ལངྐའི་གྲོང་

ཡོང་ཁུངས་Wikipedia

ལངྐ་ནི་ལེགས་སྦྱར་གྱི་སྐད་དེ་སིང་ག་ལའི་གནའ་མིང་ཡིན་ལ་འདིར་སྲིན་པོའི་ཡུལ་དུ་གོ་དགོས་ཏེ། སྲིན་པོའི་རྒྱལ་པོ་ལངྐ་མགྲིན་བཅུ་གནས་པའི་གྲོང་ཁྱེར་ཡིན་པས་ན་ལངྐའི་གྲོང་ཞེས་བྱའོ། ། དེའི་སྣོད་བཅུད་ཀྱི་བཀོད་པ་ནི། ཞང་ཞུང་ཆོས་དབང་གྲགས་པས། དྲི་མེད་ཟླ་བ་ཆུ་ཤེལ་ལྷུན་པོ་ཁོང་རབ་ཡངས་པ་དཔག་ཚད་བྱེ་བའི་ཁོར་ཡུག་གི། ། ཤེལ་གྱི་རྩིག་ངོས་རང་འགྲོགས་འོད་ཀྱི་སྣང་བས་སྐྱེངས་གྱུར་ཕྱི་ཕྱིར་བྲོས་ཤིང་བྱེར་བ་སྟེ། ། ཁ་དོག་ལྔ་ཡི་རིན་ཆེན་ཀ་བ་གཡོ་མེད་བཙུགས་པའི་འཇའ་ཚོན་ཆུན་པོས་བརྒྱ་བྱིན་ལག་པ་སྟོང་པར་བྱེད། ། ཕོ་བྲང་ཁོར་ཡུག་ཀེང་ཤུའི་འབྲས་བུས་མེ་ཡི་གྲོགས་བཅས་ཕ་གུའི་རྩིག་པ་ལྟ་བ་མྱོས་བྱེད་གྲོང་ཁྱེར་རོ། ། འཛིན་མ་རུས་པའི་གོས་དཀར་ཅན། ། བར་བར་ཁྲག་གི་ལྟེང་ཀ་འཁྱིལ། ། ལ་ལར་ཁྲག་རྒྱུན་དྲོན་མོ་འབབ། ། རྒྱུ་མའི་དོ་ཤལ་ཅན་དེ་དག ། མཆེ་བ་རིང་པོས་ནུ་མ་གཉིས། ། འདྲལ་དོགས་མགྲིན་པ་འདེགས་ཤིང་རྒོད། ། དྲག་ཤུལ་སྤྱོད་པའི་ས་དེ་ཡིས། ། གཤིན་རྗེའི་གྲོང་ལ་བག་ཡོད་སྦྱིན། ། ཞེས་གསུངས་པ་ལྟར་རོ། །