རླུང་དམར།

ཡོང་ཁུངས་Wikipedia

གང་ཞིག་ལ་རླུང་དམར་ཟེར་རམ།[རྩོམ་སྒྲིག]

རླུང་དམར་ནི་བྱེ་རླུང་དང་ཐལ་རླུང་གི་སྤྱི་མིང་ཡིན་ཞིང་། མྱ་ངམ་ཐང་དུ་འགྱུར་བའི་མཚོན་རྟགས་ཡིན། དེ་ནི་ལྷགས་པ་ཤུགས་ཆེན་པོས་ས་ངོས་ནས་བྱེ་རྡུལ་བསླངས་ཏེ་ཐད་ཀར་མཐོང་ཚད་སྨི་༡༠༠༠ལས་ཟིན་གྱི་མེད་པ་དང་། གློ་བུར་རང་བཞིན་དང་རྒྱུན་མཐུད་དུས་ཚོད་ཅུང་ཐུང་བའི་ཁྱད་ཆོས་ལྡན་ཅིང་། ལྡང་ཚད་ཉུང་བ་དང་གནོད་ཚབས་ཆེ་བའི་གནམ་གཤིས་ཀྱི་སྣང་ཚུལ་ཞིག་རེད།[༡]

གང་འདྲ་བྱས་ཏེ་རླུང་དམར་ཆགས་ཀྱི་ཡོད་དམ།[རྩོམ་སྒྲིག]

ས་ངོས་ཀྱི་བྱེ་རྡུལ་ནི་རླུང་དམར་ཆགས་པའི་དངོས་པོའི་རྨང་གཞི་ཡིན། ལྷགས་པ་ཆེན་པོ་ནི་དེ་ལངས་པའི་ཤུགས་ཀྱི་རྨང་གཞི་ཡིན་པ་དང་བྱེ་རྡུལ་བར་ཐག་རིང་པོ་འཁྱེར་འགྲོ་བའི་སྒུལ་ཤུགས་ཡིན། མཁའ་རླུང་བརྟན་པོ་མེད་པ་དང་ས་ཆ་ཆ་ཤས་ཀྱི་ཚ་ཤུགས་ཆ་རྐྱེན་གལ་ཆེན་ལས་རླུང་དམར་མང་ཆེ་བ་ཉིན་དགུང་ཡོལ་རྗེས་དང་ས་སྲོད་མཚམས་སུ་ལངས་ཀྱི་ཡོད།

རླུང་དམར་གྱི་རིམ་པ།[རྩོམ་སྒྲིག]

ཐལ་བ་ལངས་པ། མཁའ་རླུང་ཁྲོད་ཐལ་བ་དང་བྱེ་མ་ལངས་ཏེ་ཐད་ཀར་མཐོང་ཚད་སྤྱི་ལེ་༡༠ལས་ཐུང་བ། བྱེ་མ་ལངས་པ། ས་ངོས་ཀྱི་བྱེ་རྡུལ་ལྷགས་པས་བསླངས་ཏེ་མཁའ་རླུང་ཉོག་པོ་ཆགས་ནས་ཐད་ཀར་མཐོང་ཚད་སྤྱི་ལེ་༡ནས་༡༠ནང་ཚུན་ལས་མ་ཟིན་པ། རླུང་དམར་ལྡང་བ། ལྷགས་ཤུགས་ཆེན་པོས་བྱེ་རྡུལ་འབོར་ཆེན་འཁྱེར་ནས་མཁའ་རླུང་ཧ་ཅང་ཉོག་པོ་ཆགས་ཏེ་ཐད་ཀར་མཐོང་ཚད་སྤྱི་ལེ་༡ལས་མ་ཟིན་པ། རླུང་དམར་དྲག་པོ་ལྡང་བ། ལྷགས་པ་ཆེན་པོས་ས་ངོས་ཀྱི་བྱེ་རྡུལ་བསླངས་ཏེ་མཁའ་རླུང་ཡོངས་སུ་ཉོག་པོ་ཆགས་ཏེ་ཐད་ཀར་མཐོང་ཚད་སྨི་༥༠༠ལས་མ་ཟིན་པ། བྱེ་རྡུལ་རླུང་འཚུབ་དྲག་པོ། རླུང་འཚུབ་ཀྱིས་ས་ངོས་ཀྱི་བྱེ་རྡུལ་བསླངས་ཏེ་མཁའ་རླུང་ནག་ནོག་ཏུ་གྱུར་ནས་ཐད་ཀར་མཐོང་ཚད་སྨི་༥༠ལས་མ་ཟིན་པ།

རླུང་དམར་ལྡང་སྐབས་འགོག་སྲུང་བྱ་ཐབས།[རྩོམ་སྒྲིག]

ཕྱི་ལ་ཉུང་ཙམ་འགྲོ་དགོས་པ་དང་ཁང་པའི་ནང་བཞའ་ཚན་ཅུང་ལྡན་པ་དགོས། ཕྱིར་སྐྱོད་སྐབས་འགོག་སྲུང་ཡག་པོ་བྱས་ཏེ་ཁ་བཏུམས་ལག་བཏུམས་རྒྱག་དགོས། རླངས་འཁོར་གཏོང་སྐབས་འགྲིམ་འགྲུལ་བདེ་འཇགས་ལ་དོ་སྣང་བྱེད་དགོས། དུས་ཐོག་ཏུ་ཐལ་རྡུལ་ཕྱིས་དགོས། ཁང་པའི་ནང་རླུང་འཕྲུལ་གཏོང་དགོས། ལུགས་དང་མཐུན་པའི་ཟ་མ་ཟ་བ་དང་ཆུ་མང་ཙམ་འཐུང་དགོས།

པར་རིས་བར་འཁྱམས།[རྩོམ་སྒྲིག]

ད་དུང་གཟིགས།[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག:

དཔྱད་གཞིའི་དཀར་ཆག[རྩོམ་སྒྲིག]