ་ར་ཨག་ཚོམ་ཚྭ་ཚྭ་འཕྲོ༔ ཐོད་སྐམ་རིན་ཆེན་དབུ་ལ་བརྒྱན༔ ཅོད་པན་སྙན་ཆ་མགུལ་ཆུན་སྦྲུལ༔ གླང་ཆེན་མི་ལྤགས་སྟོད་གཡོགས་དང་༔ ཐལ་ཆེན་རཀྟའི་ཐིག་ལེས་བརྒྱན༔ ཕྱག་གདུབ་ཞབས་གདུབ་སྟག་གཟིག་ཤམ༔ རུ་ཏྲ་ཆེ་ཆུང་སྐ་རགས་མཛད༔ སྒེག་པ་དཔའ་བ་འཇིགས་སུ་རུང་༔ རྒོད་དང་གཤེ་དང་རྔམས་པ་དང་༔ སྙིང་རྗེ་ཞེ་སྡང་གཏུམ་པར་བཞུགས༔ མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔ དེ་ནས་ཀཽ་རཱི་མ་བརྒྱད་བསྐྱེད་པ་ནི༔ ཧཱུྃ༔ བདག་ཉིད་ཆེ་མཆོག་ཐུགས་ཀ་ནས༔ ཧ་བརྒྱད་འོད་འཕྲོས་ཞུ་བ་ལས༔ ཤར་ཕྱོགས་ཀཽ་རཱི་ཞིང་དབྱུག་དཀར༔ ལྷོ་ཕྱོགས་ཙཽ་རཱི་མདའ་འགེངས་སེར༔ ནུབ་ཕྱོགས་པྲ་མོ་ཆུ་སྲིན་དམར༔ བྱང་ཕྱོགས་བེ་ཏ་བྷན་དམར་ལྗང་༔ ཤར་ལྷོ་པུསྐ་རྒྱུ་འདྲེན་སེར༔ ལྷོ་ནུབ་གྷསྨ་བྷན་དམར་ལྗང་༔ ནུབ་བྱང་ཙནྡྷ་རྒྱུ་ཟ་སེར༔ བྱང་ཤར་སྨེ་ཤ་རོ་ཟ་མཐིང་༔ ཀཽ་རི་ལ་སོགས་མ་མོ་བརྒྱད༔ ཞིང་ཆེན་གདན་ལ་གར་སྟབས་འགྱིང་༔ མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔ ཨོཾ་བཛྲ་ཀཽ་རཱི་ཧཿ ཨོཾ་བཛྲ་ཙཽ་རཱི་ཧཿ ཨོཾ་བཛྲ་པྲ་མོ་ཧ་ཧཿ ཨོཾ་བཛྲ་བེ་ཏ་ལི་ཧཿ ཨོཾ་བཛྲ་པུསྐ་སི་ཧཿ ཨོཾ་བཛྲ་གྷསྨ་རི་ཧཿ ཨོཾ་བཛྲ་ཙནྡྷ་ལི་ཧཿ ཨོཾ་བཛྲ་སྨེ་ཤ་ནི་ཧཿ དེ་ནས་སེང་ཧ་མ་བརྒྱད་བསྐྱེད་པ་ནི༔ ཧཱུྃ༔ བདག་ཉིད་ཆེ་མཆོག་ཡབ་ཡུམ་གྱི༔ ཐུགས་ནས་ཧེ་བརྒྱད་འཕྲོས་ནས་ཞུ༔ དཀྱིལ་འཁོར་ཁྱམས་ཀྱི་ཤར་ཕྱོགས་སུ༔ སེངྷ་སེང་གདོང་རོ་ཟ་སྨུག༔ དཀྱིལ་འཁོར་ཁྱམས་ཀྱི་ལྷོ་ཕྱོགས་སུ༔ བྱ་ཀྲི་སྟག་གདོང་ལག་བསྣོལ་དམར༔ དཀྱིལ་འཁོར་ཁྱམས་ཀྱི་ནུབ་ཕྱོགས་སུ༔ སྲི་ལ་ཝ་གདོང་སྤུ་གྲི་ནག༔ དཀྱིལ་འཁོར་ཁྱམས་ཀྱི་བྱང་ཕྱོགས་སུ༔ ཤྭ་ན་སྤྱང་གདོང་རོ་ཐོགས་མཐིང་༔ རང་སྣང་དཀྱིལ་འཁོར་ཤར་ལྷོའི་ཁྱམས༔ ཀྲི་ཏ་བྱ་རྒོད་རྒྱུ་འདྲེན་སེར༔ རང་སྣང་དཀྱིལ་འཁོར་ལྷོ་ནུབ་ཁྱམས༔ ཀངྐ་དུར་བྱ་ཞིང་ཕྲག་དམར༔ རང་སྣང་དཀྱིལ་འཁོར་ནུབ་བྱང་ཁྱམས༔ ཁ་ཁྭ་བྱ་རོག་བྷན་གྲི་ནག༔ རང་སྣང་དཀྱིལ་འཁོར་བྱང་ཤར་ཁྱམས༔ ཧུ་ལུ་འུག་གདོང་ལྕགས་ཀྱུ་མཐིང་༔ སེངྷ་མ་མོ་བརྒྱད་རྣམས་ཀྱང་༔ ཞིང་ཆེན་གདན་ལ་གར་སྟབས་འགྱིང་༔ སྣང་ལ་རང་བཞིན་མེད་པའི་སྐུ༔ མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔ ཨོཾ་བཛྲ་སེངྷ་མུ་ཁཱ་ཧེ༔ ཨོཾ་བཛྲ་བྱ་ཀྲི་མུ་ཁཱ་ཧེ༔ ཨོཾ་བཛྲ་སྲི་ལ་མུ་ཁཱ་ཧེ༔ ཨོཾ་བཛྲ་ཤྭ་ན་མུ་ཁཱ་ཧེ༔ ཨོཾ་བཛྲ་ཀྲི་ཏ་མུ་ཁཱ་ཧེ༔ ཨོཾ་བཛྲ་ཀངྐ་མུ་ཁཱ་ཧེ༔ ཨོཾ་བཛྲ་ཁ་ཁྭ་མུ་ཁཱ་ཧེ༔ ཨོཾ་བཛྲ་ཧུ་ལུ་མུ་ཁཱ་ཧེ༔ དེ་ནས་སྒོ་མ་བཞི་བསྐྱེད་པ་ནི༔ ཧཱུྃ༔ ཆེ་མཆོག་རིགས་བཞིའི་ཐུགས་ཀ་ནས༔ ཛཿཧཱུྃ་བྃ་ཧོ་འབྲུ་བཞི་འཕྲོས༔ འབྲུ་བཞི་འོད་དུ་ཞུ་བ་ལས༔ ཤར་དུ་རྟ་གདོང་ལྕགས་ཀྱུ་དཀར༔ ལྷོ་རུ་ཕག་གདོང་ཞགས་པ་སེར༔ ནུབ་ཏུ་སེང་གདོང་ལྕགས་སྒྲོག་དམར༔ བྱང་དུ་སྦྲུལ་གདོང་དྲིལ་བུ་ལྗང་༔ ཚད་མེད་བཞི་ལྡན་སྒོ་མ་བཞི༔ ཞིང་ཆེན་བསྣོལ་བའི་གདན་སྟེང་དུ༔ གར་སྟབས་འགྱིང་བག་ཚུལ་དུ་བཞུགས༔ མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔ ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུྃ༔ ཨོཾ་བཛྲ་སྥོ་ཊ་བྃ༔ ཨོཾ་བཛྲ་གནྜེ་ཧོཿ དེ་ནས་དབང་ཕྱུག་ཉེར་བརྒྱད་བསྐྱེད་པ་ནི༔ ཧཱུྃ༔ བདག་ཉིད་དཔལ་ཆེན་ཐུགས་ཀ་ནས༔ འོད་ཟེར་ཉེར་བརྒྱད་བྷྱོ་འཕྲོས་པས༔ རིམ་པར་བྷྱོ་ཉིད་འོད་ཞུ་བས༔ ཤར་ཕྱོགས་ཞི་བའི་ལས་བྱེད་བདུན༔ སྲིན་མོ་གཡག་གདོང་རྡོ་རྗེ་སྨུག༔ ཚངས་པ་སྦྲུལ་གདོང་པདྨ་སེར༔ ལྷ་ཆེན་གཟིག་གདོང་ཏྲི་ཤུལ་ལྗང་༔ གཏོགས་འདོད་སྲེ་གདོང་འཁོར་ལོ་སྔོ་༔ གཞོན་ནུ་དྲེད་གདོང་མདུང་ཐུང་དམར༔ བརྒྱ་བྱིན་དོམ་མགོ་རྒྱུ་ཞགས་དཀར༔ ཞིང་རྐྱང་གདན་ལ་གར་སྟབས་བཞུགས༔ མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔ ལྷོ་རུ་རྒྱས་པའི་ལས་མཛད་བདུན༔ རྡོ་རྗེ་ཕ་ཝཾ་སྤུ་གྲི་སེར༔ ཞི་བ་ཆུ་སྲིན་བུམ་པ་དམར༔ བདུད་རྩི་སྡིག་གདོང་པདྨ་དམར༔ ཟླ་བ་ཁྲ་མགོ་རྡོ་རྗེ་དཀར༔ བེ་ཅོན་ཝ་གདོང་དབྱུག་ཏོ་ལྗང་༔ སྲིན་མོ་སྟག་གདོང་ཐོད་ཁྲག་ནག༔ ཞིང་རྐྱང་གདན་ལ་གར་སྟབས་བཞུགས༔ མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔ ནུབ་ཏུ་དབང་གི་ལས་མཛད་བདུན༔ ཟ་བ་བྱ་རྒོད་བེ་ཅོན་ལྗང་༔ དགའ་བ་རྟ་གདོང་ཁོག་ཆེན་དམར༔ སྟོབས་ཆེན་ཁྱུང་གདོང་དབྱུག་ཏོ་དཀར༔ སྲིན་མོ་ཁྱི་གདོང་རྡོ་རྗེ་དམར༔ འདོད་པ་པུ་ཤུད་མདའ་འགེངས་དམར༔ ནོར་སྲུང་ཤ་མགོ་བུམ་པ་ལྗང་༔ ཞིང་རྐྱང་གདན་ལ་གར་སྟབས་བཞུགས༔ མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔ བྱང་དུ་དྲག་པོའི་ལས་མཛད་བདུན༔ རླུང་ལྷ་སྤྱང་གདོང་བ་དན་ལྗང་༔ མི་མོ་སྐྱིན་གདོང་གསལ་ཤིང་དམར༔ ཕག་མོ་ཕག་གདོང་མཆེ་ཞགས་ནག༔ རྡོ་རྗེ་ཁྭ་གདོང་ཞིང་ཆུང་དམར༔ སྣ་ཆེན་གླང་ཆེན་བམ་ཆེན་ལྗང་༔ ཆུ་ལྷ་སྦྲུལ་གདོང་སྦྲུལ་ཞགས་ལྗང་༔ ཞིང་རྐྱང་གདན་ལ་གར་སྟབས་བཞུགས༔ མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔ དཀྱིལ་འཁོར་ཕྱི་རིམ་ཤར་སྒོ་རུ༔ རྡོ་རྗེ་ཁུ་བྱུག་ལྕགས་ཀྱུ་དཀར༔ དཀྱིལ་འཁོར་ཕྱི་རིམ་ལྷོ་སྒོ་རུ༔ རྡོ་རྗེ་ར་གདོང་ཞགས་པ་སེར༔ དཀྱིལ་འཁོར་ཕྱི་རིམ་ནུབ་སྒོ་རུ༔ རྡོ་རྗེ་སེང་གདོང་ལྕགས་སྒྲོག་དམར༔ དཀྱིལ་འཁོར་ཕྱི་རིམ་བྱང་སྒོ་རུ༔ རྡོ་རྗེ་སྦྲུལ་གདོང་དྲིལ་བུ་ལྗང་༔ ཞིང་རྐྱང་གདན་ལ་གར་སྟབས་བཞུགས༔ དཀྱིལ་འཁོར་མུ་རན་སྐྱོང་བ་ཡི༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཀྱང་༔ མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ ཕྱི་སྣོད་གཞལ་ཡས་ཁང་ཆེན་ཉིད༔ ནང་བཅུད་ལྷ་དང་ལྷ་མོར་གསལ༔ རང་ཉིད་ལྷ་ལ་ལྷ་ཉིད་རང་༔ དབྱེར་མེད་དུ་མ་རོ་གཅིག་གནས༔ དཔེར་ན་ཆུ་ཟླ་འཇའ་ཚོན་ལྟར༔ སྣང་ལ་རང་བཞིན་མེད་པར་བསྒོམ༔ བདེ་གཤེགས་ཞི་ཁྲོའི་བསྒོམ་ཁོག་འདི༔ བདག་བསྐྱེད་མདུན་བསྐྱེད་ཐོལ་བསྐྱེད་དང་༔ འབྲུ་བསྐྱེད་བུམ་བསྐྱེད་གང་བྱེད་ཀྱང་༔ སྒོམ་ཁོག་བློ་ལ་བྱང་བ་གཅེས༔ ཞི་ཁྲོ་འདུས་པའི་སྒོམ་ཁོག་ཚོར་བ་རང་གྲོལ་ཞེས་བྱ་བ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཐྱ་ཐྱ་ཐྱ༔ ཏྱ།ཏྱ།ཏྱ།༔ བདུན་པ་ལྷ་ཚོགས་སྤྱན་འདྲེན་པ་ནི༔ སེང་གེའི་ང་རོས་འདི་སྐད་དོ༔ ཧཱུྃ༔ དཔེ་མེད་བསམ་བརྗོད་བྲལ་བའི་དབུས་ཕྱོགས་སུ༔ བླ་མ་རིན་ཆེན་ཀུན་བཟང་ཆོས་ཀྱི་སྐུ༔ ཉག་གཅིག་གསལ་དག་མཐའ་བྲལ་ལུ་གུ་རྒྱུད༔ ལྷུན་གྲུབ་ཡེ་ཤེས་ལྔ་ལྡན་དཀྱིལ་འཁོར་དུ༔ ཉོན་མོངས་ལྔ་དག་སྐུ་ལྔ་འདུ་འབྲལ་མེད༔ འགྲོ་དོན་ཡིད་སྣང་དག་པའི་གནས་འདིར་བྱོན༔ ཨོཾ་གུ་རུ་བཛྲ་ཨཾ་ཀུ་ཤ་ཛཿ ཧཱུྃ༔ དཔེ་མེད་བསམ་བརྗོད་བྲལ་བའི་ཕྱོགས་ལྔ་རུ༔ བླ་མ་ཀུན་བཟང་ལོངས་སྤྱོད་རྫོགས་པའི་སྐུ༔ དུག་ལྔ་རྣམ་དག་ཡེ་ཤེས་ལྔ་དང་ལྡན༔ ཕུང་ལྔ་རྣམ་དག་བཅོམ་ལྡན་རིགས་ལྔ་ཡབ༔ འབྱུང་ལྔ་རྣམ་དག་ཡུམ་མཆོག་ལྔ་དང་སྦྱོར༔ སྐུ་གསུང་ཐུགས་ཡོན་གསལ་ལ་འགགས་པ་མེད༔ ཚོགས་བརྒྱད་གནས་དག་བྱང་ཆུབ་སེམས་དཔའ་བརྒྱད༔ ཡུལ་བརྒྱད་གནས་དག་སེམས་མ་ཆེན་མོ་བརྒྱད༔ རིགས་ལྔ་ཡབ་ཡུམ་གཙོ་འཁོར་གྲངས་མེད་ཚོགས༔ འགྲོ་དོན་ཡིད་སྣང་དག་པའི་གནས་འདིར་བྱོན༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ མུྃ་ལཱྃ་མཱྃ་པཱྃ་ཏཱྃ༔ ཨཾ་ཀུ་ཤ་ཛ་ཧཱུྃ༔ ཧཱུྃ༔ ཕྱོགས་མེད་ཕྱོགས་དང་བྲལ་བའི་ཕྱོགས་མཚམས་ནས༔ འགྲོ་དོན་རྫོགས་མཛད་ཐུབ་པ་དྲུག་རྣམས་དང་༔ ཚད་མེད་བཞི་ལྡན་རྟག་ཆད་མུ་བཞི་བྲལ༔ ཕྲིན་ལས་འགྲོ་དོན་སྒོ་བ་ཡབ་ཡུམ་བརྒྱད༔ འགྲོ་དོན་ཡིད་སྣང་དག་པའི་གནས་འདིར་བྱོན༔ ཞི་ཁྲོ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར༔ ཞི་བ་བཞི་བཅུ་རྩ་གཉིས་སྤྱན་འདྲེན་ནོ༔ འགྲོ་ཀུན་བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ༔ ས་མ་ཡ༔ གྷུཏ།ཏགྤཏྱ།༔ དེ་ནས་ཁྲོ་བོའི་ལྷ་ཚོགས་སྤྱན་འདྲེན་པ་ནི༔ གྱི་ལིང་འཚེར་སྐད་དབྱངས་ཀྱིས་འདི་སྐད་དོ༔ ཧཱུྃ༔ སངས་རྒྱས་ཀུན་གྱི་རང་བཞིན་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་ཡོངས་སུ་རྫོགས་པའི་དཔལ༔ བཅོམ་ལྡན་དཔལ་ཆེན་ཁྲག་འཐུང་ཧེ་རུ་ཀ༔ གཉིས་མེད་ཡུམ་ཆེན་ཀྲོ་ཏི་ཤྭ་རི་འཁྲིལ༔ ཉོན་མོངས་འཇོམས་ཕྱིར་ཁྲག་འཐུང་སྤྲུལ་འཁོར་བཅས༔ འགྲོ་དོན་ཡིད་སྣང་དག་པའི་གནས་འདིར་བྱོན༔ ཧཱུྃ༔ སངས་རྒྱས་ཀུན་གྱི་རང་བཞིན་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་ཡོངས་སུ་རྫོགས་པའི་དཔལ༔ བཅོམ་ལྡན་དཔལ་ཆེན་རིགས་ལྔ་ཧེ་རུ་ཀ༔ གཉིས་མེད་ཡུམ་ཆེན་ཀྲོ་ཏི་ཤྭ་རི་ལྔ་༔ དུག་ལྔ་འཇོམས་ཕྱིར་ཁྲག་འཐུང་སྤྲུལ་འཁོར་བཅས༔ འགྲོ་དོན་ཡིད་སྣང་དག་པའི་གནས་འདིར་བྱོན༔ ཧཱུྃ༔ སངས་རྒྱས་ཀུན་གྱི་རང་བཞིན་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་ཡོངས་སུ་རྫོགས་པའི་དཔལ༔ ཞི་རྒྱས་དབང་དྲག་ཕྲིན་ལས་བསྒྲུབ་མཛད་པའི༔ ཀཽ་རི་ལ་སོགས་གནས་བདག་མ་མོ་བརྒྱད༔ སེངྷ་ལ་སོགས་ཡུལ་བདག་ཕྲ་མེན་བརྒྱད༔ རྟ་གདོང་ལ་སོགས་ཡེ་ཤེས་སྒོ་མ་བཞི༔ དཀྱིལ་འཁོར་མུ་རན་དབང་ཕྱུག་ཉི་ཤུ་བརྒྱད༔ བཀའ་སྲུང་གཏེར་བདག་དམ་ཅན་ཆོས་སྐྱོང་ཚོགས༔ འགྲོ་དོན་ཡིད་སྣང་དག་པའི་གནས་འདིར་བྱོན༔ འགྲོ་ཀུན་བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ⁽1793⁾ྃ་⁽1793⁾ྃ་⁽1793⁾ྃ་⁽1793⁾ྃ་⁽1793⁾ྃ་⁽1793⁾ྃ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ༔ ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ༔ ཛཿཧཱུྃ་བྃ་ཧོཿ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ ས་མ་ཡ༔ བཛྲ་ཨཾ་ཀུ་ཤ་ཛཿ ཛཿཧཱུྃ་བྃ་ཧོཿ ཁྲོ་བོ་ཁྲག་འཐུང་སྤྱན་འདྲེན་ལེའུའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏད་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ བརྒྱད་པ་ལྷ་ཚོགས་བཞུགས་སུ་གསོལ་བ་ནི༔ ཆུ་བོའི་རྒྱུན་དབྱངས་རིང་མོས་འདི་སྐད་དོ༔ ཧཱུྃ༔ སྒྱུ་མ་གཟུགས་བརྙན་ཆུ་ཟླ་འཇའ་ཚོན་ལྟར༔ འོད་ཟེར་ཡེ་ཤེས་ལྔ་ལྡན་གཞལ་ཡས་ཁང་༔ སེང་གེ་གླང་ཆེན་རྟ་མཆོག་རྨ་བྱ་དང་༔ ཤང་ཤང་རིན་ཆེན་པདྨ་ཉི་ཟླའི་སྟེང་༔ ཆོས་སྐུ་ཀུན་བཟང་སྐུ་གསུང་ཐུགས་ཡོན་ཏན༔ ཕྲིན་ལས་ལྔ་ཡི་རིག་རྩལ་ཆོ་འཕྲུལ་ལས༔ བཅོམ་ལྡན་དཔལ་ཆེན་རིགས་ལྔ་ཡབ་ཡུམ་བཅུ༔ སེམས་དཔའ་སེམས་མ་བཅུ་དྲུག་འཁོར་དང་བཅས༔ རང་སྣང་དག་པའི་གནས་འདིར་བཞུགས་སུ་གསོལ༔ ཧཱུྃ༔ སྒྱུ་མ་གཟུགས་བརྙན་ཆུ་ཟླ་འཇའ་ཚོན་ལྟར༔ འོད་ཟེར་ཡེ་ཤེས་ལྔ་ལྡན་གཞལ་ཡས་ཁང་༔ སྣ་ཚོགས་རིན་ཆེན་ཉི་ཟླ་པདྨའི་སྟེང་༔ ཀུན་བཟང་ཞི་རྒྱས་དབང་དྲག་ཆོ་འཕྲུལ་ལས༔ ཚད་མེད་བཞི་ལྡན་ལྕགས་ཀྱུ་ཞགས་པ་དང་༔ ལྕགས་སྒྲོལ་དྲིལ་བུ་མུ་བཞི་གནས་དག་པའི༔ རྣམ་ཐར་བརྒྱད་ལྡན་སྒོ་བ་ཡབ་ཡུམ་བརྒྱད༔ རང་སྣང་དག་པའི་གནས་འདིར་བཞུགས་སུ་གསོལ༔ ཧཱུྃ༔ སྒྱུ་མ་གཟུགས་བརྙན་ཆུ་ཟླ་འཇའ་ཚོན་ལྟར༔ འོད་ཟེར་ཡེ་ཤེས་ལྔ་ལྡན་གཞལ་ཡས་ཁང་༔ རིན་ཆེན་ཉི་ཟླ་པདྨ་བརྩེགས་པའི་སྟེང་༔ ཆོས་སྐུ་ཀུན་བཟང་ཟག་མེད་ཆོ་འཕྲུལ་ལས༔ འགྲོ་བའི་རྣམ་རྟོག་རིགས་དྲུག་རྩད་གཅོད་ཕྱིར༔ བཅོམ་ལྡན་ཐུབ་དྲུག་ལྷ་ཚོགས་དཔག་མེད་འཕྲོས༔ རང་སྣང་དག་པའི་གནས་འདིར་བཞུགས་སུ་གསོལ༔ ཡྃ་བྃ་ལྃ་བྷྲུྃ༔ རཏྣ་མཎྜ་ལ༔ པྃ་པདྨ་མཎྜ་ལ༔ ཨ་ཙནྡྲ་མཎྜ་ལ༔ མ་སུརྻ་མཎྜ་ལ༔ ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ༔ སངས་རྒྱས་ཞི་བའི་ལྷ་ཚོགས་བཞི་བཅུ་གཉིས༔ རང་སྣང་གནས་ཡུལ་དག་པའི་དཀྱིལ་འཁོར་དུ༔ ཕྱོགས་མཚམས་རང་རང་བཞུགས་པའི་གདན་ཁྲི་ལ༔ ཆུ་ཉིད་ལ་ནི་ཆུ་ཉིད་ཐིམ་པ་ལྟར༔ དུ་མ་སོ་སོར་སྣང་ཡང་ངོ་བོ་གཅིག༔ གཉིས་མེད་རང་བཞིན་བརྟན་པར་བཞུགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁྲག་འཐུང་ལྷ་ཚོགས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ ཞི་བ་ལོངས་སྐུའི་རིག་རྩལ་ཆོ་འཕྲུལ་ལས༔ དུག་ལྔ་འཇོམས་པའི་ལྷ་ཚོགས་དཔག་མེད་འཕྲོས༔ བཅོམ་ལྡན་ཁྲག་འཐུང་ཆེ་མཆོག་ཧེ་རུ་ཀ༔ ཀྲོ་ཏི་ཤྭ་རི་དབྱིངས་ཕྱུག་ཡུམ་དང་འཁྲིལ༔ སྤྲུལ་པའི་ཁྲག་འཐུང་རིགས་ལྔ་ཧེ་རུ་ཀ༔ ཤེས་རབ་དབྱིངས་ཕྱུག་ཀྲོ་ཏི་ལྔ་དང་འཁྲིལ༔ ཡབ་ཡུམ་སྲས་དང་བཀའ་སྡོད་སྤྲུལ་འཁོར་བཅས༔ རང་སྣང་དག་པའི་གནས་འདིར་བཞུགས་སུ་གསོལ༔ ཧཱུྃ༔ ཁྲོ་རྒྱལ་སྐུ་གསུང་ཐུགས་ལས་སྤྲུལ་པའི་ལྷ༔ རང་སྣང་དབང་པོ་ཚོགས་བརྒྱད་གནས་དག་པའི༔ ཀཽ་རཱི་ལ་སོགས་གནས་ཀྱི་མ་མོ་བརྒྱད༔ རང་སྣང་དག་པའི་གནས་འདིར་བཞུགས་སུ་གསོལ༔ ཧཱུྃ༔ ཁྲག་འཐུང་སྐུ་གསུང་ཐུགས་ལས་སྤྲུལ་པའི་ལྷ༔ རང་སྣང་དབང་པོ་ཡུལ་བརྒྱད་གནས་དག་པའི༔ སེངྷ་ལ་སོགས་ཡུལ་གྱི་ཕྲ་མེན་བརྒྱད༔ རང་སྣང་དག་པའི་གནས་འདིར་བཞུགས་སུ་གསོལ༔ ཧཱུྃ༔ ཁྲག་འཐུང་སྐུ་གསུང་ཐུགས་ལས་སྤྲུལ་པའི་ལྷ༔ དཀྱིལ་འཁོར་ཕྱི་རིམ་མུ་རན་སྐྱོང་མཛད་མ༔ སྤྲུལ་པའི་ལས་མཛད་དབང་ཕྱུག་ཉི་ཤུ་བརྒྱད༔ རང་སྣང་དག་པའི་གནས་འདིར་བཞུགས་སུ་གསོལ༔ ཧཱུྃ༔ ཁྲག་འཐུང་རིགས་བཞིའི་ཐུགས་ལས་སྤྲུལ་པའི་ལྷ༔ ཚད་མེད་བཞི་ལྡན་ཡེ་ཤེས་སྒོ་མ་བཞི༔ ཕྱོགས་བཞིར་ཞིང་རྐྱང་རང་རང་གདན་སྟེང་དུ༔ རང་སྣང་དག་པའི་གནས་འདིར་བཞུགས་སུ་གསོལ༔ ཧཱུྃ༔ སྒྱུ་མ་སྨིག་རྒྱུ་ཆུ་ཟླ་འཇའ་ཚོན་བཞིན༔ རང་ལས་བྱུང་ཞིང་རང་བྱུང་རང་ཐིམ་ལྟར༔ གཉིས་མེད་ཟུང་འཇུག་དབྱེར་མེད་ཆེན་པོ་རུ༔ དུ་མ་རོ་གཅིག་བརྟན་པར་བཞུགས་སུ་གསོལ༔ བྷྲུྃ་ཨེ་ཡྃ་བྃ་ལྃ་བྷྲུྃ༔ རཏྣ་ཙཀྲ་རཏྣ་ཏི་ར་བྃ༔ པྃ་པདྨ་ཏི་ར་བྃ༔ མ་སུརྻ་ཏི་ར་བྃ༔ ཨ་ཙནྡྲ་ཏི་ར་བྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁཏགྲཏ༔ དགུ་པ་ལྷ་ལ་གུས་ཕྱག་འཚལ་བ་ནི༔ སྟག་ཆུང་བུང་བའི་དབྱངས་ཀྱིས་འདི་སྐད་དོ༔ ཧཱུྃ༔ ཡིད་ཤེས་རྣམ་དག་ཀུན་ཏུ་བཟང་པོ་ཡབ༔ ཆོས་ཁམས་རྣམ་དག་ཀུན་ཏུ་བཟང་མོ་ཡུམ༔ དུས་གསུམ་སངས་རྒྱས་ཀུན་གྱི་སྤྱི་མྱེས་ལྷ༔ ཀུན་བཟང་ཡབ་ཡུམ་གཉིས་ལ་ཕྱག་འཚལ་ལོ༔ ཧཱུྃ༔ གཟུགས་ཕུང་རྣམ་དག་བཅོམ་ལྡན་རྣམ་སྣང་མཛད༔ རྣམ་ཤེས་རྣམ་དག་བཅོམ་ལྡན་རྡོ་རྗེ་སེམས༔ ཚོར་བ་རྣམ་དག་བཅོམ་ལྡན་རིན་ཆེན་འབྱུང་༔ འདུ་ཤེས་རྣམ་དག་བཅོམ་ལྡན་སྣང་མཐའ་ཡས༔ འདུ་བྱེད་རྣམ་དག་བཅོམ་ལྡན་དོན་ཡོད་གྲུབ༔ ཕུང་ལྔ་རྣམ་དག་ཡེ་ཤེས་ལྔ་དང་ལྡན༔ ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་སངས་རྒྱས་ལ༔ རང་སྣང་གནས་ཡུལ་དག་པས་ཕྱག་འཚལ་ལོ༔ ཧཱུྃ༔ ནམ་མཁའ་རྣམ་དག་ཡུམ་མཆོག་དབྱིངས་ཕྱུག་མ༔ ས་ཁམས་རྣམ་དག་ཡུམ་མཆོག་སངས་རྒྱས་སྤྱན༔ ཆུ་ཁམས་རྣམ་དག་ཡུམ་མཆོག་མཱ་མ་ཀི༔ མེ་ཁམས་རྣམ་དག་ཡུམ་མཆོག་ན་བཟའ་དཀར༔ རླུང་ཁམས་རྣམ་དག་ཡུམ་མཆོག་དམ་ཚིག་སྒྲོལ༔ ཁམས་ལྔ་རྣམ་དག་བདེ་ཆེན་ཡབ་དང་སྦྱོར༔ གསང་བའི་ཡུམ་མཆོག་བདེ་སྟེར་རིགས་ལྔ་ལ༔ རང་སྣང་གནས་ཡུལ་དག་པས་ཕྱག་འཚལ་ལོ༔ ཧཱུྃ༔ ཚོགས་བརྒྱད་གནས་དག་བྱང་ཆུབ་སེམས་དཔའ་བརྒྱད༔ ས་སྙིང་བྱམས་པ་ཀུན་བཟང་ནམ་མཁའི་སྙིང་༔ སྤྱན་གཟིགས་འཇམ་དཔལ་སྒྲིབ་སེལ་ཕྱག་རྡོར་བརྒྱད༔ སེམས་དཔའི་ཚུལ་གྱིས་འགྲོ་བའི་དོན་མཛད་པའི༔ ཉེ་བའི་སྲས་མཆོག་སེམས་དཔའ་བརྒྱད་རྣམས་ལ༔ རང་སྣང་གནས་ཡུལ་དག་པས་ཕྱག་འཚལ་ལོ༔ ཧཱུྃ༔ ཡུལ་བརྒྱད་གནས་དག་སེམས་མ་ཆེན་མོ་བརྒྱད༔ ལཱ་སྱེ་པུཥྤེ་མཱ་ལེ་དྷུ་པེ་མ༔ གིརྟི་ཨཱ་ལོ་གནྡྷེ་ནིརྟི་བརྒྱད༔ སེམས་མའི་སར་གནས་དགྱེས་པ་སྐོང་མཛད་མ༔ གསང་བའི་ལྷ་མོ་སེམས་མ་བརྒྱད་རྣམས་ལ༔ རང་སྣང་གནས་ཡུལ་དག་པས་ཕྱག་འཚལ་ལོ༔ ཧཱུྃ༔ ཉོན་མོངས་དྲུག་དག་རིགས་དྲུག་གནས་ནས་འདྲེན༔ བརྒྱ་བྱིན་ཐགས་བཟང་ཤཱཀ་ཐུབ་སེང་གེ་བརྟན༔ ཁ་འབར་ཆོས་རྒྱལ་རིགས་དྲུག་དོང་ནས་སྤྲུགས༔ འགྲོ་བའི་དོན་མཛད་མཛད་པ་བསམ་མི་ཁྱབ༔ སྤྲུལ་པའི་སྐུ་མཆོག་ཐུབ་པ་དྲུག་རྣམས་ལ༔ རང་སྣང་གནས་ཡུལ་དག་པས་ཕྱག་འཚལ་ལོ༔ ཧཱུྃ༔ མུ་བཞི་གནས་དག་ཚད་མེད་བཞི་དང་ལྡན༔ རྣམ་རྒྱལ་གཤིན་རྗེ་རྟ་མགྲིན་བདུད་རྩི་འཁྱིལ༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་འཁྲོལ་མ༔ སྒོ་བ་ཡབ་ཡུམ་བརྒྱད་ལ་ཕྱག་འཚལ་ལོ༔ ས་མ་ཡ༔ ཏྱ།ཏྱ།ཏྱ།༔ བཀསྲ།༔ ཧཱུྃ༔ མ་རིག་རྩད་གཅོད་ཆེ་མཆོག་ཧེ་རུ་ཀ༔ ཀྲོ་ཏི་ཤྭ་རི་དབྱིངས་ཕྱུག་ཡུམ་དང་སྦྱོར༔ ཁྲག་འཐུང་ཆེ་བཙན་ཆེ་མཆོག་ཡབ་ཡུམ་ལ༔ གཉིས་སུ་མེད་པའི་ཚུལ་གྱིས་ཕྱག་འཚལ་ལོ༔ ཧཱུྃ༔ གཏི་མུག་རྩད་གཅོད་བུདྡྷ་ཧེ་རུ་ཀ༔ ཞེ་སྡང་རྩད་གཅོད་བཛྲ་ཧེ་རུ་ཀ༔ ང་རྒྱལ་རྩད་གཅོད་རཏྣ་ཧེ་རུ་ཀ༔ འདོད་ཆགས་རྩད་གཅོད་པདྨ་ཧེ་རུ་ཀ༔ ཕྲག་དོག་རྩད་གཅོད་ཀརྨ་ཧེ་རུ་ཀ༔ དབྱིངས་ཀྱི་ཡུམ་ཆེན་ཀྲོ་ཏི་ལྔ་དང་སྦྱོར༔ ཁྲག་འཐུང་ཁྲོ་བོ་ཡབ་ཡུམ་བཅུ་རྣམས་ལ༔ གཉིས་སུ་མེད་པའི་ཚུལ་གྱིས་ཕྱག་འཚལ་ལོ༔ ཧཱུྃ༔ རྣམ་རྟོག་གཞོམ་ཕྱིར་ཁྲོ་མོ་ཀཽ་རཱི་མ༔ ཐབས་ཤེས་གཉིས་མེད་ཁྲོ་མོ་ཙཽ་རཱི་མ༔ འཁོར་བར་མི་གཏོང་ཁྲོ་མོ་པྲ་མོ་ཧ༔ ཆོས་ཉིད་འགྱུར་མེད་ཁྲོ་མོ་བེ་ཏ་ལཱི༔ ཉོན་མོངས་གནས་འདྲེན་ཁྲོ་མོ་པུསྐ་སཱི༔ འཁོར་བ་ཞལ་གསོལ་ཁྲོ་མོ་གྷསྨ་རི༔ ལོག་རྟོག་ཕྲལ་མཛད་ཁྲོ་མོ་ཙནྜ་ལཱི༔ རྟེན་དང་ཕྲལ་ཕྱིར་ཁྲོ་མོ་སྨེ་ཤ་ནི༔ གནས་ཀྱི་ཀཽ་རི་མ་མོ་བརྒྱད་རྣམས་ལ༔ གཉིས་སུ་མེད་པའི་ཚུལ་གྱིས་ཕྱག་འཚལ་ལོ༔ ཧཱུྃ༔ འཁོར་བ་ཀ་དག་སེངྷ་མུ་ཁ་མ༔ འཁོར་བ་ཞེ་གནོན་བྱ་ཀྲི་མུ་ཁ་མ༔ ཉོན་མོངས་གནས་དག་སྲི་ལ་མུ་ཁ་མ༔ འཁོར་བ་དོང་སྤྲུགས་ཤྭ་ན་མུ་ཁ་མ༔ དུག་གསུམ་རྩད་གཅོད་ཀྲི་ཏ་མུ་ཁ་མ༔ འཁོར་བ་དང་ལེན་ཀངྐ་མུ་ཁ་མ༔ ཉོན་མོངས་གསོལ་ཕྱིར་ཁྭ་ཁ་མུ་ཁ་མ༔ ལོག་རྟོག་ཕྲལ་ཕྱིར་ཧུ་ལུ་མུ་ཁ་མ༔ ཡུལ་བདག་སེངྷ་ཕྲ་མེན་བརྒྱད་རྣམས་ལ༔ གཉིས་སུ་མེད་པའི་ཚུལ་གྱིས་ཕྱག་འཚལ་ལོ༔ ཧཱུྃ༔ སྙིང་རྗེས་འདྲེན་ཕྱིར་རྟ་གདོང་ལྕགས་ཀྱུ་མ༔ བྱམས་པས་འཆིང་ཕྱིར་ཕག་གདོང་ཞགས་པ་མ༔ དགའ་བས་སྡོམ་ཕྱིར་སེང་གདོང་ལྕགས་སྒྲོག་མ༔ བཏང་སྙོམས་འབེབས་ཕྱིར་སྦྲུལ་གདོང་དྲིལ་བུ་མ༔ ཚད་མེད་བཞི་ལྡན་སྒོ་མ་བཞི་རྣམས་ལ༔ གཉིས་སུ་མེད་པའི་ཚུལ་གྱིས་ཕྱག་འཚལ་ལོ༔ ཧཱུྃ༔ དཀར་མོ་ཉོན་མོངས་ཞི་བའི་ལས་མཛད་བདུན༔ སེར་མོ་སྐུ་གསུམ་རྒྱས་པའི་ལས་མཛད་བདུན༔ དམར་མོ་མཆོག་དང་ཐུན་མོང་དབང་སྡུད་བདུན༔ ལྗང་གུ་དྲག་པོའི་ཕྲིན་ལས་སྒྲུབ་མཛད་བདུན༔ དབང་ཕྱུག་ཆེན་མོ་ཉི་ཤུ་རྩ་བརྒྱད་ལ༔ གཉིས་སུ་མེད་པའི་ཚུལ་གྱིས་ཕྱག་འཚལ་ལོ༔ ཧཱུྃ༔ ཆོས་སྐུ་ནམ་མཁའ་ལྟ་བུར་ཀུན་ལ་ཁྱབ༔ ལོངས་སྐུ་ཉི་འོད་ལྟ་བུར་སོ་སོར་འཕྲོ༔ སྤྲུལ་སྐུ་འཇའ་ཚོན་ལྟ་བུར་འགྲོ་དོན་མཛད༔ རྒྱལ་བ་ཞི་ཁྲོའི་ཚོགས་ལ་ཕྱག་འཚལ་ལོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཏྱ།ལྐདྷ།ཏ།ཐྱ།༔ བཅུ་པ་ཕྱི་ནང་གསང་མཆོད་འབུལ་བ་ནི༔ དང་པོ་ཕྱི་མཆོད་རྡོ་རྗེ་དྲིལ་སྟབས་ཀྱིས༔ ཆུ་བོའི་རྒྱུན་དབྱངས་སྙན་པོས་འདི་སྐད་དོ༔ ཧཱུྃ༔ སྲིད་པར་གཏོགས་པའི་མེ་ཏོག་སྣ་ཚོགས་རིགས༔ དཀར་སེར་དམར་ལྗང་མཐིང་གསལ་མདངས་དང་ལྡན༔ སྲིད་ཞིའི་འབྱོར་ཚོགས་དཔག་མེད་མེ་ཏོག་ཀུན༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ བླ་མ་རྒྱལ་བ་ཞི་ཁྲོའི་ཚོགས་ལ་འབུལ༔ སྣང་སྟོང་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨོཾ་ཨཱཿབཛྲ་པུཥྤེ་ཧཱུྃ༔ ཧཱུྃ༔ སྲིད་པར་གཏོགས་པའི་བདུག་སྤོས་སྣ་ཚོགས་རིགས༔ ཙནྡན་དུ་རུ་ཀ་དང་ཨ་ཀ་རུ༔ སྲིད་ཞིའི་འབྱོར་ཚོགས་དཔག་མེད་ངད་ལྡན་སྤོས༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ བླ་མ་རྒྱལ་བ་ཞི་ཁྲོའི་ཚོགས་ལ་འབུལ༔ ཚོར་སྟོང་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨོཾ་ཨཱཿབཛྲ་དྷུ་པེ་ཧཱུྃ༔ ཧཱུྃ༔ སྲིད་པར་གཏོགས་པའི་སྣང་གསལ་སྣ་ཚོགས་རིགས༔ འབྲུ་མར་རྩི་མར་ཤིང་རས་འོད་ཀྱི་མདངས༔ དཀར་སེར་དམར་ལྗང་མཐིང་གསལ་མདངས་ཆེན་འོད༔ སྲིད་ཞིའི་འབྱོར་ཚོགས་དཔག་མེད་སྣང་གསལ་ཀུན༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ བླ་མ་རྒྱལ་བ་ཞི་ཁྲོའི་ཚོགས་ལ་འབུལ༔ གསལ་སྟོང་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨོཾ་ཨཱཿབཛྲ་ཨཱ་ལོ་ཀེ་ཧཱུྃ༔ ཧཱུྃ༔ སྲིད་པར་གཏོགས་པའི་དྲི་ཆབ་སྣ་ཚོགས་རིགས༔ འོ་མ་ཆུ་སྣ་རྩི་དགུ་སྦྱར་བའི་ཆུ༔ རང་བྱུང་རང་ཤར་བྱུག་པ་བདེ་བྱེད་ཚོགས༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ བླ་མ་རྒྱལ་བ་ཞི་ཁྲོའི་ཚོགས་ལ་འབུལ༔ བདེ་སྟོང་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨོཾ་ཨཱཿབཛྲ་གནྡྷེ་ཧཱུྃ༔ ཧཱུྃ༔ སྲིད་པར་གཏོགས་པའི་ཞལ་ཟས་སྣ་ཚོགས་རིགས༔ རང་བྱུང་ལྷན་ཅིག་སྐྱེས་དང་སྦྱར་བའི་ཟས༔ རྩི་བཅུད་ཞལ་ཟས་འབྲུ་སྨན་སྣ་ཚོགས་ཀུན༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ བླ་མ་རྒྱལ་བ་ཞི་ཁྲོའི་ཚོགས་ལ་འབུལ༔ མྱོང་སྟོང་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨོཾ་ཨཱཿབཛྲ་ནཻ་ཝི་དྱཱེ་ཧཱུྃ༔ ཧཱུྃ༔ སྲིད་པར་གཏོགས་པའི་རོལ་མོ་སྣ་ཚོགས་རིགས༔ རྔ་ཏིང་གཡེར་ཁ་དྲིལ་བུ་རྫ་རྔ་དུང་༔ འབྱུང་ལྔའི་རང་སྒྲ་གླུ་གར་རོལ་མོ་དབྱངས༔ དངོས་འབྱོར་ཡིད་སྤྲུལ་དཔག་མེད་སྒྲ་སྙན་ཀུན༔ བླ་མ་རྒྱལ་བ་ཞི་ཁྲོའི་ཚོགས་ལ་འབུལ༔ གྲགས་སྟོང་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨོཾ་ཨཱཿབཛྲ་ཤཔྟ་ཧཱུྃ༔ ཧཱུྃ༔ བླ་མ་ཀུན་བཟང་རྒྱལ་བ་ཞི་ཁྲོའི་ཚོགས༔ དཔག་མེད་ནམ་མཁའ་གང་བའི་ལྷ་ཚོགས་ལ༔ དག་པ་རྣམ་གསུམ་ཡིད་ཀྱི་མཆོད་པའི་སྤྲིན༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ སྣང་སྟོང་རིག་སྟོང་གསལ་སྟོང་བདེ་སྟོང་དང་༔ དྲན་སྟོང་གྲགས་སྟོང་ཚོར་སྟོང་མཆོད་པའི་ཚོགས༔ མེ་ཏོག་བདུག་སྤོས་དྲི་ཞལ་རོལ་མོར་བཅས༔ བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ༔ ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ བཞེས་ནས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ༔ ཨོཾ་བཛྲ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱ་ཤཔྟ་པཱུཙྪ་ཧོ༔ དེ་ནས་ནང་གི་མཆོད་པ་འབུལ་བ་ནི༔ རོལ་མོ་སྣ་ཚོགས་སྒྲོགས་ལ་འདི་སྐད་དོ༔ ཧཱུྃ༔ བླ་མ་ཀུན་བཟང་ཞི་ཁྲོའི་ཚོགས༔ རྒྱལ་བ་རྒྱ་མཚོའི་ཚོགས་བཅས་ལ༔ ལྷ་རྫས་ནང་མཆོད་འབུལ་བ་ནི༔ ཧཱུྃ༔ སྣོད་བཅུད་སྣང་སྲིད་ཐམས་ཅད་ཀུན༔ རྡོ་རྗེ་གཟུགས་མའི་ཚོགས་སྤྲུལ་ནས༔ དངོས་འབྱོར་ཡིད་སྤྲུལ་གཟུགས་མཆོད་འདི༔ ཀུན་བཟང་ཞི་ཁྲོའི་ཚོགས་ལ་འབུལ༔ ཨོཾ་ཨཱཿབཛྲ་རཱུ་པ་པྲ་ཏིཙྪ་ཧཱུྃ༔ ཧཱུྃ༔ སྣོད་བཅུད་སྣང་སྲིད་ཐམས་ཅད་ཀུན༔ རྡོ་རྗེ་སྒྲ་མའི་ཚོགས་སྤྲུལ་ནས༔ དངོས་འབྱོར་ཡིད་སྤྲུལ་སྒྲ་མཆོད་འདི༔ ཀུན་བཟང་ཞི་ཁྲོའི་ཚོགས་ལ་འབུལ༔ ཨོཾ་ཨཱཿབཛྲ་ཤཔྟ་ཧཱུྃ༔ ཧཱུྃ༔ སྣོད་བཅུད་སྣང་སྲིད་ཐམས་ཅད་ཀུན༔ རྡོ་རྗེ་དྲི་མའི་ཚོགས་སྤྲུལ་ནས༔ དངོས་འབྱོར་ཡིད་སྤྲུལ་དྲི་མཆོད་ཀུན༔ ཀུན་བཟང་ཞི་ཁྲོའི་ཚོགས་ལ་འབུལ༔ ཨོཾ་ཨཱཿབཛྲ་གནྡྷེ་ཧཱུྃ༔ ཧཱུྃ༔ སྣོད་བཅུད་སྣང་སྲིད་ཐམས་ཅད་ཀུན༔ རྡོ་རྗེ་རོ་མའི་ཚོགས་སྤྲུལ་ནས༔ དངོས་འབྱོར་ཡིད་སྤྲུལ་ཞལ་ཟས་ཀུན༔ ཀུན་བཟང་ཞི་ཁྲོའི་ཚོགས་ལ་འབུལ༔ ཨོཾ་ཨཱཿབཛྲ་ནཻ་ཝི་དྱ་ཧཱུྃ༔ ཧཱུྃ༔ སྣོད་བཅུད་སྣང་སྲིད་ཐམས་ཅད་ཀུན༔ རྡོ་རྗེ་རེག་མའི་ཚོགས་སྤྲུལ་ནས༔ དངོས་འབྱོར་ཡིད་སྤྲུལ་ན་བཟའི་ཚོགས༔ ཀུན་བཟང་ཞི་ཁྲོའི་ཚོགས་ལ་འབུལ༔ ཨོཾ་ཨཱཿབཛྲ་སྤརྴེ་ཧཱུྃ༔ ཧཱུྃ༔ སྣོད་བཅུད་སྣང་སྲིད་ཐམས་ཅད་ཀུན༔ རྡོ་རྗེ་ཆོས་མའི་ཚོགས་སྤྲུལ་ནས༔ དངོས་འབྱོར་ཡིད་སྤྲུལ་དཔག་མེད་ཀུན༔ ཀུན་བཟང་ཞི་ཁྲོའི་ཚོགས་ལ་འབུལ༔ འགྲོ་བའི་དོན་དུ་བཞེས་སུ་གསོལ༔ བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ༔ ཨོཾ་ཨཱཿབཛྲ་དྷརྨེ་ཧཱུྃ༔ དེ་ནས་གསང་བའི་མཆོད་པ་འབུལ་བ་ནི༔ པད་སྐོར་ཕྱག་རྒྱ་ལྡན་པས་འདི་སྐད་དོ༔ ཧཱུྃ༔ གསང་མཆོག་སྐུ་ཡི་བདེ་ཆེན་རིག་མ་ནི༔ སྐུ་མདོག་དཀར་མཛེས་མེ་ལོང་པདྨ་བསྣམས༔ བླ་མ་ཀུན་བཟང་ཞི་ཁྲོའི་ཚོགས་ལ་འབུལ༔ གསང་མཆོག་བདེ་བའི་མཆོད་པ་བཞེས་སུ་གསོལ༔ ཨོཾ་ཨཱཿབཛྲ་ཨ་དརྴེ་ཧཱུྃ༔ ཧཱུྃ༔ གསང་མཆོག་གསུང་གི་བདེ་ཆེན་རིག་མ་ནི༔ སྐུ་མདོག་དམར་མཛེས་རྔ་ཟླུམ་སྒྲ་སྒྲོགས་མ༔ བླ་མ་ཀུན་བཟང་ཞི་ཁྲོའི་ཚོགས་ལ་འབུལ༔ གསང་མཆོག་བདེ་བའི་མཆོད་པ་བཞེས་སུ་གསོལ༔ ཨོཾ་ཨཱཿབཛྲ་མུ་རཉྫེ་ཧཱུྃ༔ ཧཱུྃ༔ གསང་མཆོག་ཐུགས་ཀྱི་བདེ་ཆེན་རིག་མ་ནི༔ སྐུ་མདོག་མཐིང་མཛེས་པི་ཝཾ་སྒྲ་སྒྲོགས་མ༔ བླ་མ་ཀུན་བཟང་ཞི་ཁྲོའི་ཚོགས་ལ་འབུལ༔ གསང་མཆོག་བདེ་བའི་མཆོད་པ་བཞེས་སུ་གསོལ༔ ཨོཾ་ཨཱཿབཛྲ་ཝི་ནི་ཧཱུྃ༔ ཧཱུྃ༔ གསང་མཆོག་ཡོན་ཏན་བདེ་ཆེན་རིག་མ་ནི༔ སྐུ་མདོག་སེར་མཛེས་ཅང་ཏེའུ་སྒྲ་སྒྲོགས་མ༔ བླ་མ་ཀུན་བཟང་ཞི་ཁྲོའི་ཚོགས་ལ་འབུལ༔ གསང་མཆོག་བདེ་བའི་མཆོད་པ་བཞེས་སུ་གསོལ༔ ཨོཾ་ཨཱཿབཛྲ་ཝཾ་སེ་ཧཱུྃ༔ ཧཱུྃ༔ གསང་མཆོག་ཕྲིན་ལས་བདེ་ཆེན་རིག་མ་ནི༔ སྐུ་མདོག་ལྗང་མཛེས་རྫ་རྔའི་སྒྲ་སྒྲོགས་མ༔ བླ་མ་ཀུན་བཟང་ཞི་ཁྲོའི་ཚོགས་ལ་འབུལ༔ གསང་མཆོག་བདེ་བའི་མཆོད་པ་བཞེས་སུ་གསོལ༔ ཨོཾ་ཨཱཿབཛྲ་མེ་དྷེ་ཀེ་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བཞི་པ་སྨན་རཀ་གཏོར་གསུམ་འབུལ་བ་ནི༔ དང་པོ་བདུད་རྩི་བླངས་ལ་འདི་སྐད་དོ༔ ཧཱུྃ༔ རིགས་ལྔ་ཡབ་ཡུམ་གཉིས་ཀྱིས་རྒྱུ་བྱས་ཏེ༔ སྐུ་ལྔ་ཡེ་ཤེས་ལྔ་ཡིས་རྐྱེན་བྱས་ཏེ༔ ཐབས་ཤེས་རྒྱུ་ལ་མ་འགག་རྐྱེན་སྦྱར་བའི༔ དམ་པ་རིགས་བརྒྱའི་འབྲུ་བཅུད་བདུད་རྩི་འདི༔ བླ་མ་ཀུན་བཟང་ཞི་ཁྲོའི་ཚོགས་ལ་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ༔སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རྃ་ཁཱ་ཧིཿ ལྷ་ཚོགས་ཀུན་ལ་རྐང་ཐོན་དུ་འབུལ་བར་བྱའོ༔ དམ་པ་རིགས་བརྒྱ་སོ་སོའི་མཚན་ཞབས་སུ་ཨ་མྲྀ་ཏ་ཁཱ་ཧི་བཏགས་ལ་འབུལ༔ གཞན་ཡང་བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ལ་འབུལ་ལོ༔ དེ་ནས་དངོས་གྲུབ་བླང་བ་ནི༔ ཧཱུྃ༔ རིགས་ལྔ་ཡབ་ཡུམ་སྦྱོར་བའི་བདུད་རྩིའི་རྒྱུན༔ མཚན་དང་ལྡན་པ་དབྱིངས་ཀྱི་བྷནྡྷ་རུ༔ ཡེ་ཤེས་ལྔ་ལྡན་རིགས་ལྔའི་བདུད་རྩི་འཁྱིལ༔ སྙིང་པོ་མེད་ལ་དངོས་གྲུབ་སྙིང་པོ་བླངས༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱཀྐ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དེང་འདིར་སྩོལ༔ གཉིས་པ་རཀྟ་བླངས་ལ་འདི་སྐད་དོ༔ ཧཱུྃ༔ དུག་ལྔ་ཡེ་ཤེས་ལྔ་རུ་བསྒྲལ་བའི་ཁྲག༔ སྣང་སྟོང་གསལ་སྟོང་བདེ་སྟོང་དྲན་སྟོང་དང་༔ གཉིས་མེད་འཛིན་བྲལ་གསང་བའི་ཁྲག་ཆེན་འདི༔ བླ་མ་ཀུན་བཟང་ཞི་ཁྲོའི་ཚོགས་ལ་འབུལ༔ ཨོཾ་ཨཱཿཧཱུྃ༔མ་ཧཱ་རཀྟ་ལ་ཁ་རྃ་ཁཱ་ཧིཿ ལྷ་ཚོགས་རྣམས་ཀྱི་མཚན་གྱི་མཐར་རཀྟ་ཁཱ་ཧིཿབཏགས་ལ་འབུལ་ལོ༔ གསུམ་པ་གཏོར་མ་འབུལ་བ་འདི་སྐད་དོ༔ ཨོཾ་ཨཱཿཧཱུྃ༔ གཟུགས་ཕུང་རྣམ་དག་བྷནྡྷ་རུ༔ ཚོར་བ་རྣམ་དག་གཏོར་ཆེན་བཤམས༔ འདུ་ཤེས་རྣམ་དག་ཐེབ་ཀྱུས་བསྐོར༔ འདུ་བྱེད་རྣམ་དག་རྒྱན་གྱིས་བརྒྱན༔ རྣམ་ཤེས་རྣམ་དག་གཏོར་ཆེན་པོ༔ ཀུན་བཟང་ཆོས་ཀྱི་སྐུ་ལ་འབུལ༔ ཨེ༔ སྟོང་པ་འགག་མེད་བྷནྡྷ་རུ༔ གསལ་བ་ཡེ་ཤེས་གཏོར་མ་བཤམས༔ ཐུགས་རྗེ་ལུག་རྒྱུད་གཏོར་རྒྱན་སྤྲས༔ ཞི་བ་ལོངས་སྤྱོད་རྫོགས་ལ་འབུལ༔ ཨོཾ་ཨཱཿཧཱུྃ༔ ཕྱི་སྣོད་འཇིག་རྟེན་གཏོར་གཞོང་དུ༔ ནང་བཅུད་སེམས་ཅན་གཏོར་མར་བཤམས༔ རྩི་བཅུད་འབྲས་བུ་སྨན་གྱིས་བརྒྱན༔ ཞི་ཁྲོ་སྤྲུལ་པའི་སྐུ་ལ་འབུལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱཀྐི་ནཱི་མ་ཧཱ་བ་ལིངྟ་གྷྲིཧྣ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙ་ན་དྷ་ཏུ་ཨཱཿ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨེ་དམ་བ་ལིངྟ་གྷྲིཧྣ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ གཞན་ཡང་ལྷ་ཚོགས་ཐམས་ཅད་ཀྱི་མཚན་གྱི་མཐར་བ་ལིཾ་ཏ་ཁཱ་ཧི་བཏགས་ལ་འབུལ་བར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བཅུ་གཅིག་པ་བསྟོད་པ་བྱ་བ་ལ་བཞི་སྟེ༔ དང་པོ་ཀུན་ཏུ་བཟང་པོའི་དོན་བསྟོད་ནི༔ ཆུ་བོའི་ཉེར་དབྱངས་ཀྱིས་འདི་སྐད་དོ༔ ཨོཾ༔ བླ་མ་ཀུན་བཟང་ཆོས་ཀྱི་སྐུ༔ མཚན་མ་ཚིག་བྲལ་ཟང་ཐལ་སྐུ༔ བསམ་བརྗོད་ཡུལ་འདས་ཀུན་བཟང་མོ༔ དུག་ལྔ་རང་གྲོལ་ཡེ་ཤེས་སྐུ༔ ཉག་གཅིག་མཐའ་བྲལ་ལུ་གུ་རྒྱུད༔ ཀུན་བཟང་ཡབ་ཡུམ་སྐུ་ལ་བསྟོད༔ ཨཱཿ གྲགས་སྟོང་རང་བྱུང་ཆོས་ཀྱི་གསུང་༔ སྒྲ་གྲགས་སྟོང་པ་ཅིར་མི་དགོངས༔ སྣ་ཚོགས་རང་གྲགས་དམིགས་གཏད་བྲལ༔ རྗེས་སུ་འཛིན་པའི་དངོས་པོ་སྟོང་༔ འགྲོ་འདུལ་གསུང་མཆོག་ཅིར་ཡང་སྟོན༔ ཀུན་བཟང་ཡབ་ཡུམ་གསུང་ལ་བསྟོད༔ ཧཱུྃ༔ རང་རིག་དྲན་སྟོང་གདོས་བཅས་བྲལ༔ སྣ་ཚོགས་ཤར་གྲོལ་འགགས་པ་མེད༔ དངོས་མེད་དངོས་བྲལ་གཟུང་ཡུལ་བྲལ༔ དགོངས་པ་གནས་ཡུལ་རང་སར་གྲོལ༔ དབྱིངས་དང་ཡེ་ཤེས་དབྱེར་མེད་ཐུགས༔ ཀུན་བཟང་ཡབ་ཡུམ་ཐུགས་ལ་བསྟོད༔ ཧྲཱིཿ ཐམས་ཅད་མ་བཙལ་གཞི་ལ་རྫོགས༔ ལྷུན་གྲུབ་འོད་གསལ་འོད་དཔག་མེད༔ བསམ་བརྗོད་དཔེ་བྲལ་ཡོན་ཏན་རྫོགས༔ ཀུན་བཟང་ཡབ་ཡུམ་ཡོན་ཏན་རྫོགས༔ ཧཱཿ ཐུགས་རྗེའི་རང་འོད་ཡེ་ཤེས་རྒྱས༔ མ་བཙལ་རྫོགས་ལྡན་ཐིག་ལེའི་སྐུ༔ དཔག་མེད་ཕྲིན་ལས་རྫོགས་པའི་དཔལ༔ ཀུན་བཟང་ཡབ་ཡུམ་ཕྲིན་ལས་བསྟོད༔ གཉིས་པ་ཡེ་ཤེས་ལྔ་ལ་བསྟོད་པ་ནི༔ ཧཱུྃ་ཧཱུྃ༔ རིག་པ་ཟང་ཐལ་འོད་ཀྱི་སྐུ༔ ཉག་གཅིག་གསལ་འཚེར་ལུ་གུ་རྒྱུད༔ འགྱུ་འཕྲིག་དངོས་མེད་ངོ་བོ་སྟོང་༔ སྟོང་པའི་རང་བཞིན་རང་འོད་གསལ༔ གསལ་བའི་ཐུགས་རྗེ་འགག་པ་མེད༔ ཞེ་སྡང་རང་གྲོལ་དཀར་གསལ་ངང་༔ མེ་ལོང་ལྟ་བུའི་ཡེ་ཤེས་ལ༔ གཟུང་འཛིན་བྲལ་བའི་ངང་ནས་བསྟོད༔ ཧཱུྃ་སྭཱ༔ རིག་པ་ཟང་ཐལ་འོད་ཀྱི་སྐུ༔ ཉག་གཅིག་གསལ་འཚེར་ལུ་གུ་རྒྱུད༔ འགྱུ་འཕྲིག་དངོས་མེད་ངོ་བོ་སྟོང་༔ སྟོང་པའི་རང་བཞིན་རང་འོད་གསལ༔ གསལ་བའི་ཐུགས་རྗེ་འགག་པ་མེད༔ ང་རྒྱལ་རང་གྲོལ་སེར་གསལ་ངང་༔ མཉམ་པ་ཉིད་ཀྱི་ཡེ་ཤེས་ལ༔ གཟུང་འཛིན་བྲལ་བའི་ངང་ནས་བསྟོད༔ ཧཱུྃ་ཨཱཾཿ རིག་པ་ཟང་ཐལ་འོད་ཀྱི་སྐུ༔ ཉག་གཅིག་གསལ་འཚེར་ལུ་གུ་རྒྱུད༔ འགྱུ་འཕྲིག་དངོས་མེད་ངོ་བོ་སྟོང་༔ སྟོང་པའི་རང་བཞིན་རང་འོད་གསལ༔ གསལ་བའི་ཐུགས་རྗེ་འགག་པ་མེད༔ འདོད་ཆགས་རང་གྲོལ་དམར་གསལ་ངང་༔ སོ་སོར་རྟོགས་པའི་ཡེ་ཤེས་ལ༔ གཟུང་འཛིན་བྲལ་བའི་ངང་ནས་བསྟོད༔ ཧཱུྃ་ཧཱ༔ རིག་པ་ཟང་ཐལ་འོད་ཀྱི་སྐུ༔ ཉག་གཅིག་གསལ་འཚེར་ལུ་གུ་རྒྱུད༔ འགྱུ་འཕྲིག་དངོས་མེད་ངོ་བོ་སྟོང་༔ སྟོང་པའི་རང་བཞིན་རང་འོད་གསལ༔ གསལ་བའི་ཐུགས་རྗེ་འགག་པ་མེད༔ ཕྲག་དོག་རང་གྲོལ་ལྗང་གསལ་ངང་༔ བྱ་བ་གྲུབ་པའི་ཡེ་ཤེས་ལ༔ གཟུང་འཛིན་བྲལ་བའི་ངང་ནས་བསྟོད༔ ཧཱུྃ་ཨོཾ༔ རིག་པ་ཟང་ཐལ་འོད་ཀྱི་སྐུ༔ ཉག་གཅིག་གསལ་འཚེར་ལུ་གུ་རྒྱུད༔ འགྱུ་འཕྲིག་དངོས་མེད་ངོ་བོ་སྟོང་༔ སྟོང་པའི་རང་བཞིན་རང་འོད་གསལ༔ གསལ་བའི་ཐུགས་རྗེ་འགག་པ་མེད༔ གཏི་མུག་རང་གྲོལ་མཐིང་གསལ་ངང་༔ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ༔ གཟུང་འཛིན་བྲལ་བའི་ངང་ནས་བསྟོད༔ གསུམ་པ་ཞི་བ་བཞི་བཅུ་རྩ་གཉིས་ལ༔ དྭངས་པའི་སེམས་ཀྱིས་བསྟོད་པ་བྱ་བ་ནི༔ ཨོཾ༔ གདོད་ནས་མ་སྐྱེས་ཡེ་ནས་རྣམ་དག་པའི༔ ཀུན་བཟང་རིག་རྩལ་རྫོགས་པའི་ཆོ་འཕྲུལ་ལས༔ ཞེ་སྡང་རྣམ་ཤེས་རང་གྲོལ་མེ་ལོང་སྐུ༔ མཐིང་གསལ་མདངས་ལྡན་ལོངས་སྤྱོད་རྫོགས་པའི་དཔལ༔ སྣ་ཚོགས་འཛིན་བྲལ་རྡོ་རྗེ་སེམས་དཔར་ཤར༔ ཐབས་ཤེས་གཉིས་མེད་ས་ཁམས་སྤྱན་མར་འཁྲིལ༔ གླང་ཆེན་ཁྲི་རྐང་ཉི་ཟླ་པདྨའི་སྟེང་༔ དུག་ལྔ་མ་སྤངས་གནས་སུ་དག་པའི་ཚུལ༔ མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཞི་བའི་སྐུ༔ གསལ་འཚེར་ལྷུན་སྡུག་གཟི་བརྗིད་འབར་བར་བཞུགས༔ ཡབ་ཀྱི་ཆ་འཛིན་ས་སྙིང་བྱམས་པ་དཀར༔ ཡུམ་གྱི་ཆ་འཛིན་ལཱ་སྱ་པུཥྤེ་མ༔ མ་བཅོས་ལྷུན་གྱིས་གྲུབ་པའི་གཙོ་འཁོར་དྲུག༔ ཡབ་ཡུམ་སྲས་དང་བཅས་ལ་ཕྱག་འཚལ་བསྟོད༔ ཨོཾ༔ གདོད་ནས་མ་སྐྱེས་ཡེ་ནས་རྣམ་དག་པའི༔ ཀུན་བཟང་རིག་རྩལ་རྫོགས་པའི་ཆོ་འཕྲུལ་ལས༔ ང་རྒྱལ་ཚོར་བ་རང་གྲོལ་མཉམ་ཉིད་སྐུ༔ སེར་གསལ་མདངས་ལྡན་ལོངས་སྤྱོད་རྫོགས་པའི་དཔལ༔ གསལ་སྟོང་འཛིན་བྲལ་རིན་ཆེན་འབྱུང་ལྡན་ཤར༔ ཐབས་ཤེས་གཉིས་མེད་ཆུ་ཁམས་མཱ་ཀིར་སྦྱོར༔ རྟ་མཆོག་ཁྲི་རྐང་ཉི་ཟླ་པདྨའི་སྟེང་༔ དུག་ལྔ་མ་སྤངས་གནས་སུ་དག་པའི་ཚུལ༔ མཉེན་ལྕུག་འཁྲིལ་ལྡེམ་གཞོན་ནུ་བུམ་པ་ཅན༔ གསལ་འཚེར་ལྷུན་སྡུག་གཟི་བརྗིད་འབར་བར་བཞུགས༔ ཡབ་ཀྱི་ཆ་འཛིན་ཀུན་བཟང་ནམ་སྙིང་དང་༔ ཡུམ་གྱི་ཆ་འཛིན་མཱ་ལེ་དྷུ་པེ་མ༔ མ་བཅོས་ལྷུན་གྱིས་གྲུབ་པའི་གཙོ་འཁོར་དྲུག༔ ཡབ་ཡུམ་སྲས་དང་བཅས་ལ་ཕྱག་འཚལ་བསྟོད༔ ཨོཾ༔ གདོད་ནས་མ་སྐྱེས་ཡེ་ནས་རྣམ་དག་པའི༔ ཀུན་བཟང་རིག་རྩལ་རྫོགས་པའི་ཆོ་འཕྲུལ་ལས༔ འདོད་ཆགས་འདུ་ཤེས་རང་གྲོལ་སོར་རྟོགས་སྐུ༔ དམར་གསལ་མདངས་ལྡན་ལོངས་སྤྱོད་རྫོགས་པའི་དཔལ༔ བདེ་སྟོང་འཛིན་བྲལ་སྣང་བ་མཐའ་ཡས་ཤར༔ ཐབས་ཤེས་གཉིས་མེད་མེ་ཁམས་གོས་དཀར་སྦྱོར༔ རྨ་བྱ་ཁྲི་རྐང་ཉི་ཟླ་པདྨའི་སྟེང་༔ དུག་ལྔ་མ་སྤངས་གནས་སུ་དག་པའི་ཚུལ༔ མཉེན་ལྕུག་འཁྲིལ་ལྡེམ་གཞོན་ནུ་བུམ་པ་ཅན༔ གསལ་འཚེར་ལྷུན་སྡུག་གཟི་བརྗིད་འབར་བར་བཞུགས༔ ཡབ་ཀྱི་ཆ་འཛིན་སྤྱན་གཟིགས་འཇམ་དཔལ་དང་༔ ཡུམ་གྱི་ཆ་འཛིན་གཱིརྟི་ཨཱ་ལོ་ཀེ༔ མ་བཅོས་ལྷུན་གྱིས་གྲུབ་པའི་གཙོ་འཁོར་དྲུག༔ ཡབ་ཡུམ་སྲས་དང་བཅས་ལ་ཕྱག་འཚལ་བསྟོད༔ ཨོཾ༔ གདོད་ནས་མ་སྐྱེས་ཡེ་ནས་རྣམ་དག་པའི༔ ཀུན་བཟང་རིག་རྩལ་རྫོགས་པའི་ཆོ་འཕྲུལ་ལས༔ ཕྲག་དོག་འདུ་བྱེད་རང་གྲོལ་བྱ་གྲུབ་སྐུ༔ ལྗང་གསལ་མདངས་ལྡན་ལོངས་སྤྱོད་རྫོགས་པའི་དཔལ༔ གྲགས་སྟོང་འཛིན་བྲལ་དོན་ཡོད་གྲུབ་པར་ཤར༔ ཐབས་ཤེས་གཉིས་མེད་རླུང་ཁམས་སྒྲོལ་མར་སྦྱོར༔ ཤང་ཤང་ཁྲི་རྐང་ཉི་ཟླ་པདྨའི་སྟེང་༔ དུག་ལྔ་མ་སྤངས་གནས་སུ་དག་པའི་ཚུལ༔ མཉེན་ལྕུག་འཁྲིལ་ལྡེམ་གཞོན་ནུ་བུམ་པ་ཅན༔ གསལ་འཚེར་ལྷུན་སྡུག་གཟི་བརྗིད་འབར་བར་བཞུགས༔ ཡབ་ཀྱི་ཆ་འཛིན་སྒྲིབ་སེལ་ཕྱག་རྡོར་དང་༔ ཡུམ་གྱི་ཆ་འཛིན་གནྡྷེ་ནཱིརྟི་མ༔ མ་བཅོས་ལྷུན་གྱིས་གྲུབ་པའི་གཙོ་འཁོར་དྲུག༔ ཡབ་ཡུམ་སྲས་དང་བཅས་ལ་ཕྱག་འཚལ་བསྟོད༔ ཨོཾ༔ གདོད་ནས་མ་སྐྱེས་ཡེ་ནས་རྣམ་དག་པའི༔ ཀུན་བཟང་རིག་རྩལ་རྫོགས་པའི་ཆོ་འཕྲུལ་ལས༔ གཏི་མུག་གཟུགས་ཕུང་རང་གྲོལ་ཆོས་དབྱིངས་སྐུ༔ དཀར་གསལ་མདངས་ལྡན་ལོངས་སྤྱོད་རྫོགས་པའི་དཔལ༔ དྲན་སྟོང་འཛིན་བྲལ་རྣམ་པར་སྣང་མཛད་ཤར༔ ཐབས་ཤེས་གཉིས་མེད་ནམ་མཁའ་དབྱིངས་ཕྱུག་སྦྱོར༔ སེང་ཆེན་ཁྲི་རྐང་ཉི་ཟླ་པདྨའི་སྟེང་༔ དུག་ལྔ་མ་སྤངས་གནས་སུ་དག་པའི་ཚུལ༔ མཉེན་ལྕུག་འཁྲིལ་ལྡེམ་གཞོན་ནུ་བུམ་པ་ཅན༔ གསལ་འཚེར་ལྷུན་སྡུག་གཟི་བརྗིད་འབར་བར་བཞུགས༔ རིགས་བཞིའི་ཡབ་ཡུམ་སེམས་དཔའ་སེམས་མར་བཅས༔ ཡབ་ཡུམ་སྲས་དང་བཅས་ལ་ཕྱག་འཚལ་བསྟོད༔ ཨོཾ༔ གདོད་ནས་མ་སྐྱེས་ཡེ་ནས་རྣམ་དག་པའི༔ ཀུན་བཟང་རིག་རྩལ་རྫོགས་པའི་ཆོ་འཕྲུལ་ལས༔ ཉོན་དྲུག་རང་གྲོལ་སྤྲུལ་སྐུ་ཐུབ་དྲུག་ཤར༔ བརྒྱ་བྱིན་ཐགས་བཟང་ཤཱཀྱ་ཐུབ་པ་དང་༔ སེང་གེ་རབ་བརྟན་ཁ་འབར་ཆོས་ཀྱི་རྒྱལ༔ རྣམ་རྒྱལ་གཤིན་རྗེ་དབང་ཆེན་བདུད་རྩི་འཁྱིལ༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མ༔ བཞི་བཅུ་རྩ་གཉིས་རྒྱལ་བ་ཐུགས་དམ་ཅན༔ འོད་ཀྱི་ལུས་ལ་ཡེ་ཤེས་སྙིང་པོ་ཅན༔ སྟོང་གསལ་མདངས་ལྔ་ལྡན་ལ་ཕྱག་འཚལ་བསྟོད༔ ཅེས་པས་གདུང་དབྱངས་སྙན་པོས་བསྟོད་པར་བྱ༔ ཞི་བ་བཞི་བཅུ་རྩ་གཉིས་ཀྱི་དོན་བསྟོད་ཆེན་མོའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༔ཏྱ།ཏྱ།ཏྱ།༔ བཞི་པ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ལ༔ དོན་བསྟོད་ཆེན་མོས་གུས་པར་བསྟོད་པ་ནི༔ ལག་ཏུ་རྔ་ཆེན་ཐོགས་ལ་རྔམས་པའི་དབྱངས༔ འགྱིངས་དང་ངར་དུ་ལྡན་པས་འདི་སྐད་དོ༔ ཧཱུྃ༔ སྣང་སྲིད་གཞིར་བཞེངས་རང་བྱུང་དཀྱིལ་འཁོར་དུ༔ ཆོས་སྐུ་ཞི་བའི་རིག་རྩལ་ཆོ་འཕྲུལ་ལས༔ ཉོན་མོངས་འཇོམས་མཛད་ཁྲག་འཐུང་ཧེ་རུ་ཀ༔ མཐུ་རྩལ་ཐོགས་མེད་དུར་ཁྲོད་ཆས་བརྒྱད་རྫོགས༔ ཐབས་མཆོག་སྐུ་ལ་ཤེས་རབ་ཁྲོ་མོ་འཁྲིལ༔ རཱུ་ཏྲ་ཕོ་མོ་རིན་ཆེན་ཁྲི་རྐང་དང་༔ བྱོལ་སོང་པདྨ་ཉི་ཟླ་བརྩེགས་པའི་སྟེང་༔ ཐེག་པ་རིམ་དགུ་རྫོགས་པའི་སྐུར་སྟོན་པ༔ སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང་༔ རྒོད་དང་གཤེ་དང་འཇིགས་པར་སྟོན་པ་དང་༔ སྙིང་རྗེ་རྔམས་དང་ཞི་བ་ལ་སོགས་པ༔ བཅོམ་ལྡན་དཔལ་ཆེན་འཁོར་འདས་རྫོགས་ལ་བསྟོད༔ ཧཱུྃ༔ སྣང་སྲིད་གཞིར་བཞེངས་རང་བྱུང་དཀྱིལ་འཁོར་དུ༔ ཞི་བ་ལོངས་སྤྱོད་རྫོགས་སྐུའི་ཆོ་འཕྲུལ་ལས༔ གཏི་མུག་འཇོམས་མཛད་བུདྡྷ་ཧེ་རུ་ཀ༔ བུདྡྷ་ཀྲོ་ཏི་གཉིས་མེད་དགྱེས་པར་འཁྲིལ༔ བྱོལ་སོང་རུ་ཏྲ་པདྨ་ཉི་ཟླའི་སྟེང་༔ གར་གྱི་ཉམས་དགུ་དུར་ཁྲོད་ཆས་བརྒྱད་དང་༔ ཐེག་པ་རིམ་དགུ་རྫོགས་པའི་སྐུར་བསྟན་པ༔ སྐུ་མཆོག་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ སྣང་སྲིད་གཞིར་བཞེངས་རང་བྱུང་དཀྱིལ་འཁོར་དུ༔ ཞི་བ་ལོངས་སྐུའི་ཐུགས་ཀྱི་ཆོ་འཕྲུལ་ལས༔ ཞེ་སྡང་འཇོམས་མཛད་བཛྲ་ཧེ་རུ་ཀ༔ བཛྲ་ཀྲོ་ཏི་གཉིས་མེད་དགྱེས་པར་འཁྲིལ༔ བྱོལ་སོང་རུ་ཏྲ་པདྨ་ཉི་ཟླའི་སྟེང་༔ གར་གྱི་ཉམས་དགུ་དུར་ཁྲོད་ཆས་བརྒྱད་དང་༔ ཐེག་པ་རིམ་དགུ་རྫོགས་པའི་སྐུར་བསྟན་པ༔ ཐུགས་མཆོག་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ སྣང་སྲིད་གཞིར་བཞེངས་རང་བྱུང་དཀྱིལ་འཁོར་དུ༔ ཞི་བ་ལོངས་སྐུའི་ཡོན་ཏན་ཆོ་འཕྲུལ་ལས༔ ང་རྒྱལ་འཇོམས་མཛད་རཏྣ་ཧེ་རུ་ཀ༔ རཏྣ་ཀྲོ་ཏི་གཉིས་མེད་དགྱེས་པར་འཁྲིལ༔ བྱོལ་སོང་རུ་ཏྲ་པདྨ་ཉི་ཟླའི་སྟེང་༔ གར་གྱི་ཉམས་དགུ་དུར་ཁྲོད་ཆས་བརྒྱད་དང་༔ ཐེག་པ་རིམ་དགུ་རྫོགས་པའི་སྐུར་བསྟན་པ༔ ཡོན་ཏན་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ སྣང་སྲིད་གཞིར་བཞེངས་རང་བྱུང་དཀྱིལ་འཁོར་དུ༔ ཞི་བ་ལོངས་སྐུའི་གསུང་གི་ཆོ་འཕྲུལ་ལས༔ འདོད་ཆགས་འཇོམས་མཛད་པདྨ་ཧེ་རུ་ཀ༔ པདྨ་ཀྲོ་ཏི་གཉིས་མེད་དགྱེས་པར་འཁྲིལ༔ བྱོལ་སོང་རུ་ཏྲ་པདྨ་ཉི་ཟླའི་སྟེང་༔ གར་གྱི་ཉམས་དགུ་དུར་ཁྲོད་ཆས་བརྒྱད་དང་༔ ཐེག་པ་རིམ་དགུ་རྫོགས་པའི་སྐུར་བསྟན་པ༔ གསུང་མཆོག་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ སྣང་སྲིད་གཞིར་བཞེངས་རང་བྱུང་དཀྱིལ་འཁོར་དུ༔ ཞི་བ་ལོངས་སྐུའི་ཕྲིན་ལས་ཆོ་འཕྲུལ་ལས༔ ཕྲག་དོག་འཇོམས་མཛད་ཀརྨ་ཧེ་རུ་ཀ༔ ཀརྨ་ཀྲོ་ཏི་གཉིས་མེད་དགྱེས་པར་འཁྲིལ༔ བྱོལ་སོང་རུ་ཏྲ་པདྨ་ཉི་ཟླའི་སྟེང་༔ གར་གྱི་ཉམས་དགུ་དུར་ཁྲོད་ཆས་བརྒྱད་དང་༔ ཐེག་པ་རིམ་དགུ་རྫོགས་པའི་སྐུར་བསྟན་པ༔ ཕྲིན་ལས་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང་༔ རྒོད་དང་གཤེ་དང་འཇིགས་པར་སྟོན་པ་དང་༔ སྙིང་རྗེ་རྔམས་དང་ཞི་བ་གར་དགུར་ལྡན༔ ཐལ་ཆེན་རཀྟ་ཞག་གི་ཟོ་རིས་དང་༔ ཀོ་རློན་གཡང་གཞི་སྟག་གི་ཤམ་ཐབས་དང་༔ ཐོད་ཕྲེང་སྦྲུལ་ཆུན་མེ་དཔུང་ཆས་དགུས་བརྒྱན༔ གར་གྱི་ཉམས་དགུ་དུར་ཁྲོད་ཆས་བརྒྱད་རྫོགས༔ ཁྲོ་བོའི་ཆ་ལུགས་རྫོགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཞི་བ་ལོངས་སྐུའི་རིག་རྩལ་ཆོ་འཕྲུལ་ལས༔ ཧ་ཧ་ཕྱོགས་བཞི་མཚམས་བརྒྱད་དཀྱིལ་འཁོར་ནས༔ ཐུགས་རྗེ་སྤྲུལ་པའི་ཆ་འཛིན་ཀཽ་རཱི་བརྒྱད༔ རྣམ་ཤེས་ཚོགས་བརྒྱད་དག་པའི་ཆོ་འཕྲུལ་ལས༔ ཀཽ་རཱི་ཙཽ་རཱི་པྲ་མོ་བེ་ཏ་ལི༔ པུསྐ་གྷསྨ་སྨེ་ཤ་ཙནྜ་ལི༔ སྐུ་མདོག་ཕྱག་མཚན་ཅིར་ཡང་སྟོན་ཅིང་བསྒྱུར༔ ཕྲིན་ལས་ཀཽ་རཱི་བརྒྱད་ལ་ཕྱག་འཚལ་བསྟོད༔ ཧེ་ཧེ༔ ཤར་ལྷོ་ནུབ་བྱང་ཕྱོགས་མཚམས་དཀྱིལ་འཁོར་ནས༔ ཐུགས་རྗེ་སྤྲུལ་པའི་ཆ་འཛིན་སེངྷ་བརྒྱད༔ རྣམ་ཤེས་ཡུལ་བརྒྱད་དག་པའི་ཆོ་འཕྲུལ་ལས༔ སེངྷ་བྱ་ཀྲི་སྲི་ལ་ཤྭ་ན་མ༔ ཀྲྀ་ཏ་ཀངྐ་ཁ་ཁྭ་ཧུ་ལུ་མ༔ སྐུ་མདོག་ཕྱག་མཚན་མགོ་བརྙན་སྟོན་ཅིང་བསྒྱུར༔ ཞི་རྒྱས་དབང་དྲག་རང་རྟགས་ཕྲིན་ལས་རྣམས༔ མཛད་པའི་སེངྷ་བརྒྱད་ལ་ཕྱག་འཚལ་བསྟོད༔ ཛཿཧཱུྃ༔ ཤར་ལྷོ་ནུབ་བྱང་ཕྱོགས་བཞིའི་སྒོ་བཞི་ནས༔ རྟ་གདོང་ཕག་གདོང་སེང་གདོང་སྦྲུལ་གདོང་མ༔ སྙིང་རྗེ་བྱམས་པ་དགའ་བ་བཏང་སྙོམས་ཚུལ༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མ༔ འགུགས་འཆིང་སྡོམ་དགྱེས་རང་རང་ཕྲིན་ལས་ཀུན༔ མཛད་པའི་སྒོ་མ་བཞི་ལ་ཕྱག་འཚལ་བསྟོད༔ བྷྱོ་བྷྱོཿ དཀར་མོ་ཆེན་མོ་ཞི་བའི་ལས་བྱེད་བདུན༔ སེར་མོ་ཆེན་མོ་རྒྱས་པའི་ལས་བྱེད་བདུན༔ དམར་མོ་ཆེན་མོ་དབང་གི་ལས་བྱེད་བདུན༔ ལྗང་མོ་ཆེན་མོ་དྲག་པོའི་ལས་བྱེད་བདུན༔ སྤྲུལ་པའི་མགོ་བརྙན་ཕྱག་མཚན་སྟོན་ཅིང་བསྒྱུར༔ དབང་ཕྱུག་ཉི་ཤུ་བརྒྱད་ལ་ཕྱག་འཚལ་བསྟོད༔ ཅེས་པ་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ལ༔ བསྟོད་པ་གཞན་ཡང་ཅི་བདེར་བསྟོད་ན་ལེགས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་བཅུ་གཉིས་པ་བཤགས་པ་བྱ་བ་ནི༔ གནོང་འགྱོད་དྲག་པོའི་སེམས་ཀྱིས་འདི་སྐད་དོ༔ ཨོཾ་ཨཱཿཧཱུྃ༔ བླ་མ་ཀུན་བཟང་ཆོས་ཀྱི་སྐུ༔ ཉག་གཅིག་ཟང་ཐལ་ལོངས་སྤྱོད་རྫོགས༔ ཤར་གྲོལ་འགག་མེད་སྤྲུལ་པའི་སྐུ༔ རྒྱལ་བ་ཞི་ཁྲོ་སྤྲུལ་འཁོར་དགོངས༔ བདག་དང་འཁོར་བའི་སེམས་ཅན་ཐམས་ཅད་ཀྱིས༔ གཏི་མུག་འཁྲུལ་སེམས་དཔག་མེད་བླངས་པ་ནས༔ ད་ལྟ་ཚེ་འདིའི་ལུས་བླངས་ཡན་ཆད་དུ༔ རིག་དང་མ་རིག་འཁྲུལ་པའི་ལས་དབང་གིས༔ སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གི༔ དམ་ཚིག་ཆག་ཉམས་འགལ་འཁྲུལ་གྱུར་པ་ཀུན༔ མི་གསང་མི་སྦེད་གནོང་འགྱོད་མཐོལ་ལོ་བཤགས༔ ཀློང་ཡངས་ཆེན་པོའི་ངང་དུ་བཟོད་པར་གསོལ༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ སོགས་ནས་ སཏྭ་ཨཱཿ གཞན་ཡང་ཞི་ཁྲོའི་ལྟ་བའི་ཀློང་བཤགས་སོགས༔ རྒྱས་བསྡུས་གང་འོས་སྐབས་དང་བསྟུན་ལ་བཤགས༔ ཞི་ཁྲོ་འདུས་པའི་ལས་བྱང་ཚོར་བ་རང་གྲོལ་གྱི་དངོས་གཞིའི་ལས་ཀྱི་རིམ་པ་⁽14b4⁾༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བཅུ་གསུམ་པ་ཚོགས་ཀྱི་ལས་རིམ་བཅུ་ཡིས་བསྟན༔ བགེགས་བསྐྲད་བསང་སྦྱངས་སྤྱན་འདྲེན་མཆོད་བཤགས་བསྒྲལ༔ ཞལ་དུ་བསྟབ་རོལ་ཡར་གནས་མར་གནས་བཅུ༔ འདོད་པའི་ཡོ་བྱད་ཐམས་ཅད་དངོས་སུ་བཤམས༔ བསང་ཆུ་འཐོར་ཞིང་ཐོག་མར་བགེགས་བསྐྲད་ནི༔ ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ ལུས་ངག་སེམས་ལ་གནོད་བྱེད་པའི༔ དུག་ལྔ་དུག་གསུམ་རྣམ་རྟོག་བགེགས༔ ང་དང་བདག་ཏུ་འཛིན་པའི་འདྲེ༔ ཁམས་གསུམ་འཁོར་བའི་འདྲེ་བོ་ཆེ༔ ལན་ཆགས་གནས་འདིར་མ་འདུག་པར༔ ང་ཡི་བཀའ་ལས་ཁྱོད་མ་འདའ༔ རང་རང་གནས་སུ་མྱུར་དུ་དེངས༔ ཧཱུྃ་ཧཱུྃ་ཨུ་ཙ་ཏ་ཡ་ཕཊཿ གཉིས་པ་བསང་སྦྱངས་བྱིན་གྱིས་བརླབ་པ་ནི༔ ཧཱུྃ༔ བདག་ཉིད་རྡོ་རྗེ་སེམས་དཔར་གསལ༔ སེམས་དཔའི་སྐུར་གསལ་ཐུགས་ཀ་ནས༔ ཚོགས་འཁོར་བྱིན་གྱིས་བརླབ་པ་ཡི༔ ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་འཕྲོས༔ ཞལ་ཟས་དངོས་པོ་ཐམས་ཅད་ཀུན༔ ཨོཾ་ཨཱཿཧཱུྃ་གསུམ་ངོ་བོར་གྱུར༔ གཞན་ཡང་ཕྱི་ནང་སྣོད་བཅུད་ཀྱི༔ ཞལ་ཟས་བཅུད་ལྡན་རོ་མཆོག་རྣམས༔ ཡི་གེ་གསུམ་གྱི་ངོ་བོར་གྱུར༔ ཡི་གེ་གསུམ་ལས་མེ་འབར་བས༔ ཚོགས་ཀྱི་དངོས་འཛིན་དྲི་མ་བསྲེག༔ མེ་ཡི་ཤུགས་ལས་རླུང་བྱུང་བས༔ ཚོགས་ཀྱི་བག་ཆགས་རྣམ་རྟོག་གཏོར༔ མེ་རླུང་འཐབ་པས་ཆུ་བྱུང་བས༔ ཚོགས་ཀྱི་གཉིས་འཛིན་རྣམ་རྟོག་བཀྲུས༔ ཨོཾ་ཨཱཿཧཱུྃ༔ རྃ་ཡྃ་ཁྃ༔ མེ་དང་རླུང་དང་ཆུ་དང་གསུམ༔ འོད་དུ་ལྟེམ་གྱིས་ཞུ་བ་ལས༔ སྐུ་གསུང་ཐུགས་ཀྱི་བདུད་རྩི་ནི༔ དཀར་དམར་མཐིང་ག་གསུམ་དུ་གྱུར༔ བླ་མ་ཀུན་བཟང་ཞི་ཁྲོའི་ཚོགས༔ མཉེས་མཆོད་བདུད་རྩི་ཆེན་པོར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ་ཧཱུྃ་ཧྲཱིཿཧ་ཧོཿ གསུམ་པ་ཚོགས་ལ་སྤྱན་འདྲེན་པ་འདི་སྐད་དོ༔ ཧཱུྃ༔ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ ཆོས་སྐུ་ཀུན་ཏུ་བཟང་པོ་ལ༔ རྒྱལ་བ་ཞི་ཁྲོའི་ཚོགས་ཀྱིས་བསྐོར༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ དག་པ་དབྱིངས་ཀྱི་གཞལ་ཡས་ནས༔ ཡི་དམ་རྒྱལ་བའི་དཀྱིལ་འཁོར་ལ༔ སོ་སོའི་རིགས་ཀྱི་ཚོགས་ཀྱིས་བསྐོར༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཟངས་མདོག་དཔལ་རིའི་རྩེ་མོ་ནས༔ ཨོ་རྒྱན་པདྨ་འབྱུང་གནས་ལ༔ རིག་འཛིན་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཨོ་རྒྱན་རང་བྱུང་དུར་ཁྲོད་ནས༔ མཁའ་འགྲོ་རྡོ་རྗེ་ཕག་མོ་ལ༔ མཁའ་འགྲོ་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ བཀའ་སྲུང་དམ་ཅན་རྒྱ་མཚོ་ལ༔ སོ་སོའི་རིགས་ཀྱི་ཚོགས་ཀྱིས་བསྐོར༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ དེ་ནས་ཚོགས་ཕུད་རིམ་པ་གསུམ་དུ་བཅད་བྱས་ནས༔ ཚོགས་ཕུད་དང་པོ་མཆོད་པ་འདི་སྐད་དོ༔ ཧཱུྃ༔ བླ་མ་ཀུན་བཟང་ཐིག་ལེའི་སྐུ༔ ཉག་གཅིག་ཟང་ཐལ་ལོངས་སྤྱོད་རྫོགས༔ ཅིར་མི་དགོངས་པ་སྤྲུལ་པའི་སྐུ༔ རྒྱལ་བ་རྒྱ་མཚོ་ཞི་ཁྲོའི་ཚོགས༔ མཁའ་འགྲོ་ཆོས་སྐྱོང་སྤྲུལ་འཁོར་བཅས༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ ཚོགས་ཕུད་བར་པ་བཤགས་པ་འདི་སྐད་དོ༔ ཧཱུྃ༔ བདག་ཅག་འཁོར་བའི་སེམས་གཞི་བླངས་པ་ནས༔ ཐ་མ་ད་ལྟའི་དུས་འདི་ཡན་ཆད་དུ༔ རིག་དང་མ་རིག་བག་ཆགས་དབང་གྱུར་པས༔ རྩ་བ་ཡན་ལག་དམ་ཚིག་ཉམས་པ་རྣམས༔ ཞལ་ཟས་ཚོགས་འབུལ་བསྐང་ཞིང་བཤགས་པར་བགྱི༔ བཟོད་པར་བཞེས་ནས་ཚངས་པར་སྩལ་དུ་གསོལ༔ ཡི་གེ་བརྒྱ་པ་ན་རཀ་ལ་སོགས་འདོན༔ སྐབས་འདིར་ཞི་ཁྲོའི་མདངས་བསྐང་ལ་སོགས་དང་༔ བསྐང་བཤགས་གཞན་ཡང་ཅི་རིགས་བཀླག་པར་བྱ༔ ཚོགས་ཕུད་ཐ་མ་བསྒྲལ་ཞིང་བསྟབ་པ་ནི༔ ཚོགས་ཟན་ཉ་བོ་ཧོམ་ཁུང་ནང་དུ་བཅུག༔ བདག་ཉིད་ཆེ་མཆོག་སྐུར་གསལ་བདེན་སྟོབས་བརྗོད༔ དགུག་གཞུག་ལན་གསུམ་རྗེས་ལ་འདི་སྐད་དོ༔ ཧཱུྃ་བྷྱོཿ མི་མངོན་དབྱིངས་ན་བཞུགས་པ་ཞི་ཁྲོའི་ཚོགས༔ བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང་༔ གཟུགས་སྐུ་འཇིགས་པའི་ཆ་ལུགས་རྫོགས་མཛད་པ༔ དྲག་པོའི་ཕྲིན་ལས་མཛད་པའི་དུས་ལ་བབ༔ མི་མངོན་དབྱིངས་ནས་བདག་གི་གྲོགས་ལ་བྱོན༔ དང་པོ་བླ་སྲོག་རྟེན་ལ་བཀུག་པ་ནི༔ ཧཱུྃ༔ ཁྲག་འཐུང་སྐུ་ཡི་ལྷ་ཚོགས་ཐུགས་དམ་ཅན༔ དྲག་པོའི་ཕྲིན་ལས་མཛད་པའི་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བགེགས་ལས་ངན་རྣམས༔ བླ་སྲོག་རྣམ་ཤེས་རྟེན་ལ་མྱུར་དུ་ཁུག༔ ཨོཾ་བུདྡྷ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊཿ དགྲ་བགེགས་ནྲྀ་ཏྲི་ཨཾ་ཀུ་ཤ་ཛཿ ཧོཿ དཔལ་ཆེན་པོ་བུདྡྷ་ཧེ་རུ་ཀའི་ལྷ་ཚོགས་རྣམས་ཀྱིས་ཡིད་ལ་བརྣག་པའི་དགྲ་བགེགས་ལས་ངན་འདི་རྣམས་སྐད་ཅིག་ཉིད་ལ་མྱུར་དུ་ཁུག་ཅིག༔ གཉིས་པ་ལྷ་དང་ཕྲལ་བ་ནི༔ ཧཱུྃ༔ ཁྲག་འཐུང་ཐུགས་ཀྱི་ལྷ་ཚོགས་ཐུགས་དམ་ཅན༔ དྲག་པོའི་ཕྲིན་ལས་མཛད་པའི་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བགེགས་ལས་ངན་རྣམས༔ མགོན་སྐྱབས་བྱེད་པའི་ལྷ་དང་ཕྲལ་བར་གྱིས༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊཿ ཨ་ནྲྀ་ཏྲི་ཏྲག་རཀྵ་མ་ར་ཡ་ཕྱེས༔ མ་མ་ཏྲག་རུ་ཏྲ་མཱ་ར་ཡ་ཕྱེས༔ ཧོཿ དཔལ་ཆེན་པོ་བཛྲ་ཧེ་རུ་ཀའི་ལྷ་ཚོགས་རྣམས་ཀྱིས་ཡིད་ལ་བརྣག་པའི་དགྲ་བགེགས་ལས་ངན་འདི་མགོན་སྐྱབས་བྱེད་པའི་ལྷ་དང་ཕྲལ་བར་གྱིས་ཤིག༔ གསུམ་པ་བྱད་དུ་བཅུག་པ་ནི༔ ཧཱུྃ༔ ཁྲག་འཐུང་ཡོན་ཏན་ལྷ་ཚོགས་ཐུགས་དམ་ཅན༔ དྲག་པོའི་ཕྲིན་ལས་མཛད་པའི་དུས་ལ་བབ༔ བསྟན་པ་བཤིག་པའི་དགྲ་བགེགས་ལས་ངན་འདི༔ ལུས་ངག་ཡིད་གསུམ་གྲུ་གུ་ཐུལ་དུ་ཆིངས༔ ཨོཾ་རཏྣ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊཿ དགྲ་བགེགས་ནྲྀ་ཏྲི་ཨ་པ་ན་ཡ་ཧཱུྃ་ཕཊཿ ཧོཿ དཔལ་ཆེན་པོ་རཏྣ་ཧེ་རུ་ཀའི་ལྷ་ཚོགས་རྣམས་ཀྱིས་བསྟན་པ་བཤིག་པའི་དགྲ་བགེགས་འདིའི་ལུས་ངག་ཡིད་གསུམ་གྲུ་གུ་ཐུལ་དུ་བྱད་དུ་ཆུག་ཅིག༔ བཞི་པ་གཏུན་དུ་བརྡུང་བ་ནི༔ ཧཱུྃ༔ ཁྲག་འཐུང་གསུང་གི་ལྷ་ཚོགས་ཐུགས་དམ་ཅན༔ དྲག་པོའི་ཕྲིན་ལས་མཛད་པའི་དུས་ལ་བབ༔ བསྟན་པ་བཤིག་པའི་དགྲ་བགེགས་ལས་ངན་འདི༔ ལུས་ངག་རྡུལ་ཕྲན་བཞིན་དུ་བརླག་པར་གྱིས༔ ཨོཾ་པདྨ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊཿ དགྲ་བགེགས་ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུྃ་ཕཊཿ ཧོཿ དཔལ་ཆེན་པོ་པདྨ་ཧེ་རུ་ཀའི་ལྷ་ཚོགས་རྣམས་ཀྱིས་བསྟན་པ་བཤིག་པའི་དགྲ་བགེགས་ལས་ངན་འདི་རྣམས་རྡོ་རྗེའི་ཐོ་བས་རྡུལ་དུ་བརླག་པར་གྱིས་ཤིག༔ ལྔ་པ་སྨྱོ་རུ་གཞུག་པ་ནི༔ ཧཱུྃ༔ ཁྲག་འཐུང་ཕྲིན་ལས་ལྷ་ཚོགས་ཐུགས་དམ་ཅན༔ དྲག་པོའི་ཕྲིན་ལས་མཛད་པའི་དུས་ལ་བབ༔ བསྟན་པ་བཤིག་པའི་དགྲ་བགེགས་ལས་ངན་འདི༔ ལུས་ངག་ཡིད་གསུམ་སྨྱོ་ཞིང་བརྒྱལ་དུ་ཆུག༔ ཨོཾ་ཀརྨ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊཿ དགྲ་བགེགས་ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུྃ་ཕཊཿ ཧོཿ དཔལ་ཆེན་པོ་ཀརྨ་ཧེ་རུ་ཀའི་ལྷ་ཚོགས་རྣམས་ཀྱིས་བསྟན་པ་བཤིག་པའི་དགྲ་བགེགས་ལས་ངན་འདི་རྣམས་སྨྱོ་ཞིང་བརྒྱལ་ནས་རེང་དུ་ཆུག་ཅིག༔ དྲུག་པ་ཕོ་ཉ་བསྐུལ་ཞིང་བསྒྲལ་བ་ནི༔ ཧཱུྃ་བྷྱོཿ ཕོག་པར་རྒྱོབ་ཅིག་མ་མོ་ཀཽ་རཱི་མ༔ སྙིང་ནས་གཟིར་ཅིག་མ་མོ་ཙཽ་རཱི་མ༔ དབང་དུ་སྡུས་ཤིག་མ་མོ་པྲ་མོ་ཧ༔ གློ་སྙིང་ཕྱུངས་ཤིག་མ་མོ་བེ་ཏ་ལཱི༔ རྒྱུ་ཞགས་དྲོངས་ཤིག་མ་མོ་པུསྐ་སི༔ སྙིང་ཁྲག་འཐུང་ཞིག་མ་མོ་གྷསྨ་རི༔ ཙིཏྟ་ཕྱུངས་ཤིག་མ་མོ་སྨེ་ཤ་ནི༔ མགོ་ལུས་ཕྲོལ་ཅིག་མ་མོ་ཙཎྜཱ་ལི༔ ཤ་ལ་རོལ་ཅིག་ཕྲ་མེན་སེངྷ་མ༔ རུས་པ་འཆོས་ཤིག་ཕྲ་མེན་བྱ་ཀྲི་མ༔ ལྤགས་རློན་བཤུས་ཤིག་ཕྲ་མེན་སྲི་ལ་མ༔ ཤ་ལ་རོལ་ཅིག་ཕྲ་མེན་ཤྭ་ན་མ༔ ཀླད་ཁྲག་འཐུང་ཞིག་ཕྲ་མེན་ཀྲྀ་ཏ་མ༔ ནང་རོལ་ཟོ་ཞིག་ཕྲ་མེན་ཀངྐ་མ༔ མིག་ཚིལ་བྲུས་ཤིག་ཕྲ་མེན་ཁ་ཁྭ་མ༔ གློ་སྙིང་ཟོ་ཞིག་ཕྲ་མེན་ཧུ་ལུ་མ༔ སྙིང་ནས་དྲོངས་ཤིག་རྟ་གདོང་ལྕགས་ཀྱུ་མ༔ མགུལ་ནས་ཆིངས་ཤིག་ཕག་གདོང་ཞགས་པ་མ༔ ཡན་ལག་སྡོམས་ཤིག་སེང་གདོང་ལྕགས་སྒྲོག་མ༔ རྡུལ་དུ་རློགས་ཤིག་སྦྲུལ་གདོང་དྲིལ་བུ་མ༔ ཤ་ཁྲག་དོན་སྙིང་ནང་རོལ་མ་ལུས་པ༔ དཔལ་ཆེན་ཞལ་དུ་སྟོབས་ཤིག་དབང་ཕྱུག་རྣམས༔ ཞེས་པས་ཉ་བོའི་ཕུང་པོ་བསྒྲལ་བར་བྱ༔ བདུན་པ་ཉ་བོའི་ཕུང་པོ་ཞལ་དུ་བསྟབ་པ་ནི༔ ཧཱུྃ༔ དང་པོའི་སངས་རྒྱས་ཀུན་བཟང་ཡབ་ཡུམ་ལ༔ དམ་ཉམས་བསྒྲལ་བའི་ཡིད་ཆོས་མཆོད་པར་འབུལ༔ ཞི་བ་ལོངས་སྐུའི་སངས་རྒྱས་རིགས་ལྔ་ལ༔ དགྲ་བོའི་ཕུང་པོ་རྣམ་ལྔ་མཆོད་པ་འབུལ༔ གསང་བའི་བདེ་སྟེར་ཡུམ་མཆོག་ལྔ་པོ་ལ༔ དགྲ་བོའི་ཤ་ཁྲག་འབྱུང་ལྔའི་མཆོད་པ་འབུལ༔ ཉེ་བའི་སྲས་མཆོག་སེམས་དཔའ་བརྒྱད་རྣམས་ལ༔ དགྲ་བགེགས་རྣམ་ཤེས་ཚོགས་བརྒྱད་མཆོད་པ་འབུལ༔ གསང་བའི་ལྷ་མོ་སེམས་མ་བརྒྱད་རྣམས་ལ༔ དགྲ་བགེགས་དབང་པོ་ཡུལ་བརྒྱད་མཆོད་པ་འབུལ༔ སྤྲུལ་པའི་སྒོ་བ་ཡབ་ཡུམ་བརྒྱད་རྣམས་ལ༔ ཡན་ལག་ཉྭ་བཞི་ཚིགས་བཞིའི་མཆོད་པ་འབུལ༔ སྤྲུལ་པའི་སྐུ་མཆོག་ཐུབ་པ་དྲུག་རྣམས་ལ༔ རྣམ་ཤེས་དབང་པོ་ཚོགས་དྲུག་མཆོད་པ་འབུལ༔ ཧཱུྃ༔ བཅོམ་ལྡན་ཁྲག་འཐུང་ཆེ་མཆོག་ཡབ་ཡུམ་ལ༔ དགྲ་བགེགས་བསྒྲལ་བའི་ཉོན་མོངས་ཞལ་དུ་བསྟབ༔ སྤྲུལ་པའི་ཁྲག་འཐུང་རིགས་ལྔ་ཡབ་ཡུམ་ལ༔ དགྲ་བགེགས་དུག་ལྔ་ཕུང་ལྔ་ཞལ་དུ་བསྟབ༔ གནས་ཀྱི་ཀཽ་རཱི་མ་མོ་བརྒྱད་རྣམས་ལ༔ དགྲ་བགེགས་དོན་སྙིང་ནང་རོལ་ཞལ་དུ་བསྟབ༔ ཡུལ་གྱི་སེངྷ་ཕྲ་མེན་བརྒྱད་རྣམས་ལ༔ དགྲ་བགེགས་ཕྱི་ཤ་ལྷུ་ཚིགས་ཞལ་དུ་བསྟབ༔ རྟ་གདོང་ཡེ་ཤེས་སྒོ་མ་བཞི་རྣམས་ལ༔ དགྲ་བགེགས་ཡན་ལག་རྣམ་བཞི་ཞལ་དུ་བསྟབ༔ དབང་ཕྱུག་ཆེན་མོ་ཉི་ཤུ་རྩ་བརྒྱད་ལ༔ སྒལ་ཚིགས་ཉི་ཤུ་རྩ་བརྒྱད་ཞལ་དུ་བསྟབ༔ གཞན་ཡང་བཀའ་ཡི་སྲུང་མ་ཐམས་ཅད་ལ༔ ཤ་རུས་ལྤགས་པ་རྩ་རྒྱུས་ལ་སོགས་པ༔ ཕུང་པོ་ལྷག་མ་མེད་པར་ཞལ་དུ་བསྟབ༔ བསྟབ་བོ་བཞེས་ཤིག་རོལ་ཅིག་ཁ་རྃ་ཁཱ་ཧི༔ ཁྱེད་ཀྱི་ཐུགས་དམ་གཉན་པོ་བསྐང་གྱུར་ནས༔ བདག་ལ་ཚེ་དབང་ལོངས་སྤྱོད་དངོས་གྲུབ་སྩོལ༔ རྣལ་འབྱོར་འཁོར་དང་དཔལ་འབྱོར་རྒྱས་པར་མཛོད༔ དགྲ་བགེགས་རྣམ་ཤེས་བདེ་གཤེགས་སྲས་གྱུར་ཅིག༔ དགྲ་བགེགས་དམ་སྲིའི་མ་ཧཱ་མཱཾ་ས་ལ་ཁཱ་ཧིཿ མ་ཧཱ་རཀྟ་ལ་ཁཱ་ཧིཿ མ་ཧཱ་ཀེཾ་ནི་རི་ཏི་ལ་ཁཱ་ཧིཿ མ་ཧཱ་བ་སུ་ཏ་ལ་ཁཱ་ཧིཿ མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧིཿ མ་ཧཱ་ཙིཏྟ་ལ་ཁཱ་ཧིཿ ཅེས་པས་ཕུང་པོ་གཏོར་མར་བསྟབ་པར་བྱ༔ བརྒྱད་པ་རྣལ་འབྱོར་ཕོ་མོ་ཚོགས་ལ་རོལ༔ ལས་ཀྱིས་སློབ་བུས་ཚོགས་བཏེགས་ལ་འདི་སྐད་དོ༔ ཧོཿ རྣལ་འབྱོར་ཕོ་མོ་མཆེད་དང་ལྕམ་དྲལ་རྣམས༔ ཞི་ཁྲོ་རབ་འབྱམས་ལྷ་ཚོགས་རང་བཞིན་སྐུ༔ དགའ་ལྡན་ལྷ་ཡི་ཚོགས་མཆོད་དཔག་ཏུ་མེད༔ འཕྲུལ་དགའ་ལྷ་ཡི་ཏིང་འཛིན་ཡིད་ཀྱིས་སྤྲུལ༔ ཚོགས་མཆོད་དག་པ་བདུད་རྩིའི་རང་བཞིན་འདི༔ དགྱེས་པ་མཆོག་གི་ལོངས་སྤྱོད་རྣམ་པར་རོལ༔ ཨ་ལ་ལ་ཧོཿ བླ་མས་པད་བསྐོར་ཕྱག་རྒྱས་འདི་སྐད་བླངས༔ ཧོཿ སྐུ་རྡོ་རྗེ་མི་འགྱུར་བའི་དངོས་གྲུབ༔ གསུང་རྡོ་རྗེ་མི་འགག་པའི་དངོས་གྲུབ༔ ཐུགས་རྡོ་རྗེ་སྤྲོས་བྲལ་གྱི་དངོས་གྲུབ༔ སྐུ་གསུང་ཐུགས་རྡོ་རྗེ་མི་འགྱུར་བའི་དངོས་གྲུབ་དམ་པ་ཨ་ལ་ལ་ཧོཿ ཞེས་པས་རྣལ་འབྱོར་མཆེད་ལྕམ་དུ་ཡོད་ཀུན༔ ཆེ་ཆུང་ཕམ་རྒྱལ་མེད་པར་རོལ་པར་བྱ༔ དེ་ནས་ཚོགས་ཀྱི་ལྷག་མའི་མཆོད་པ་ནི༔ ཡར་གནས་མར་གནས་རྣམ་པ་གཉིས་སུ་བསྟན༔ དགུ་པ་ཡར་གནས་གཙང་ལྷག་གཏོར་མར་བསྟབ༔ ཧཱུྃ༔ ཆོས་དབྱིངས་སྐྱེ་མེད་ནམ་མཁའི་རང་བཞིན་ལ༔ ལོངས་སྐུ་འགག་མེད་བདེ་གཤེགས་ཞི་ཁྲོའི་ཚོགས༔ ཚོགས་ཕུད་དགྱེས་པ་ཆེན་པོས་ཡར་བཞེས་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་དེང་འདིར་སྩོལ༔ ཧཱུྃ༔ དང་པོ་གཙང་མ་ཕུད་ཀྱིས་མི་མཆོད་རྒྱུ༔ རྒྱལ་བ་བཞི་བཅུ་རྩ་གཉིས་ཕུད་ལ་དགྱེས༔ བར་དུ་བཅུད་ལྡན་ཚོགས་ལ་མི་རོལ་རྒྱུ༔ ཁྲག་འཐུང་འབར་བའི་ཚོགས་ཀྱང་ཚོགས་ལ་དགྱེས༔ ཐ་མ་ཚོགས་ཀྱི་ལྷག་མས་མི་བརྔན་རྒྱུ༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་ལྷག་ལ་དགྱེས༔ ཕུད་ལ་དགྱེས་པའི་བདེ་གཤེགས་ཕུད་ལ་རོལ༔ ཚོགས་ལ་དགྱེས་པའི་ཁྲག་འཐུང་ཚོགས་ལ་རོལ༔ ལྷག་ལ་དགྱེས་པའི་བྲན་མོ་ལྷག་ལ་རོལ༔ སོ་སོའི་ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ དེ་ནས་ཕུད་དང་ལྷག་མ་བསྲེས་ལ༔ ཧཱུྃ༔ བར་དུ་གཉིས་མེད་གཅིག་ཏུ་མི་བསྲེེ་རྒྱུ༔ ཆོས་དབྱིངས་རྣམ་དག་ཡེ་ནས་རྒྱུ་འབྲས་གཅིག༔ དེ་ནས་ཚོགས་ལྷག་ཁ་ཕྲུས་བཏབ་པ་ནི༔ ཧཱུྃ༔ ཐ་མ་ལྷག་མར་ཁ་ཆུས་མི་འདེབས་རྒྱུ༔ ཁྱོད་དང་ང་གཉིས་རྡོ་རྗེའི་ཐ་ཚིག་གཅིག༔ སྔོན་ཚེ་དཔལ་ཆེན་ཁྲག་འཐུང་སྤྱན་སྔ་རུ༔ དབུས་ལ་མི་འཚལ་དཀྱིལ་འཁོར་མུ་རན་སྐྱོང་༔ ཕུད་ལ་མི་འཚལ་ལྷག་མའི་ཞལ་ཆབ་ཞུ༔ ཅི་བགྱིའི་བཀའ་ཉན་བསྒྲུབ་ཅེས་ཁས་བླངས་བཞིན༔ ལྷག་མའི་བཤལ་ཆུ་གཏོར་མ་འདི་བཞེས་ལ༔ ཁས་བླངས་དམ་བཅས་བཞིན་དུ་ཕྲིན་ལས་མཛོད༔ བཅུ་པ་ལྷག་མ་མར་གནས་བསྐུལ་བ་ནི༔ བྷྱོཿ དཔལ་གྱི་བཀའ་ཉན་རོལ་པའི་ལྷག་སྡུད་མ༔ ཤར་ནས་གཤེགས་པའི་རྣལ་འབྱོར་དབང་ཕྱུག་བདུན༔ སྐུ་མདོག་དཀར་ནག་མགོ་བརྙན་ཅིར་ཡང་སྟོན༔ གནས་བཟང་དུར་ཁྲོད་ཉུལ་ཞིང་ཚོགས་ཁང་འགྲིམ༔ གོས་བཟང་གཡང་གཞི་གོན་ནས་བྷནྡྷ་ཐོགས༔ སྐོམ་བཟང་རཀྟ་འཐུང་ཞིང་རོ་ལ་ཟ༔ དམ་ཚིག་སྲུང་མར་རྒྱུ་ཞིང་མཁའ་ལ་འགྲོ༔ ཟས་སུ་ཉམས་པའི་ཤ་དང་ཁྲག་ལ་དགྱེས༔ ལས་སུ་དགྲ་བགེགས་གསོད་དང་གཅོད་ལ་བརྩོན༔ ལྷག་གཏོར་བཞེས་ལ་ཕྲིན་ལས་འགྲུབ་པར་མཛོད༔ བྷྱོཿ དཔལ་གྱི་བཀའ་ཉན་རོལ་པའི་ལྷག་སྡུད་མ༔ ལྷོ་ནས་གཤེགས་པའི་རྣལ་འབྱོར་དབང་ཕྱུག་བདུན༔ སྐུ་མདོག་སེར་ནག་མགོ་བརྙན་ཅིར་ཡང་སྟོན༔ གནས་བཟང་དུར་ཁྲོད་ཉུལ་ཞིང་ཚོགས་ཁང་འགྲིམ༔ གོས་བཟང་གཡང་གཞི་གོན་ནས་བྷནྡྷ་ཐོགས༔ སྐོམ་བཟང་རཀྟ་འཐུང་ཞིང་རོ་ལ་ཟ༔ དམ་ཚིག་སྲུང་མར་རྒྱུ་ཞིང་མཁའ་ལ་འགྲོ༔ ཟས་སུ་ཉམས་པའི་ཤ་དང་ཁྲག་ལ་དགྱེས༔ ལས་སུ་དགྲ་བགེགས་གསོད་དང་གཅོད་ལ་བརྩོན༔ ལྷག་གཏོར་བཞེས་ལ་ཕྲིན་ལས་འགྲུབ་པར་མཛོད༔ བྷྱོཿ དཔལ་གྱི་བཀའ་ཉན་རོལ་པའི་ལྷག་སྡུད་མ༔ ནུབ་ནས་གཤེགས་པའི་རྣལ་འབྱོར་དབང་ཕྱུག་བདུན༔ སྐུ་མདོག་དམར་ནག་མགོ་བརྙན་ཅིར་ཡང་སྟོན༔ གནས་བཟང་དུར་ཁྲོད་ཉུལ་ཞིང་ཚོགས་ཁང་འགྲིམ༔ གོས་བཟང་གཡང་གཞི་གོན་ནས་བྷནྡྷ་ཐོགས༔ སྐོམ་བཟང་རཀྟ་འཐུང་ཞིང་རོ་ལ་ཟ༔ དམ་ཚིག་སྲུང་མར་རྒྱུ་ཞིང་མཁའ་ལ་འགྲོ༔ ཟས་སུ་ཉམས་པའི་ཤ་དང་ཁྲག་ལ་དགྱེས༔ ལས་སུ་དགྲ་བགེགས་གསོད་དང་གཅོད་ལ་བརྩོན༔ ལྷག་གཏོར་བཞེས་ལ་ཕྲིན་ལས་འགྲུབ་པར་མཛོད༔ བྷྱོཿ དཔལ་གྱི་བཀའ་ཉན་རོལ་པའི་ལྷག་སྡུད་མ༔ བྱང་ནས་གཤེགས་པའི་རྣལ་འབྱོར་དབང་ཕྱུག་བདུན༔ སྐུ་མདོག་ལྗང་ནག་མགོ་བརྙན་ཅིར་ཡང་སྟོན༔ གནས་བཟང་དུར་ཁྲོད་ཉུལ་ཞིང་ཚོགས་ཁང་འགྲིམ༔ གོས་བཟང་གཡང་གཞི་གོན་ནས་བྷནྡྷ་ཐོགས༔ སྐོམ་བཟང་རཀྟ་འཐུང་ཞིང་རོ་ལ་ཟ༔ དམ་ཚིག་སྲུང་མར་རྒྱུ་ཞིང་མཁའ་ལ་འགྲོ༔ ཟས་སུ་ཉམས་པའི་ཤ་དང་ཁྲག་ལ་དགྱེས༔ ལས་སུ་དགྲ་བགེགས་གསོད་དང་གཅོད་ལ་བརྩོན༔ ལྷག་གཏོར་བཞེས་ལ་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་པས་ལྷག་མའི་གཏོར་མ་བསྐུལ་བར་བྱའོ༔ ཞི་ཁྲོ་འདུས་པའི་ཚོགས་མཆོད་ལས་རིམ་འདི༔ སྐལ་ལྡན་སྐྱེས་བུ་རྣམས་ཀྱིས་བརྩོན་པར་གྱིས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་བཅུ་བཞི་པ་ཐུགས་དམ་བསྐུལ་བ་ནི༔ རྣམ་པ་གསུམ་སྟེ་ཞི་ཁྲོ་ཕོ་ཉ་གསུམ༔ དང་པོ་ཞི་བ་བཞི་བཅུའི་སྤྱི་བསྐུལ་ནི༔ ཧཱུྃ་བྷྱོཿ རྣམ་དག་ཆོས་དབྱིངས་ཁྱབ་བརྡལ་ཀློང་ཡངས་ནས༔ ཀུན་བཟང་ཆེ་མཆོག་རྒྱལ་བ་ཞི་ཁྲོའི་ལྷ༔ མི་མངོན་དབྱིངས་ནས་སྐུར་བཞེངས་འདིར་གཤེགས་ལ༔ ལོག་འདྲེན་སེམས་ཅན་འདུལ་བའི་གྲོགས་ལ་བྱོན༔ ཧཱུྃ༔ ཞི་བ་ལྷུན་གྱིས་གྲུབ་པའི་ཕོ་བྲང་ནས༔ རྒྱལ་བ་ཀུན་གྱི་སྤྱི་མྱེས་ཀུན་ཏུ་བཟང་༔ རྒྱལ་བའི་བསྐྱེད་ཡུམ་ཆོས་ཉིད་བཟང་མོ་ཡུམ༔ གཉིས་མེད་རོལ་པའི་ལྕམ་དྲལ་བྱུང་བ་ནི༔ རྣམ་སྣང་རྡོ་རྗེ་སེམས་དཔའ་རིན་ཆེན་འབྱུང་༔ སྣང་མཐའ་དོན་ཡོད་གྲུབ་པ་རིགས་ལྔ་ཡབ༔ དབྱིངས་ཕྱུག་སངས་རྒྱས་སྤྱན་དང་མཱ་མ་ཀཱི༔ གོས་དཀར་སྒྲོལ་མ་ལ་སོགས་ཡུམ་མཆོག་ལྔ་༔ ཐོག་མའི་དུས་ཀྱི་ཐུགས་དམ་ཉེར་དགོངས་ལ༔ མི་མངོན་དབྱིངས་ནས་སེམས་ཅན་དོན་ལ་བྱོན༔ ཧཱུྃ༔ གཉིས་མེད་སྤྲུལ་པའི་སེམས་དཔའ་ལྕམ་དྲལ་ནི༔ ས་སྙིང་བྱམས་པ་ཀུན་བཟང་ནམ་མཁའི་སྙིང་༔ སྤྱན་གཟིགས་འཇམ་དཔལ་སྒྲིབ་སེལ་ཕྱག་རྡོར་བརྒྱད༔ ལཱ་སྱ་པུཥྤེ་མཱ་ལེ་དྷུ་པེ་མ༔ གིརྟི་ཨཱ་ལོ་གྷནྡྷེ་ནིརྟི་བརྒྱད༔ སེམས་དཔའ་ཡབ་ཡུམ་ལྕམ་དྲལ་བཅུ་དྲུག་ཀྱང་༔ ཐོག་མའི་དུས་ཀྱི་ཐུགས་དམ་ཉེར་དགོངས་ལ༔ མི་མངོན་དབྱིངས་ནས་སེམས་ཅན་དོན་ལ་བྱོན༔ ཧཱུྃ༔ གཉིས་མེད་རོལ་པའི་འགྲོ་འདུལ་སྤྲུལ་སྐུ་དྲུག༔ བརྒྱ་བྱིན་ཐག་བཟང་ཤཱཀ་ཐུབ་སེང་གེ་བརྟན༔ ཁ་འབར་ཆོས་རྒྱལ་རིགས་དྲུག་འདུལ་མཛད་དྲུག༔ འགྲོ་འདུལ་སྤྲུལ་པའི་ཐུབ་ཆེན་དྲུག་པོ་ཡང་༔ ཐོག་མའི་དུས་ཀྱི་ཐུགས་དམ་ཉེར་དགོངས་ལ༔ མི་མངོན་དབྱིངས་ནས་འགྲོ་དྲུག་དོན་ལ་བྱོན༔ ཧཱུྃ༔ གཉིས་མེད་རོལ་པའི་སྒོ་སྲུང་ཡབ་ཡུམ་བརྒྱད༔ རྣམ་རྒྱལ་གཤིན་རྗེ་རྟ་མགྲིན་བདུད་རྩི་འཁྱིལ༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་འཁྲོལ་མ༔ འགུགས་འཆིང་སྡོམ་དགྱེས་ལས་མཛད་སྒོ་མ་རྣམས༔ ཐོག་མའི་དུས་ཀྱི་ཐུགས་དམ་ཉེར་དགོངས་ལ༔ མི་མངོན་དབྱིངས་ནས་བདག་གི་གྲོགས་ལ་བྱོན༔ ཁྱེད་ཀྱི་བསྟན་པ་གཉན་ལ་དགྲ་དར་ཞིང་༔ མ་རུངས་སྙིགས་མའི་སེམས་ཅན་འདུལ་དཀའ་བས༔ ཁྱོད་ཀྱི་དམ་བཅས་དུས་འདིར་མ་དགོངས་ན༔ བསྟན་པའི་རུ་ཏྲ་ཡན་པར་ཤོར་ཏ་རེ༔ འགྲོ་བ་སེམས་ཅན་ངན་འགྲོར་ལྟུང་ཏ་རེ༔ རྒྱལ་བའི་བསྟན་པ་ནུབ་པར་འགྱུར་ཏ་རེ༔ ཡབ་ཡུམ་སྲས་དང་བཀའ་སྡོད་སྲུང་མར་བཅས༔ སོ་སོའི་ཐུགས་དམ་གཉན་པོའི་དུས་ལ་བབ༔ གཉིས་པ་ཁྲག་འཐུང་དྲུག་ཅུའི་སྤྱི་བསྐུལ་ནི༔ ཧཱུྃ་ཧཱུྃ༔ ཆོས་སྐུ་ཞི་བའི་རིག་རྩལ་ཆོ་འཕྲུལ་ལས༔ ཉོན་མོངས་གདུག་པ་འདུལ་བའི་ཁྲག་འཐུང་འཕྲོས༔ བྷྱོཿ ཁྲག་འཐུང་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཁྲོ་རྒྱལ་རྗེ་བཙན་ཆེ་མཆོག་ཧེ་རུ་ཀ༔ གཉིས་མེད་ཡུམ་ཆེན་དབྱིངས་ཕྱུག་ཁྲོ་མོ་འཁྲིལ༔ འཁྲིལ་སྦྱོར་རོལ་པའི་ཁྲག་འཐུང་བྱུང་བ་ནི༔ བུདྡྷ་བཛྲ་རཏྣ་པདྨ་དང་༔ ཀརྨ་ཧེ་རུ་ཀ་སོགས་ཁྲག་འཐུང་ལྔ་༔ སངས་རྒྱས་རྡོ་རྗེ་རིན་ཆེན་པདྨ་དང་༔ ལས་ཀྱི་དབྱིངས་ཕྱུག་ལ་སོགས་ཀྲོ་ཏི་ལྔ་༔ ཁྱོད་ཀྱི་བསྟན་ལ་གདུག་པའི་དགྲ་དར་བས༔ དྲག་པོ་ཁྲོས་པའི་ཚུལ་གྱིས་གྲོགས་ལ་བྱོན༔ ཧཱུྃ་ཧཱཿ གཉིས་མེད་རོལ་པའི་མ་མོ་སྤྲུལ་པ་ནི༔ ཀཽ་རཱི་ཙཽ་རཱི་པྲ་མོ་བེ་ཏ་ལཱི༔ པུསྐ་གྷསྨ་སྨེ་ཤ་ཙཎྜཱ་ལི༔ གནས་ཀྱི་ཀཽ་རཱི་མ་མོ་བརྒྱད་རྣམས་ཀྱང་༔ སངས་རྒྱས་བསྟན་ལ་སྡང་བའི་དགྲ་དར་བས༔ ཟ་བྱེད་རྔམས་པའི་ཚུལ་གྱིས་གྲོགས་ལ་བྱོན༔ ཧཱུྃ་ཧེཿ གཉིས་མེད་རོལ་པའི་ཕྲ་མེན་སྤྲུལ་པ་ནི༔ སེངྷ་བྱ་ཀྲི་སྲི་ལ་ཤྭ་ན་མ༔ ཀྲི་ཏ་ཀངྐ་ཁ་ཁྭ་ཧུ་ལུ་མ༔ ཡུལ་གྱི་སེངྷ་ཕྲ་མེན་བརྒྱད་རྣམས་ཀྱང་༔ བསྟན་པ་གཉན་ལ་སྡང་བའི་དགྲ་དར་བས༔ གསོད་བྱེད་འཇིགས་པའི་ཚུལ་གྱིས་གྲོགས་ལ་བྱོན༔ ཧཱུྃ་ཛཿ གཉིས་མེད་རོལ་པའི་སྒོ་སྲུང་སྤྲུལ་པ་ནི༔ རྟ་གདོང་ཕག་གདོང་སེང་གདོང་སྦྲུལ་གདོང་བཞི༔ འགུག་འཆིང་སྡོམ་དགྱེས་ཕྲིན་ལས་བཞི་མཛད་མ༔ བསྟན་པ་གཉན་ལ་སྡང་བའི་དགྲ་དར་བས༔ ཡབ་ཡུམ་སྲས་དང་བཀའ་སྡོད་སྤྲུལ་འཁོར་བཅས༔ སྒྲོལ་བྱེད་འཁྱུག་པའི་ཚུལ་གྱིས་གྲོགས་ལ་བྱོན༔ ཧཱུྃ་བྷྱོཿ གཉིས་མེད་རོལ་པའི་ཡང་སྤྲུལ་ཕོ་ཉ་ནི༔ ཤར་ནས་ཞི་བའི་ལས་མཛད་དབང་ཕྱུག་བདུན༔ ལྷོ་ནས་རྒྱས་པའི་ལས་མཛད་དབང་ཕྱུག་བདུན༔ ནུབ་ནས་དབང་གི་ལས་མཛད་དབང་ཕྱུག་བདུན༔ བྱང་ནས་དྲག་པོའི་ལས་མཛད་དབང་ཕྱུག་བདུན༔ སྤྲུལ་པའི་མགོ་བརྙན་རྫུ་འཕྲུལ་ཅིར་ཡང་སྟོན༔ བཀའ་ཡི་བསྟན་པ་བསྲུང་བར་ཞལ་བཞེས་པའི༔ མྱུར་མགྱོགས་མཐུ་དང་རྫུ་འཕྲུལ་ལྡན་པ་རྣམས༔ བསྟན་པ་གཉན་ལ་སྡང་བའི་དགྲ་དར་བས༔ དགྲ་བགེགས་བསྒྲལ་ཕྱིར་བདག་གི་གྲོགས་ལ་བྱོན༔ ཧཱུྃ་བྷྱོཿ ཞི་ཁྲོ་རིགས་བརྒྱའི་བཀའ་ཉན་ལས་བྱེད་རྣམས༔ སྔོན་ཚེ་སྤྱན་སྔར་ཁས་བླངས་དམ་བཅས་བཞིན༔ དེང་འདིར་ཁྱོད་ཀྱི་བསྟན་པ་ནུབ་ལ་ཉེ༔ བསྟན་པ་གཉན་ལ་སྡང་བའི་དགྲ་དར་བས༔ ཡབ་ཡུམ་སྲས་དང་བཀའ་སྡོད་སྤྲུལ་འཁོར་བཅས༔ ཁྱོད་ཀྱི་ཐུགས་དམ་གཉན་པོའི་དུས་ལ་བབས༔ མྱུར་ཞིང་རིངས་པའི་ཚུལ་གྱིས་འདིར་གཤེགས་ལ༔ བསྟན་པའི་དགྲ་བགེགས་བརླག་པའི་ཕྲིན་ལས་མཛོད༔ མི་མཐུན་རྐྱེན་ཚོགས་བཟློག་པའི་ཕྲིན་ལས་མཛོད༔ བཅོལ་བའི་ཕྲིན་ལས་མྱུར་མགྱོགས་འགྲུབ་པར་མཛོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གསུམ་པ་ཕོ་ཉ་སྒོས་སུ་བསྐུལ་བ་ནི༔ ཧཱུྃ་བྷྱོཿ བཀའ་དང་དམ་ཚིག་གཞལ་ཡས་སུ༔ ཞི་ཁྲོའི་སྤྲུལ་པ་ཡང་སྤྲུལ་དང་༔ བཀའ་ཉན་ལས་བྱེད་སྲུང་མའི་ཚོགས༔ ལ་ལས་བསྟན་པའི་གཞི་འཛིན་མཛད༔ ལ་ལས་བཀའ་ཡི་བྱ་ར་མཛད༔ ལ་ལས་ཆོས་མཛད་སྲུང་མ་མཛད༔ ལ་ལས་གཙུག་ལག་དཀོར་ཁང་སྲུང་༔ ལ་ལས་ཡུལ་དགོན་དབེན་གནས་སྲུང་༔ ལ་ལས་དམ་ཚིག་ལས་རྗེས་གཅོད༔ ལ་ལས་སྒྲུབ་པའི་སྡོང་གྲོགས་མཛད༔ ལ་ལས་སྟོང་གསུམ་ཁྱབ་པར་ཉུལ༔ ལ་ལ་བསམ་གཏན་ངང་ལ་གནས༔ ལ་ལས་སྐྱེ་འགྲོའི་བླ་ཚེ་རྐུ༔ ལ་ལ་སྲོག་གཅོད་སྲིན་པོའི་རིགས༔ ལ་ལ་གཙང་སྦྲ་བྲམ་ཟེའི་རིགས༔ ལ་ལ་རིམས་དང་ནད་ཀྱི་བདག༔ ལ་ལ་ལྟས་ངན་ཆོ་འཕྲུལ་བདག༔ སྤྲུལ་པ་ཡང་སྤྲུལ་བསམ་མི་ཁྱབ༔ འཁོར་དང་ལས་བྱེད་བྱེ་བ་འབུམ༔ ཀུན་ཀྱང་ཞི་ཁྲོའི་ཆོ་འཕྲུལ་ཏེ༔ རིག་རྩལ་རོལ་པ་ཐོགས་མེད་འཕྲོ༔ ཁྱེད་ཅག་སྔོན་གྱི་ཐ་ཚིག་ཅན༔ རྒྱལ་བའི་སྤྱན་སྔར་ཁས་བླངས་བཞིན༔ ད་ལྟ་བསྟན་ལ་དགྲ་དར་བས༔ མ་གཡེལ་བཀའ་ཡི་སྲུང་མ་རྣམས༔ རྒྱན་གྱི་གཏོར་མ་འདི་བཞེས་ལ༔ བསྟན་པ་བཤིག་པའི་དགྲ་བགེགས་རྣམས༔ ཡུད་ཙམ་གྱིས་ནི་བརླག་པར་མཛོད༔ ས་མ་ཡ༔ གྲ་མ།ག༔ཏྱ།ཏྱ།ཏྱ།༔ བཅོ་ལྔ་བཀའ་ཡི་ཆད་མདོ་འདི་སྐད་དོ༔ ཧཱུྃ༔ དུས་གསུམ་དུས་མེད་ཀ་དག་དུས་ཀྱི་ཚེ༔ རྣམ་དག་ཆོས་དབྱིངས་ཁྱབ་བརྡལ་ཀློང་ཡངས་སུ༔ ཀུན་ཏུ་བཟང་པོ་གྲོལ་གཞིའི་དུས་ཀྱི་ཚེ༔ ཐོག་མའི་སངས་རྒྱས་འོད་མི་འགྱུར་བ་ཡིས༔ མ་བཅོས་རང་ཤར་རང་དམ་བཅས་པ་བཞིན༔ འཁོར་འདས་གཞི་ནས་གྲོལ་བར་མ་ཆད་དམ༔ འཁྲུལ་པ་ཀ་ནས་དག་པར་མ་ཆད་དམ༔ འཁོར་བ་དོང་ནས་སྤྲུགས་པར་མ་ཆད་དམ༔ ཡེ་གྲོལ་གཤིས་ཀྱི་གཏོར་མ་འདི་བཞེས་ལ༔ ཀུན་གཞི་ཀློང་དུ་གྲོལ་བའི་ཕྲིན་ལས་མཛོད༔ ཧཱུྃ༔ སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ༔ རྣམ་དག་འོག་མིན་ཆོས་དབྱིངས་ཕོ་བྲང་དུ༔ ཐོག་མའི་མགོན་པོ་ཀུན་ཏུ་བཟང་པོ་ཡིས༔ རིགས་ལྔ་ཡབ་ཡུམ་སེམས་དཔའ་ལྕམ་དྲལ་ལ༔ ཆོས་སྐུའི་དགོངས་པས་བྱིན་གྱིས་བརླབས་པའི་ཚེ༔ ཞི་ཁྲོ་རབ་འབྱམས་ལྷ་ཚོགས་ཐམས་ཅད་ཀྱིས༔ སོ་སོའི་སྐུ་གསུང་ཐུགས་སུ་བསྟན་ནས་ཀྱང་༔ ཕུང་ཁམས་གནས་སུ་དག་པར་མ་ཆད་དམ༔ རིགས་དྲུག་དབྱིངས་སུ་སྒྲོལ་བར་མ་ཆད་དམ༔ འཁོར་བ་དོང་ནས་སྤྲུགས་པར་མ་ཆད་དམ༔ རྟོག་ཚོགས་རང་གྲོལ་གཏོར་མ་འདི་བཞེས་ལ༔ ཅི་ལྟར་ཁས་བླངས་དམ་བཅས་དེ་བཞིན་དུ༔ འཁོར་བ་ཀ་ནས་དག་པའི་ཕྲིན་ལས་མཛོད༔ ཧཱུྃ༔ དེ་འོག་བར་གྱི་བསྐལ་པའི་དབུས་མ་ལ༔ འོག་མིན་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ ཀུན་ཏུ་བཟང་པོ་ཆེ་མཆོག་ཧེ་རུ་ཀ༔ ཁྲག་འཐུང་རིགས་ལྔ་ཞི་ཁྲོ་སྤྲུལ་འཁོར་གྱིས༔ དྲེགས་པ་རུ་ཏྲའི་སྡེ་དཔོན་བཏུལ་བའི་ཚེ༔ དབང་ཕྱུག་ཆེན་མོ་ཉི་ཤུ་རྩ་བརྒྱད་དང་༔ དྲེགས་པ་ཅན་གྱི་འཁོར་ཚོགས་ཐམས་ཅད་ཀྱིས༔ རང་རང་སྲོག་གི་སྙིང་པོ་ཕུལ་ནས་ཀྱང་༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ སངས་རྒྱས་བསྟན་པ་བསྲུང་བར་མ་ཆད་དམ༔ རྣལ་འབྱོར་སྐུ་ཚེ་བསྲིང་བར་མ་ཆད་དམ༔ རྒྱུ་སྦྱོར་རྐྱེན་ངན་བཟློག་པར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ གཏོར་མ་འདི་བཞེས་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ དེ་འོག་བར་གྱི་བསྐལ་པའི་ཕྱི་མ་ལ༔ བོད་ཡུལ་ཁ་བ་ཅན་གྱི་ཡུལ་ལྗོངས་སུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས༔ བྲག་དམར་དཔལ་གྱི་བསམ་ཡས་བཞེངས་པའི་ཚེ༔ བོད་ཀྱི་ལྷ་སྲིན་དྲེགས་པ་ཐམས་ཅད་ཀྱིས༔ རང་རང་སྲོག་གི་སྙིང་པོ་ཕུལ་ནས་ཀྱང་༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ སངས་རྒྱས་བསྟན་པ་བསྲུང་བར་མ་ཆད་དམ༔ རྣལ་འབྱོར་སྐུ་ཚེ་བསྲིང་བར་མ་ཆད་དམ༔ རྒྱུ་སྦྱོར་རྐྱེན་ངན་བཟློག་པར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ གཏོར་མ་འདི་བཞེས་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ དེ་འོག་བསྐལ་པ་ཕྱི་མའི་དུས་ཀྱི་ཚེ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་༔ ཤེས་རབ་ཡུམ་ཆེན་མཁའ་འགྲོ་མཚོ་རྒྱལ་གྱིས༔ ཟབ་ཆོས་མཐའ་དག་གཏེར་དུ་སྦས་པའི་ཚེ༔ གཏེར་བདག་ཆོས་ཀྱི་སྲུང་མ་ཐམས་ཅད་དང་༔ དྲེགས་པ་སྡེ་བརྒྱད་བརྟན་མ་བཅུ་གཉིས་ཀྱིས༔ རང་རང་སྲོག་གི་སྙིང་པོ་ཕུལ་ནས་ཀྱང་༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ སངས་རྒྱས་བསྟན་པ་བསྲུང་བར་མ་ཆད་དམ༔ རྣལ་འབྱོར་སྐུ་ཚེ་བསྲིང་བར་མ་ཆད་དམ༔ རྒྱུ་སྦྱོར་རྐྱེན་ངན་བཟློག་པར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ གཏོར་མ་འདི་བཞེས་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ ད་དུས་སྙིགས་མའི་དུས་ལ་བབ་པའི་ཚེ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས༔ སྤྲུལ་པ་ཡང་སྤྲུལ་སུམ་སྤྲུལ་བཀྱེས་ནས་སུ༔ ཟབ་ཆོས་མཐའ་དག་གཏེར་ནས་བཏོན་པའི་ཚེ༔ སྲུང་མ་དམ་ཅན་རྒྱ་མཚོ་ཐམས་ཅད་དང་༔ གསང་སྔགས་ཆོས་ཀྱི་སྲུང་མ་ཐམས་ཅད་ཀྱིས༔ རང་རང་སྲོག་གི་སྙིང་པོ་ཕུལ་ནས་ཀྱང་༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ སངས་རྒྱས་བསྟན་པ་བསྲུང་བར་མ་ཆད་དམ༔ རྣལ་འབྱོར་སྐུ་ཚེ་བསྲིང་བར་མ་ཆད་དམ༔ རྒྱུ་སྦྱོར་རྐྱེན་ངན་བཟློག་པར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ གཏོར་མ་འདི་བཞེས་ཕྲིན་ལས་འགྲུབ་པར་མཛོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བཅུ་དྲུག་པ་སྒོ་དབྱེ་བྱ་བ་འདི་སྐད་དོ༔ ཧཱུྃ་ཛཿ ཤར་ཕྱོགས་སྒོ་མ་རྟ་གདོང་མ༔ སྙིང་རྗེ་ཚད་མེད་ལྕགས་ཀྱུ་ཡིས༔ མེ་ལོང་ཡེ་ཤེས་ཤར་སྒོ་ཕྱེས༔ ཞེ་སྡང་དགྲ་བགེགས་ཚར་ཆོད་ལ༔ འཇིགས་པ་བརྒྱད་སོགས་ཞི་བ་དང་༔ གཏོར་མའི་ཟོར་ལམ་དགྲ་ལ་བསྒྱུར༔ ཧཱུྃ་ཧཱུྃ༔ ལྷོ་ཕྱོགས་སྒོ་མ་ཕག་གདོང་མ༔ བྱམས་པ་ཚད་མེད་ཞགས་པ་ཡིས༔ མཉམ་ཉིད་ཡེ་ཤེས་ལྷོ་སྒོ་ཕྱེས༔ ང་རྒྱལ་དགྲ་བགེགས་ཚར་ཆོད་ལ༔ བསོད་ནམས་ཡེ་ཤེས་རྒྱས་པ་དང་༔ གཏོར་མའི་ཟོར་ལམ་དགྲ་ལ་བསྒྱུར༔ ཧཱུྃ་བྃ༔ ནུབ་ཕྱོགས་སྒོ་མ་སེང་གདོང་མ༔ དགའ་བ་ཚད་མེད་ལྕགས་སྒྲོག་གིས༔ སོར་རྟོགས་ཡེ་ཤེས་ནུབ་སྒོ་ཕྱེས༔ འདོད་ཆགས་དགྲ་བགེགས་ཚར་ཆོད་ལ༔ ཁམས་གསུམ་དབང་དུ་སྡུད་པ་དང་༔ གཏོར་མའི་ཟོར་ལམ་དགྲ་ལ་བསྒྱུར༔ ཧཱུྃ་ཧོཿ བྱང་ཕྱོགས་སྒོ་མ་སྦྲུལ་གདོང་མ༔ བཏང་སྙོམས་ཚད་མེད་དྲིལ་བུ་ཡིས༔ བྱ་གྲུབ་ཡེ་ཤེས་བྱང་སྒོ་ཕྱེས༔ ཕྲག་དོག་དགྲ་བགེགས་ཚར་ཆོད་ལ༔ མི་མཐུན་རྐྱེན་ངན་དགྲ་ལ་བཟློག༔ གཏོར་མའི་ཟོར་ལམ་དགྲ་ལ་བསྒྱུར༔ ཧཱུྃ༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་བཅུ༔ དེ་ན་ཕྱོགས་སྐྱོང་བཅུ་པོ་བཞུགས༔ ཕྱོགས་སྐྱོང་ཕོ་རྣམས་ཁྲག་ཏུ་སྐྱུག༔ ཕྱོགས་སྐྱོང་མོ་རྣམས་འབོག་ཅིང་བརྒྱལ༔ ཕྱོགས་སྐྱོང་ཕྲུ་གུ་དམྱལ་ཐག་གཅོད༔ དེར་ཡང་སྙིང་རྗེས་ཟོར་མི་འཕེན༔ ཟོར་འཕེན་སྡང་བའི་དགྲ་ལ་འཕེན༔ ཟོར་འཕེན་གནོད་པའི་བགེགས་ལ་འཕེན༔ དགྲ་དཔུང་བདུན་རྒྱུད་རྩད་ནས་ཆོད༔ བགེགས་དཔུང་ཐལ་བའི་རྡུལ་དུ་རློགས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བཅུ་བདུན་པ་གཏོར་སྐྱོང་བྱ་བ་འདི་སྐད་དོ༔ ཧཱུྃ་བྷྱོཿ བསྟན་པ་སྐྱོང་མཛད་མ་སྲིང་ཚོགས༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་དང་༔ འཛམ་གླིང་བརྟན་མ་བཅུ་གཉིས་རྣམས༔ འདིར་གཤེགས་རྒྱན་གྱི་གཏོར་མ་ལོངས༔ ཤར་ནས་ཞི་བའི་ལས་བྱེད་བདུན༔ འདིར་གཤེགས་རྒྱན་གྱི་གཏོར་མ་ལོངས༔ དགྲ་བགེགས་ཞི་བའི་ཕྲིན་ལས་མཛོད༔ ལྷོ་ནས་རྒྱས་པའི་ལས་བྱེད་བདུན༔ འདིར་གཤེགས་རྒྱན་གྱི་གཏོར་མ་ལོངས༔ བསོད་ནམས་རྒྱས་པའི་ཕྲིན་ལས་མཛོད༔ ནུབ་ནས་དབང་གི་ལས་བྱེད་བདུན༔ འདིར་གཤེགས་རྒྱན་གྱི་གཏོར་མ་ལོངས༔ འཁོར་འདས་དབང་སྡུད་ཕྲིན་ལས་མཛོད༔ བྱང་ནས་དྲག་པོའི་ལས་བྱེད་བདུན༔ འདིར་གཤེགས་རྒྱན་གྱི་གཏོར་མ་ལོངས༔ དགྲ་བགེགས་ཚར་གཅོད་ཕྲིན་ལས་མཛོད༔ བོད་ཁམས་བརྟན་མ་བཅུ་གཉིས་དང་༔ གཡའ་མ་སྐྱོང་མའི་ཚོགས་རྣམས་ཀྱང་༔ བཤལ་ཆུའི་གཏོར་མ་འདི་ལོངས་ལ༔ སྔོན་ཚེ་རྒྱལ་བ་ཞི་ཁྲོའི་བཀའ༔ དེ་རྗེས་སློབ་དཔོན་པདྨའི་བཀའ༔ ད་ལྟ་རྣལ་འབྱོར་བདག་གི་བཀའ༔ བཀའ་དང་དམ་ལས་མ་འདའ་བར༔ གཏོར་མ་འདི་བཞེས་ཕྲིན་ལས་མཛོད༔ སློབ་དཔོན་པདྨའི་སྤྱན་སྔ་རུ༔ ཇི་ལྟར་ཁས་བླངས་དམ་བཅས་བཞིན༔ དམ་ཚིག་འདི་ལས་ཁྱོད་མ་འདའ༔ དམ་ཚིག་འདི་ལས་ཁྱོད་འདས་ན༔ རྡོ་རྗེ་ཁྲོ་བོ་གནོད་སྦྱིན་གྱིས༔ སྙིང་ཁྲག་འཐུང་ནས་བརླག་པར་བྱེད༔ དེ་བས་དམ་ལས་མ་འདའ་བར༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དེ་ནས་བཅོ་བརྒྱད་པ་གཏོར་བྲོ་བརྡུང་བ་ནི༔ མཆེད་ལྕམ་ཞི་ཁྲོ་ཁྲག་འཐུང་སྐུར་བསྒོམ་ཞིང་༔ ལག་པ་རྡོ་རྗེ་ལུ་གུ་རྒྱུད་དུ་སྦྲེལ༔ མ་རིག་ཉོན་མོངས་དགྲ་བགེགས་མ་ལུས་པ༔ དགུག་གཞུག་ཐར་མེད་གནས་སུ་མནན་པར་བསམ༔ གཏོར་གཞོང་ཁ་སྦུབས་དེ་སྟེང་འདི་སྐད་དོ༔ ཧཱུྃ༔ ཕྱོགས་མེད་ཕྱོགས་དང་བྲལ་བའི་སྟེང་ཕྱོགས་ནས༔ གཏི་མུག་འཇོམས་པའི་ཆོས་དབྱིངས་ཡེ་ཤེས་གསལ༔ མཐིང་གསལ་སྒྱུ་མའི་ལྷ་དང་ལྷ་མོས་བསྐོར༔ དབུས་ཕྱོགས་བདེ་གཤེགས་རིགས་ཀྱིས་བྲོ་བརྡུངས་པས༔ གཏི་མུག་མགོ་ལ་འོད་གསལ་ཆེམས་སེ་ཆེམ༔ བྲོ་ཡང་ཆོས་དབྱིངས་ཡེ་ཤེས་ཆེན་པོའི་བྲོ༔ གླུ་ཡང་ཆོས་དབྱིངས་ཡེ་ཤེས་ཆེན་པོའི་གླུ༔ ཆོས་དབྱིངས་ཡེ་ཤེས་གླུ་བླངས་བྲོ་བརྡུངས་པས༔ རྣམ་རྟོག་མཚན་མའི་དགྲ་བགེགས་རང་སར་གྲོལ༔ ཧཱུྃ༔ ཕྱོགས་མེད་ཕྱོགས་དང་བྲལ་བའི་ཤར་ཕྱོགས་ནས༔ ཞེ་སྡང་འཇོམས་པའི་མེ་ལོང་ཡེ་ཤེས་གསལ༔ དཀར་གསལ་སྒྱུ་མའི་ལྷ་དང་ལྷ་མོས་བསྐོར༔ ཤར་ཕྱོགས་རྡོ་རྗེ་རིགས་ཀྱིས་བྲོ་བརྡུངས་པས༔ ཞེ་སྡང་མགོ་ལ་རང་གྲོལ་ཆེམས་སེ་ཆེམ༔ བྲོ་ཡང་མེ་ལོང་ཡེ་ཤེས་ཆེན་པོའི་བྲོ༔ གླུ་ཡང་མེ་ལོང་ཡེ་ཤེས་ཆེན་པོའི་གླུ༔ མེ་ལོང་ཡེ་ཤེས་གླུ་བླངས་བྲོ་བརྡུངས་པས༔ ཞེ་སྡང་མཚན་མའི་དགྲ་བགེགས་རང་སར་གྲོལ༔ ཧཱུྃ༔ ཕྱོགས་མེད་ཕྱོགས་དང་བྲལ་བའི་ལྷོ་ཕྱོགས་ནས༔ ང་རྒྱལ་འཇོམས་པའི་མཉམ་ཉིད་ཡེ་ཤེས་གསལ༔ སེར་གསལ་སྒྱུ་མའི་ལྷ་དང་ལྷ་མོས་བསྐོར༔ ལྷོ་ཕྱོགས་རིན་ཆེན་རིགས་ཀྱིས་བྲོ་བརྡུངས་པས༔ ང་རྒྱལ་མགོ་ལ་གསལ་སྟོང་ཆེམས་སེ་ཆེམ༔ བྲོ་ཡང་མཉམ་ཉིད་ཡེ་ཤེས་ཆེན་པོའི་བྲོ༔ གླུ་ཡང་མཉམ་ཉིད་ཡེ་ཤེས་ཆེན་པོའི་གླུ༔ མཉམ་ཉིད་ཡེ་ཤེས་གླུ་བླངས་བྲོ་བརྡུངས་པས༔ ང་རྒྱལ་མཚན་མའི་དགྲ་བགེགས་རང་སར་གྲོལ༔ ཧཱུྃ༔ ཕྱོགས་མེད་ཕྱོགས་དང་བྲལ་བའི་ནུབ་ཕྱོགས་ནས༔ འདོད་ཆགས་འཇོམས་པའི་སོར་རྟོགས་ཡེ་ཤེས་གསལ༔ དམར་གསལ་སྒྱུ་མའི་ལྷ་དང་ལྷ་མོས་བསྐོར༔ ནུབ་ཕྱོགས་པདྨ་རིགས་ཀྱི་བྲོ་བརྡུངས་པས༔ འདོད་ཆགས་མགོ་ལ་བདེ་སྟོང་ཆེམས་སེ་ཆེམ༔ བྲོ་ཡང་སོར་རྟོགས་ཡེ་ཤེས་ཆེན་པོའི་བྲོ༔ གླུ་ཡང་སོར་རྟོགས་ཡེ་ཤེས་ཆེན་པོའི་གླུ༔ སོར་རྟོགས་ཡེ་ཤེས་གླུ་བླངས་བྲོ་བརྡུངས་པས༔ འདོད་ཆགས་མཚན་མའི་དགྲ་བགེགས་རང་སར་གྲོལ༔ ཧཱུྃ༔ ཕྱོགས་མེད་ཕྱོགས་དང་བྲལ་བའི་བྱང་ཕྱོགས་ནས༔ ཕྲག་དོག་འཇོམས་པའི་བྱ་གྲུབ་ཡེ་ཤེས་གསལ༔ ལྗང་གསལ་སྒྱུ་མའི་ལྷ་དང་ལྷ་མོས་བསྐོར༔ བྱང་ཕྱོགས་ལས་ཀྱི་རིགས་ཀྱི་བྲོ་བརྡུངས་པས༔ ཕྲག་དོག་མགོ་ལ་གྲགས་སྟོང་ཆེམས་སེ་ཆེམ༔ བྲོ་ཡང་བྱ་གྲུབ་ཡེ་ཤེས་ཆེན་པོའི་བྲོ༔ གླུ་ཡང་བྱ་གྲུབ་ཡེ་ཤེས་ཆེན་པོའི་གླུ༔ བྱ་གྲུབ་ཡེ་ཤེས་གླུ་བླངས་བྲོ་བརྡུངས་པས༔ ཕྲག་དོག་མཚན་མའི་དགྲ་བགེགས་རང་སར་གྲོལ༔ ཨོཾ་ལཾ༔ ཨཱཿལཾ༔ ཧཱུྃ་ལཾ༔ ཧྲཱིཿལཾ༔ སྭཱ་ལཾ༔ སྟྭཾ་བྷ་ཡ་ནན༔ སརྦ་ཤ་ཏྲུཾ་ཀཱ་ཡ་ཝཱཀྐ་ཙིཏྟ་སྟྭཾ་བྷ་ཡ་ནན༔ རྒྱ་རྒྱ་རྒྱ༔ དེ་ནས་ནང་དུ་ལོག་ནས་བཀྲ་ཤིས་དང་༔ བསྔོ་བ་སྨོན་ལམ་རྗེས་ཀྱི་ལས་རིམ་ནི༔ དང་པོ་བཤགས་པ་བཟོད་གསོལ་བསྐང་བ་ནི༔ བདག་ཉིད་སྤྱི་གཙུག་པད་ཟླའི་གདན་སྟེང་དུ༔ དཔལ་ལྡན་རྡོ་རྗེ་སེམས་དཔའ་ཤེལ་གྱི་མདོག༔ རྡོ་རྗེ་དྲིལ་འཛིན་ཕྱེད་སྐྱིལ་བཞུགས་པ་ཡི༔ ཐུགས་ཀར་ཟླ་སྟེང་ཧཱུྃ་ལ་ཡིག་བརྒྱས་བསྐོར༔ བདུད་རྩིའི་རྒྱུན་བབས་ཉམས་ཆག་སྡིག་སྒྲིབ་ཀུན༔ མ་ལུས་དག་ནས་ཤེལ་སྒོང་ལྟ་བུར་གྱུར༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ ནས་ མ་ཧཱ་ས་མ་ཡ་སཏྭ་ཨཱཿ ཨ་ཨཱ༔ ཨི་ཨཱི༔ ཨུ་ཨཱུ༔ རྀ་རཱྀ༔ ལྀ་ལཱྀ༔ ཨེ་ཨཻ༔ ཨོ་ཨཽ༔ ཨཾ་ཨཱཿ ཀ་ཁ་ག་གྷ་ང་༔ ཙ་ཚ་ཛ་ཛྷ་ཉ༔ ཊ་ཋ་ཌ་ཌྷ་ཎ༔ ཏ་ཐ་ད་དྷ་ན༔ པ་ཕ་བ་བྷ་མ༔ ཡ་ར་ལ་ཝ༔ ཤ་ཥ་ས་ཧ་ཀྵ༔ ཀུན་གཞི་མ་བཅོས་ཀློང་ཡངས་ངང་ཉིད་ལས༔ རང་རིག་གསལ་སྟོང་ཡེ་ནས་ཀུན་ཏུ་བཟང་༔ གདོད་ནས་མ་སྐྱེས་བདེ་ཆེན་ཀུན་བཟང་མོ༔ དབྱེར་མེད་མ་བཅོས་བདེ་བ་ཆེན་པོ་ལ༔ བསྐང་དང་བཤགས་པའི་ཡུལ་ལས་ཡེ་ནས་འདས༔ འདི་ལྟར་རྟོགས་ན་བསྐང་བཤགས་མཆོག་ཏུ་འགྱུར༔ དེ་ནས་ལྷ་ལ་བཟོད་པར་གསོལ་བ་ནི༔ གང་ཡང་བདག་བློ་མ་རིག་གཏི་མུག་པས༔ ཡེ་ནས་ཀ་དག་ཆེན་པོའི་རང་བཞིན་ལ༔ དེ་ལྟར་མ་རྟོགས་གཉིས་འཛིན་འཁྲུལ་པ་ཡིས༔ ཆོ་ག་ལྷག་ཆད་ནོར་འཁྲུལ་གྱུར་པ་ཀུན༔ ཀློང་ཡངས་ཆེན་པོའི་ངང་དུ་བཟོད་པར་གསོལ༔ ཚངས་པར་མཛད་ནས་དངོས་གྲུབ་སྩལ་དུ་གསོལ༔ གཉིས་པ་བཀྲ་ཤིས་བརྗོད་པ་འདི་སྐད་དོ༔ ཨོཾ༔ སྟོང་ཞིང་བདག་མེད་ཀ་དག་ལྷུན་གྱིས་གྲུབ༔ ཀུན་ཏུ་བཟང་པོའི་བཀྲ་ཤིས་གང་ལགས་པ༔ དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཨཱཿ གསལ་འཚེར་ལྷུན་སྡུག་གཟི་བརྗིད་འོད་ཟེར་འཕྲོ༔ རིགས་ལྔ་ཡབ་ཡུམ་བཀྲ་ཤིས་གང་ལགས་པ༔ དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཧཱུྃ༔ ཐུགས་རྗེའི་རྒྱུན་གྱིས་རིགས་དྲུག་གནས་ནས་འདྲེན༔ སྤྲུལ་སྐུ་ཐུབ་དྲུག་བཀྲ་ཤིས་གང་ལགས་པ༔ དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཧྲཱིཿ སྟོང་ཉིད་སྙིང་རྗེས་འཁོར་བའི་འགྲོ་བ་སྐྱོབས༔ སེམས་དཔའ་སེམས་མའི་བཀྲ་ཤིས་གང་ལགས་པ༔ དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཛཿ ཕྲིན་ལས་རྣམ་བཞིས་གདུལ་བྱའི་རེ་བ་སྐོང་༔ སྒོ་བ་སྒོ་མའི་བཀྲ་ཤིས་གང་ལགས་པ༔ དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཧཱུྃ༔ སྣ་ཚོགས་ཐབས་ཀྱིས་ལོག་འདྲེན་གདུག་པ་འདུལ༔ ཁྲག་འཐུང་ལྔ་བཅུའི་བཀྲ་ཤིས་གང་ལགས་པ༔ དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཧྲཱིཿ སྐྱེ་འཆི་མེད་པ་ཚེ་ཡི་རིག་འཛིན་བརྙེས༔ པདྨ་འབྱུང་གནས་བཀྲ་ཤིས་གང་ལགས་པ༔ དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཨཱཿ མཐོང་ཐོས་དྲན་རེག་སྐད་ཅིག་སངས་རྒྱས་ཐོབ༔ དགོངས་པ་རང་གྲོལ་བཀྲ་ཤིས་གང་ལགས་པ༔ དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ གཞི་ཡི་བཀྲ་ཤིས་རང་རྒྱུད་འདུལ་བར་ཤོག༔ ལམ་གྱི་བཀྲ་ཤིས་གཞན་རྒྱུད་སྦྱོང་བར་ཤོག༔ འབྲས་བུའི་བཀྲ་ཤིས་གཞི་ཐོག་སྨིན་པར་ཤོག༔ དམིགས་མེད་མཐའ་བྲལ་ལྟ་བའི་བཀྲ་ཤིས་ཤོག༔ ཡེངས་མེད་རྐྱེན་ཐུབ་སྒོམ་པའི་བཀྲ་ཤིས་ཤོག༔ ཕྱོགས་མེད་རྣམ་རྒྱལ་སྤྱོད་པའི་བཀྲ་ཤིས་ཤོག༔ སྐུ་གསུམ་ལྷུན་གྲུབ་འབྲས་བུའི་བཀྲ་ཤིས་ཤོག༔ གསུམ་པ་བསྔོ་བ་སྨོན་ལམ་གདབ་པ་ནི༔ ན་མོ༔ འཁོར་གསུམ་ཡོངས་དག་རབ་དཀར་དགེ་བ་འདིས༔ ཁམས་གསུམ་རིགས་དྲུག་སེམས་ཅན་མ་ལུས་པ༔ ཀུན་ཏུ་བཟང་པོའི་གཞི་ཐོག་གྲོལ་བར་ཤོག༔ ལོངས་སྐུ་ཞི་ཁྲོའི་གོ་འཕང་ཐོབ་པར་ཤོག༔ སྤྲུལ་སྐུ་ཐུབ་དྲུག་གདུལ་བྱ་རྫོགས་པར་ཤོག༔ སྐུ་གསུམ་འབྲས་བུ་མྱུར་དུ་སྨིན་པར་ཤོག༔ བཞི་པ་ལྷ་ཚོགས་གཤེགས་སུ་གསོལ་བ་ནི༔ ཨོཾ༔ ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛོད༔ རྟོགས་པ་མངོན་གྱུར་དངོས་གྲུབ་སྩོལ༔ དོན་ལ་གཤེགས་བཞུད་མི་མངའ་ཡང་༔ ཆོས་དབྱིངས་ཀློང་དུ་གཤེགས་ནས་ཀྱང་༔ འགྲོ་བ་སེམས་ཅན་དོན་སླད་དུ༔ བདག་གིས་སྤྱན་འདྲེན་གསོལ་འདེབས་དུས༔ ཆོས་སྐུའི་དབྱིངས་ནས་སྐུར་བཞེངས་ལ༔ སླར་ཡང་འབྱོན་པར་མཛད་དུ་གསོལ༔ ཨོཾ་བཛྲ་མུཿ རྗེས་སུ་རྫོགས་པའི་རིམ་པ་བསྒོམ་པ་ནི༔ གཟུགས་སྣང་ཐམས་ཅད་ཞི་ཁྲོའི་ལྷ་ཚོགས་ལ༔ ལྷ་ཚོགས་ནམ་མཁའི་འཇའ་ཚོན་ཡལ་བ་ལྟར༔ སྣང་སྟོང་གཉིས་མེད་མཐའ་བྲལ་ངང་ལ་བཞག༔ སྒྲ་གྲགས་ཐམས་ཅད་ཞི་ཁྲོའི་ལྷ་ཚོགས་གསུང་༔ གྲགས་སྟོང་ནམ་མཁའི་འབྲུག་སྒྲ་ཡལ་བ་ལྟར༔ གྲགས་སྟོང་བརྗོད་མེད་ངང་ལ་མཉམ་པར་བཞག༔ དྲན་བསམ་ཐམས་ཅད་ཞི་ཁྲོའི་ཐུགས་སུ་ཤར༔ ཤར་གྲོལ་ཀློང་ཐིམ་མཁའ་ལ་སྤྲིན་དེངས་ལྟར༔ ཐུགས་དགོངས་མ་བཅོས་སྐྱེ་མེད་ངང་ལ་བཞག༔ བསམ་དུ་མེད་དེ་སེམས་ཉིད་ནམ་མཁའ་ཆེ༔ བརྗོད་དུ་མེད་དེ་རྣམ་ཤེས་གཟུགས་དང་བྲལ༔ ཨ་ཨ་ཨ༔ དེ་ནས་སྤྱོད་ལམ་རྣམ་བཞིའི་རྗེས་ཐོབ་དུས༔ སྐད་ཅིག་སྟོང་གསལ་ཆེན་པོའི་ངང་ཉིད་ལས༔ རྡོ་རྗེ་སེམས་དཔའི་ང་རྒྱལ་མ་བྲལ་བར༔ སྣང་སྟོང་སྒྱུ་མ་ལྟ་བུའི་ངང་ནས་སྤྱོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཐྱཐྱཐྱ༔ ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས༔ ཞི་ཁྲོ་འདུས་པའི་ལས་བྱང་རྩ་ཕྲེང་ཚོར་བ་རང་གྲོལ་ཞེས་བྱ་བ༔ ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་ཀྱིས་སྦྱར་བ༔ འཁོར་བ་མ་སྟོངས་བར་དུ་ཆོས་འདི་མ་རྫོགས་སོ༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ འཕྲད་ནས་འགྲོ་བ་མ་ལུས་འདྲེན་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གྲུབ་ཐོབ་ཀརྨ་གླིང་པའི་གཏེར་མ་སཱུརྻ་ཙནྡྲ་རསྨི་ལ་བཀའ་བབས་པའི་ཟབ་ཆོས་ལགས་སོ༔