རླན་འབྲུམ་

ཡོང་ཁུངས་Wikipedia

རླན་འབྲུམ་[རྩོམ་སྒྲིག]

པགས་མདོག་དམར་སེར་དུ་འགྱུར་ཞིང་ཟ་འཕྲུག་འབྱུང་བའི་པགས་ནད་ཀྱི་རིགས་ཤིག་གོ །

ཕྲུ་གུ་དམར་འབྱར་གྱི་རློན་འབྲུམ་ནང་ལ་ངོ་ཚོས་རྒྱུད་མངའ་ཡོད་དེ། དེས་པགས་མདོག་ཉེས་པོར་མཐོང་བ་བཤད་མི་དགོས་པ་མ་ཟད། ད་དུང་ཟ་འཕྲུག་དྲག་པོ་ལངས་པ་དང་གཉིད་ལ་ཤུགས་རྐྱེན་ངན་པ་ཐེབས་པ། ནད་ལོག་ཡང་ཡང་བརྒྱབ་པ་བཅས་ཀྱིས་མི་རྣམས་སྨྱོ་གྲབས་བྱེད་ཀྱི་ཡོད། དེ་འདྲ་ཡིན་ནའང་ཨ་མ་ཚོས་སེམས་འཚབ་དང་སུན་སྣང་བྱེད་མི་དགོས། རྒྱུ་མཚན་ནི་རློན་འབྲུམ་ཉུང་ཤས་ཤིག་ནར་སོན་པའི་བར་དུ་རྒྱུན་བསྲིངས་བྱེད་པ་མ་གཏོགས་མང་ཆེ་བ་དྲག་ཐུབ་ཀྱི་ཡོད་པས་ཡིན།

རློན་འབྲུམ་ནི་རྒྱུན་མཐོང་གི་མ་འཕྲོད་པའི་རང་བཞིན་གྱི་པགས་པའི་གཉན་ཚད་ཅིག་ཡིན། སྐྱེས་ནས་ཉིན་འགའ་དང་ཟླ་ཤས་འགོར་བའི་ཕྲུ་གུར་ནད་འདི་ཕོག་གི་ཡོད། འོན་ཀྱང་དེའི་ནད་རྐྱེན་དང་ནད་སློང་བའི་ནང་རྐྱེན་ལ་མིག་སྔར་ཞིབ་འཇུག་པས་ད་དུང་བཤད་ཚུལ་གསལ་པོ་ཞིག་མེད་པས། དེ་ནི་རྒྱུད་དང་ཁོར་ཡུགརིམས་ཐར། སྐྱེ་དངོས་ཀྱི་རྒྱུ་རྐྱེན་བཅས་དང་འབྲེལ་བ་ཡོད་པར་ངོས་འཛིན་ཐབས་ལས་མེད། དཔེར་ན། ཕ་མ་གཉིས་ཀར་ཆུང་དུས་རློན་འབྲུམ་ཡོད་ན་ཁོ་ཚོའི་ཕྲུ་གྲུ་ཡང་རློན་འབྲུམ་ནད་ཕོག་སླ་པོ་ཡོད།

རློན་འབྲུམ་ཕོག་ན་གཙོ་བོ་སྔོན་འགོག་བྱེད་དགོས། ཨ་མས་ཐོག་མར་ཕྲུ་གུར་ནད་བྱུང་བའི་སྔོན་ལ་ཅི་ཞིག་བཟས་ཡོད་མེད་ལ་དོ་སྣང་བྱེད་དགོས། མའི་ནུ་ཞོ་བསྣུན་པའི་ཨ་མས་ད་རུང་རང་གིས་ཅི་ཞིག་བཟས་པར་བསམ་བློ་གཏོང་དགོས། མི་འཕྲོད་པའི་གནས་རྙེད་པར་བྱེད་ཅིང་དེ་ལས་གཡོལ་ན་ཕྲུ་གུར་ནད་མི་ཕོག་པར་ཕན་པ་ཡོད། རྒྱུན་དུ་མཐོང་རྒྱུ་ཡོད་པ་ནི་བྱིས་པའི་རློན་ཐོར་བཟོ་བའི་ཟས་རིགས་ལ་ཤ་སྨི་དང་སྡིག་སྲིན། མཚོ་ཉ།སེར་རིལ།འོ་མ་སོགས་ཡོད། བར་དུ་ཕྲུ་གུའི་པགས་པ་གཙང་ཞིང་བརླན་པར་བྱ་དགོས། ལུས་བཀྲུ་སྐབས་ཆུ་དྲོད་མཐོ་དྲགས་མི་རུང་ལ། གང་ཐུབ་ཀྱིས་རྫས་འགྱུར་འཁྲུད་ཆས་ཉུང་ཙམ་བཀོལ་དགོས། རློན་འབྲུམ་ཡོད་པའི་ཕྲུ་གུ་ལ་གནོད་པ་མེད་པའི་པགས་སྲུང་བརླན་སྲུང་སྨན་སྤྱད་ནས་ཕྲུ་གུའི་པགས་པར་སྲུང་སྐྱོང་སྐྱི་མོ་ཞིག་ཁ་སྣོན་བྱེད་དགོས། དེ་ནས་རབ་བྱུང་ན་ཕྲུ་གུར་བལ་གྱི་བཏགས་རྫས་སམ་ཡང་ན་སྙི་རས་སྙི་མོ་འདེམས་དགོས་པ་ལས་རྫས་འགྱུར་ཚི་སྣའི་བཏགས་རྫས་དང་བལ་གྱི་བཏགས་རྫས། ཁུལ་སྐུད་ཀྱི་འོག་འཇུག་སོགས་བཀོལ་མི་རུང་། གོན་པ་འདི་དག་གིས་ཚོར་ལྷག་འབྱུང་སླ་བ་རེད། མཇུག་མཐར་གཅེས་ཕྲུག་ལ་གཉིད་འདང་ངེས་ཤིག་ཁུག་ཏུ་བཅུག་ནས་ནད་འགོག་ནུས་པ་ཇེ་མཐོར་གཏོང་དགོས།

ལྷག་པར་དུ་ཨ་མ་རྣམས་ལ་དྲན་སྐུལ་ཞུ་དགོས་པ་ཞིག་ནི། ཕྲུ་གུར་པགས་ནད་ཡོད་ཚེ་སྨན་ཁང་དུ་སོང་ནས་ནད་གཞི་གཏན་འཁེལ་བྱེད་དགོས་པ་ལས་གང་འདོད་དུ་སྨན་བསྟེན་མི་རུང་། ཕྲུ་གུའི་རློན་འབྲུམ་ལ་གལ་ཏེ་ཡང་དག་པའི་ངང་སྨན་བསྟེན་ན་ནད་རྟགས་མྱུར་དུ་ལེགས་བཅོས་ཐུབ་པ་མ་ཟད། བྱིས་པ་མང་ཆེ་བ་ནར་སོན་པ་དང་བསྟུན་ནས་འགོག་མི་ཐུབ་པའི་རློན་འབྲུམ་ནད་ལས་རང་བཞིན་གྱིས་ཐར་སྲིད། ཕྲུ་གུ་ཉུང་ཤས་ཤིག་ནར་གསོན་པའི་བར་གནས་སྲིད། རློན་འབྲུམ་གྱི་ནད་ཚབས་ཡང་བའི་བྱིས་པར་གནོད་པ་མེད་པའི་པགས་སྲུང་བརླན་སྲུང་བྱེད་རྫས་ཤིག་བདམས་ནས་ལུས་པོའི་ཕྱིར་སྤྱོད་པ་སྟེ།དཔེར་ན་ཡུས་མེ་བྱིས་པའི་བྱུག་རྫས་དང་། སྭེལ་བྱུག་རྫས་སོགས་བཀོལ་ཆོག་ནད་རྟགས་བཅོས་ཐབས་མེད་པ་དང་པགས་པར་གནོད་འཚེ་ཐེབས་པའི་རྒྱ་ཁྱོན་ཆེ་ལ་སིམ་ཐོན་རང་བཞིན་གྱི་རྨ་ཐུམ་མཐུག་པའི་ནད་ཚབས་ལྕི་བའི་ཕྲུ་གུར་ཚ་བ་དང་དུག་སེལ་བའི་སྨན་ཆུས་འཁྲུད་པའམ་རློན་པར་བྱས་ཏེ་སྐམ་དུ་འཇུག་པ་དང་རྨ་ཁར་རྨ་བཟོས་རྗེས་པགས་རྒྱུའི་སྐུལ་རྩི་དང་ཕྱི་བཀོལ་གྱི་དུག་སྲིན་འགོག་སྨན་བྱུག་དགོས།