Jump to content

རྩོམ་སྒྲིག

ཡོང་ཁུངས་Wikipedia

བོད་་་་་་་་་་ཨེ་ཤ་ཡ་ཡི་མ་མ། མཁས་མཁས་ཀྱིས་བྲིས།

 མི་མང་པོ་ཞིག་གི་མཛེས་ཤིང་ཡིད་དུ་འོང་བའི་བཀོད་པ་བསམ་གྱིས་མི་ཁྱབ་པར་བཤད་པའི་ཤམ་བྷལ་དེ་གང་ན་ཡོད་པར་ཤེས་འདོད་ཆེན་པོ་བྱེད་ཀྱིན་ཡོད། ངས་ལྟོས་ན ་་ཤམ་བྷལ་་ ནི་ད་དུང་ཡང་གནས་ཡོད་པ་དང་མི་མང་པོ་ཞིག་ད་དུང་དེ་ན་འཚོ་བར་རོལ་བཞིན་མཆིས། དེ་ནི་མཛེས་ཤིང་ཡིད་དུ་འོང་བའི ་་བོད་་ རེད། དེང་གི་རྒྱ་རིགས་ཚོས་་ཤིན་ཙང་་ཞེས་དང་། གནའ་བོའི་རྒྱ་རིགས་ཚོས་་རོང་་དང་་ཆའང་ཞེས་འབོད། ་་ཐང་་ དང ་་སུང་་ རྒྱལ་རབས་སྐབས་སུ ་་ཐུང་བྷོ་་ ཞེས་འབོད་ཀྱིན་ཡོད། རྒྱ་གར་བས ་་བྷོཊ་་ ཞེས་འབོད་ཀྱིན་ཡོད།།
     ཅིའི་ཕྱིར་ངས ་་བོད་་ འདི་་ཤམ་བྷ་ལ་་ཡིན་ཞེས་བརྗོད་པ་ཡིན་ནམ་ཞེ་ན། དེ་ནི་ཡུལ་འདི་ན་གནས་གང་སར་བདག་མེད་ཤིང་འབྲས་ ཀྱིས་ཁེབས་པ། གྲངས་ལས་འདས་པའི་རི་དྭགས་གཅན་གཟན་དང་འདབ་ཆགས་ཡོད་པ་བཅས། ཡུལ་འདི་ན་འཚོ་བ་རོལ་བའི་སྐྱེ་འགྲོ་ རྣམས་ཞི་བདེ་ལ་དགའ་ཞིང་། སེམས་ཁམས་རྣམ་པར་དག་པ་དང་། དགེ་བའི་ལས་ལ་བརྩོན་ཤིང་དཔའ་ངར་ཆེན་ལ། ཁོ་ཚོའི་རྣམ་ཤེས་ནི་ བླ་མེད་ཀྱི་རིན་ཐང་དང་ལྡན། ཁོ་ཚོའི་འཚོ་བ་ནི་དུས་ནམ་ཡང་ཕུན་སུམ་ཚོགས་པ་ཡིན། ཡུལ་འདིའི་སྐྱེ་དངོས་ཁོར་ཡུག་ལ་འགྲོ་བ་མིས་ གཏོར་བརླག་མ་གཏོང་ན། ཡུལ་འདི་ནི་གཏན་དུ་འགྱུར་བ་མེད་པའི་ལྷ་ཡུལ་ཞིག་ཡིན་ཁོ་ཐག་ཡིན། ངའི་བསམ་པར་རྒྱ་རིགས་ཚོས་འདོགས་པའི་མིང་སྣ་ཚོགས་པ་འདི་ཚོས། ་་བོད་་ཀྱི་ནང་དོན་ངོ་མ་དེ་གཏན་ནས་སྟོན་ཐུབ་མེད། གལ་ ཏེ་བོད་མི་ཞིག་ལ་་བོད་དེ་ཅི་འདྲ་བའི་ས་ཆ་ཞིག་ཡིན་ནམ་་ཞེས་དྲིས་ན་ཁོང་གིས་ཁྱེད་ལ་འདི་ལྟ་གསུང་ངེས་ཡིན། ་་བོད་་ནི་འཕགས་པ་སྤྱན་ རས་གཟིགས་ཀྱི་ཞིང་ཁམས་རེད། ལྷ་རྣམས་ཀྱི་གཞུགས་གནས་རེད། ་་བོད་་ནི་བཀྲ་ཤིས་པའི་ས་ཆ་ཞིག་ཡིན་ལ། ང་ཚོ་བོད་མི་ཚོའི་ཕ་ཡུལ་ ཡང་རེད།།

༡ ཨེ་ཤ་ཡ་ལ་གལ་ཆེ་བའི་བོད།

      བོད་ནི་ཨེ་ཤ་ཡ་ཡི་མ་མ་ཡིན་ལ། ཨེ་ཤ་ཡ་ཡི་ཆུ་བོ་ཆེན་པོ་བཅུ་ཡི་འབྱུང་ཁུངས་ཡིན། བོད་ལ་མཚོ་དང་མཚེའུ་༡༥༠༠ ལྷག་ཙམ་ཡོད། ཆུ་བོ་གཙོ་བོ་སེང་གེ་ཁ་འབབ། གླང་ཆེན་ཁ་འབབ། རྟ་མཆོག་ཁ་འབབ། འབྲུ་ཆུ། རྨ་ཆུ། སོགས་རྒྱ་གར་དང་རྒྱ་ནག  བལ་ཡུལ། པ་ཀི་སི་ཐན འབར་མ། ཀོམ་པོ་ཊིཡ་སོགས་ཀྱི་ཡུལ་གྲུ་ཁག་ནང་རྒྱུ་བཞིན་ཡོད། བོད་ནས་ཡོང་བའི་ཆུ་བོ་འདི་དག་གིས་འཛམ་གླིང་གི་མི་འབོར་བརྒྱ་ཆ་ ༤༧ཏེ་ཧ་ལམ་ཕྱེད་ཀ་ཙམ་གྱི་ཐོན་སྐྱེད་ནུས་པ་དང་སྐྱེད་དངོས་ཁོར་ཡུག་ལ་ཐད་ཀར་འབྲེལ་གྱི་ཡོད། བོད་འདི་མདོ་དབུས་མཐོ་སྒང་ན་གནས་ ཡོད་ལ། འཛམ་གླིང་གནའ་བོའི་རིག་གནས་ཆེན་མོ་ལྔ་ཡི་ནང་ཚན་རྨ་ཆུའི་ཆུ་རྒྱུད་དང་གངྒཱའི་ཆུ་རྒྱུད་དུ་དར་བའི་གནའ་བའི་རིག་གནས་ དག་ནི་མདོ་དབུས་མཐོ་སྒང་ལ་འཁྲིགས་ནས་ཡོད།།

༢ ནང་པ་གཤེགས་རབ་པ་དང་སངས་རྒྱས་པའི་བོད།

      བོད་མི་རིགས་ཀྱི་རྨད་དུ་བྱུང་བའི་བསམ་བློ་ཀུན་སྤྱོད་ཀྱི་རིག་གནས་དེ་ནི། བོན་ཆོས་དང་ནང་ཆོས་གཉིས་ལས་གྲུབ་ཅིང། བླ་ན་མེད་ པའི་བསམ་བློ་ཀུན་སྤྱོད་ཀྱི་རིག་གནས་འདིས། དེང་དུས་ཀྱི་མི་ཡི་རིགས་ལ་མ་འདང་བའམ་མི་འདང་བའི་བསམ་བློའི་འཁྱེར་སོའི་ཞན་ཆ་ ཐམས་ཅད་སྐོང་ཐུབ། བོད་མི་རིགས་ཀྱིས་རང་བྱུང་ཁམས་ལ་འཆང་བའི་རླབས་ཆེན་གྱི་བཟབ་སྤྱོད་དང་ཕུན་སུམ་ཚོགས་པའི་སྙིང་སྟོབས། འགན་ཁུར་གྱི་ལྟ་བ་འདི་དག་ནི། དེང་རབས་ཀྱི་མི་ཚོས་སྒོ་ཀུན་ནས་རྒྱུས་མངའ་ཡོད་པ་ཞིག་བྱེད་ཐུབ་ན། ད་གཟོད་མི་གཤིས་གཡང་གཟར་དུ་ལྟུང་བཞིན་པའི་འཇིག་རྟེན་འདིར། འགྲོ་བ་མི་ཡི་་ཤམ་བྷ་ལ་་སྟེ་མཛེས་ཤིང་ཡིད་དུ་འོང་བའི་འཛམ་གླིང་གསར་པ་ཞིག་འཛུགས་སྐྲུན་བྱེད་ཐུབ།།
       བོད་མིས་ནང་ཆོས་ལ་དད་ཚུལ་ནི། ་་སྡིག་པ་ཅི་ཡང་མི་བྱ་ཤིང་།། དགེ་བ་ཕུན་སུམ་ཚོགས་པ་བྱེད།།་་ ཅེས་པ་དང་། ་་བསམ་པ་བཟང་ ན་ས་དང་ལམ་ཡང་བཟང་། །བསམ་པ་ངན་ན་ས་དང་ལམ ་ཡང་ངན།།་་  དགེ་བའི་འབྲས་བུ་བདེ་བ་ཡིན། སྡིག་པའི་འབྲས་བུ་སྡུག་བསྔལ་ ཡིན་ཅེས་པ་དང་། སྦྱིན་སོགས་ཕར་ཕྱིན་དྲུག་གི་ཉམས་ལེན་ཏེ། རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སོགས་པ་ལྟ་བུ་ཡིན། བྱང་སེམས་ཀྱི་སྤྱོད་པ་ལ་མཚོན་ན། དེ་ནི་རང་གཞན་སེམས་ཅན་ཐམས་ཅད་བདེ་བ་འདོད་པར་མཉམ་པ་དང་། སྡུག་བསྔལ་མི་འདོད་པར་ མཉམ་པ་ཡིན་པས། གཞན་ཕན་གྱི་ལྷག་བསམ་དང།  ད་དུང་བྱམས་པ་དང་སྙིང་རྗེ། དགེ་སྦྱོང། བཟོད་སེམས། བཟང་སྤྱོད་དང་བརྩེ་སེམས་སོགས་ཀྱིས། མི་ཡི་འཇིག་རྟེན་དང་རང་བྱུང་ཁམས་ཀྱི་སྲོག་ཆགས་ཕྲ་མོ་ཚུན་ཆད་ལ་མཐུན་འཕྲོད་བྱེད་དགོས་པ་ལྟ་བུ་ཡིན། བསམ་པའི་འཁྱེར་སོའམ་སྲོལ་རྒྱུན་གྱི་རིག་གནས་འདི་དག་ནི། བོད་མི་རིགས་ཀྱི་བླ་ན་མེད་པའི་སྙིང་སྟོབས་དང་ཕུན་སུམ་ཚོགས་པའི་ཡ་རབས་བཟང་སྤྱོད་ཀྱི་རྩ་བའི་འབྱུང་ཁུངས་ཀྱང་ཡིན། བཟང་སྤྱོད་འདི་ནི་མི་རྣམས་ཐམས་ཅད་ཀྱིས་ཉམས་སུ་བླང་བྱ་ཡིན་ལ། འདི་ནི་སེམས་ཅན་ཐམས་ཅད་ཀྱི་ཕན་བདེ་མ་ལུས་པ་སྒྲུབ་པའི་བསམ་བློ་རྨད་དུ་བྱུང་བ་ཞིག་གོ།།
     ད་དུང་བོད་མིས་བོན་ཆོས་ལ་དད་པ་བྱེད། བོན་ཆོས་ནི་བོད་མི་ཚོས་ཕ་མེས་ཡང་མེས་ནས་བརྒྱུད་པའི་ཆོས་ལུགས་ཤིག་ཡིན། ཆོས་ ལུགས་འདིར་ནང་བསྟན་ཆོས་ལུགས་དང་མཐུན་པའི་ལྟ་གྲུབ་ཡོད་པ་མ་ཟད། ཆོས་ལུགས་འདིས་རི་ར་བ་ཡོངས་ལ་ནུས་མཐུ་ཡོད་པར་ འདོད་ཅིང། གནམ་དང་ས། ཉི་མ་དང་ཟླ་བ། སྐར་མ། མཚོ་དང་མཚེའུ། ད་དུང་རྩྭ་རི་དང་ནགས་རི་སོགས་རང་བྱུང་ཁམས་ཀྱི་རྣམ་པ་སྣ་ ཚོགས་ལྷ་རུ་གསོལ་བར་དང་། ལྷ་སྒྲུང་སྣ་ཚོགས་ཤིག་ཀྱང་ཁས་ལེན་ལ་བཙན་དང་འདྲེ་སོགས་ཁས་ལེན་ཞིང་འཕྲིན་ལས་ཀྱང་བཅོལ། རང་བྱུང་ཁམས་ལྷ་རུ་གསོལ་བའི་བོན་ཆོས་དང་བྱམས་སྙིང་རྗེའི་བདག་ཉིད་དུ་གྱུར་བའི་ནང་ཆོས་ གཉིས་ལ་བརྟེན་ནས། རང་བྱུང་ ཁམས་ལ་གཅེས་སྤྲས་ཀྱིས་བདག་ཉར་དང་དེར་གནས་པའི་སྐྱེ་འགྲོ་དང་སྐྱེ་དངོས་ལ་བྱམས་སྐྱོང་གི་ལྟ་སྤྱོད་ འདི་བོད་མིི་ཚོའི་སེམས་ ཁམས་ནས་འཕེལ་རྒྱས་སུ་བྱུང་།།

༣ ཡུལ་གོམས་གཤིས་ལུགས་ཀྱི་བོད།

     བོད་མི་ནི་ཤིན་ཏུ་ནས་ཤེས་རབ་ཅན་གྱི་མི་རིགས་ཤིག་ཡིན། དཔེར་ན། གནམ་ལ་འཕུར་བའི་འདབ་ཆགས་དང་ཆུ་ལ་རྐྱལ་བའི་ཉ་ ཚོགས་ནི་གནའ་ནས་ད་ལྟའི་བར་བོད་མི་ཚོས་གཏན་ནས་མི་ཟ། འདི་དག་མི་ཟ་བ་གང་ཞིག་གི་ཆེད་དུ་ཡིན་ནམ་ཞེ་ན། ངས་བསམ་པར། དེ་ ནི་བོད་དེ་མཛེས་ཤོང་ལྟ་ན་སྡུག་པའི་་ཤམ་བྷ་ལ་་ཆགས་པིའི་རྒྱུ་མཚན་གཙོ་བོ་དེ་ཡིན། ཆུ་ལ་གནས་པའི་སྲོག་ཆགས་རྣམས་མི་ཟ་བས་མཚོ་ དང་མཚེའུ་རྒྱུག་ཆུ་སོགས་སུ་ཉ་ཚོགས་ཧ་ཅང་མང་ལ། འཛམ་གླིང་ག་ས་ནས་ཡོང་བའི་བྱ་བྱེའུ་ཟས་འཚོལ་བ་དག་གིས་མདོ་དབུས་མཐོ་སྒོང་ ནི་དབྱར་དུས་ཀྱི་རེ་བ་དང་འཚོ་བའི་རྟེན་སོ་རུ་འདོད། བོད་ཡུལ་ནི་འདབ་ཆགས་ཀྱི་བདེ་བའི་ཞིང་ཁམས་སུ་གྱུར། འཛམ་གླིང་ཁྱོན་ཡོངས་ཀྱི་ ་་བྱ་ནམ་རྒྱུ་བ་་(ནམ་ཟླ་རེ་མོས་སུ་གནས་གང་སར་རྒྱུ་བའི་བྱ་བྱེའུ་ཟས་འཚོལ་བ)རྣམས་དབྱར་དུས་སུ་བོད་ལ་འཛོམས་པ་དང་། མ་ཚད་བྱ་རིགས་འདི་དག་ནི་ རྩི་ཤིང་གི་ས་བོན་འོར་འདྲེན་བྱེད་མཁན་དང་། འདེབས་འཛུགས་བྱེད་མཁན་ཡང་ཡིན་པས། བོད་ཡུལ་འདི་རྩི་ཤིང་གི་ས་བོན་གྱིས་ཧ་ཅང་ ཕྱུག་པའི་ས་ཆ་ཤིག་ཏུ་གྱུར་པར་མ་ཟད། ཡུལ་གང་ས་བདག་མེད་ཤིང་འབྲས་ཀྱིས་ཁེངས་པས་བོད་མི་ཚོས་རང་དབང་ངང་ཅི་དགར་ལོངས་ སུ་སྤྱོད་ཆོག  མཛེས་སྡུག་གི་ཡུལ་གྲུ་ཕྱུག་མོ་འདི་ལྟ་བུ་་ཤམ་བྷ་ལ་་མིན་ན་ཅི་ཤམ་བྷ་ལ་ཡིན་ནམ།། 
    གཞན་དུ། བོད་ནི་ཕན་སེམས་ཅན་གྱི་མི་རིགས་ཤིག་ཡིན་ཏེ། དཔེར་ན། བོད་མི་ཚོར་མི་ཤི་བའི་ཕུང་པོ་དུར་ཁྲོད་ལ་བསྐྱལ་བ་དང་ཆུ་ལ་ བསྐྱལ་བ་དར་སྲོལ་ཆེ། ཕུང་པོ་དུར་ཁྲོད་དུ་བསྐྱལ་བ་ནི་ཕུང་པོ་བཤས་ནས་བྱ་ལ་གསོ་བ་རེད། ཕུང་པོ་ཆུ་ལ་བསྐྱལ་བ་ནི་ཕུང་པོ་དུམ་བུ་ བཤས་ནས་ཉ་ལ་གསོ་བ་དེ་རེད། བྱེད་ཐབས་འདི་གཉིས་ཀས་འདབ་ཆགས་དང་ཉ་ཚོགས་ཀྱི་འཚོ་བར་ཕན་ཞིང། འདིས་མཚོན་པ་ནི་བོད་ མི་ཚོས་རང་བྱུང་ཁམས་ལ་འཆང་བའི་ཆེས་ཟབ་པའི་དགའ་ཞེན་རེད།། 

༤ ས་ཁད་ཀྱི་བོད།

     བོད་ཡུལ་ས་ཁད་མཐོ་ལ། རྩི་ཤིང་འདེབས་འཛུགས་ཀྱི་བྱ་བཞག་མངོན་སུམ་དུ་མེད། འཛམ་གླིང་གང་ས་ནས་ཡོང་བའི་་བྱ་ནམ་རྒྱུ་བ་་ འདི་དག་བོད་ཡུལ་གྱི་རྩི་ཤིང་འདེབས་འཛུགས་གྱི་ངལ་རྩོལ་བ་ཕུལ་བྱུང་དུ་གྱུར་ཏེ། མཐོ་སྒོང་མི་དམངས་ལ་ཤིང་འབྲས་དང་ལོ་ཏོག་ཁུར་ཡོང་ བ་རེད། དེ་ནས་མཐོ་སྒོང་ནི་རྩི་ཤིང་ནགས་ཚལ་ཕུན་སུམ་ཚོགས་པ་ཡོད་པ་དང་། དྭངས་གཙང་ཆུ་བོ་རྒྱུན་ཆགས་སུ་གནས་པའི་གླིང་ཆེན་ཨེ་ ཤ་ཡ་ཡི་ཆུ་རྒྱུད་ཐམས་ཅད་ཀྱི་འབྱུང་ཁུངས་སུ་གྱུར་ལ། ཨེ་ཤ་ཡ་ཡི་མ་མར་ཡང་གྱུར།།

གལ་སྲིད་ནམ་ཞིག་མདོ་དབུས་མཐོ་སྒོང་གི་ཆུ་མོའི་གཞུང་ན་ཉ་ཚོགས་འདི་དག་མེད་པར་གྱུར་ན། དེ་ནས་བཟུང་སྟེ་བྱ་ནམ་རྒྱུ་བ་་ འདི་དག་གནས་འདི་འོང་མི་སྲིད་ལ། གལ་ཏེ་་བྱ་ནམ་རྒྱུ་བ་་འདི་དག་གནས་འདིར་མ་འོང་ན་། གནས་འདིར་འབྲས་བུ་གཡུར་དུ་ཟ་བའི་རྩི་ ཤིང་དང་། ཡངས་བའི་རྩྭ་ཐང་། རྒྱ་ཆེ་བའི་ནགས་ཚལ་སོགས་གཏན་ནས་ཡོད་མི་སྲིད། དེ་ནས་བཟུང་མཐོ་སྒོང་ནི་ས་ཧྲལ་རྡོ་ཧྲལ་གྱི་འཇིག་ རྟེན་ཞིག་ཏུ་གྱུར། མདོ་དབུས་མཐོ་སྒོང་ས་ཧྲལ་རྡོ་ཧྲལ་གྱི་འཇིག་རྟེན་དུ་གྱུར་ན། ཨེ་ཤ་ཡ་ཡི་ཚེ་སྲོག་ཏུ་གྱུར་པའི་ཆུ་བོ་ཆེན་མོ་དེ་དག་ཀྱང་ཡོད་ མི་སྲིད་ལ། དེ་ནས་བཟུང་སྟེ་མཐོ་སྒོང་ན་མཛེས་ཤིང་ཡིད་དུ་འོང་བའི་་ཤམ་བྷ་ལའམ་མ་ཡིན་པར་འགྱུར་ངེས།། ༥ ཆགས་འཇིག་གི་བོད། དེང་རབས་ཀྱིས་བོད་ལ་དབང་སྒྱུར་བྱས་པ་ནས་བཟུང། རྒྱ་ཡུལ་ཅན་དུ་བསྒྱུར་བ་དང་རྒྱ་རིགས་ཅན་དུ་བསྒྱུར་བ། རྒྱུ་ཡིག་བཀོལ་སྤྱོད་ཁྱབ་བརྡལ་བོད་ཡུལ་གང་སར་གཏོང་བ་སོགས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་རྩ་སྟོང་དུ་འགྲོ་བའི་ཉེས་ཚབས་ཤིན་ཏུ་ཆེན་པོ་བྱས། སྤྱི་ལོ་ ༡༩༦༦--༡༩༧༧བར་མི་བཞི་ཕྱོགས་ཁག་གིས་ ཐད་ཀའི་བཀོད་སྒྲིག་དང་འཛིན་སྐྱོང་འོག་རིག་གནས་གསར་བརྗེ་ཞིས་པའི་རླུང་འཚུབ་འོག་བོད་ཀྱི་ དགོན་ཆེན་༦༠༠༠ལྷག་རྩ་མེད་དུ་བཏང་བ་རེད། དགོན་སྡེ་འདི་རྣམས་ནི་རྒྱལ་ཁབ་དང་ས་གནས་གཞན་གྱི་དགོན་པ་བཞིན་ཆོས་ཉམས་ ལེན་ཙམ་བྱེད་ས་མིན་པ། བོད་མི་རིགས་ཀྱི་ཕྱི་རབས་པ་ཚོར། རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་ལ་སོགས་པའི་སློབ་གཉེར་གྱི་རྟེན་གཞི ་གྱུར་བའི་གཙུང་ལག་སློབ་གཉེར་ཁང་རྐྱང་རྐྱང་ཡིན་པས། བོད་སློབ་གསོ་བྱ་གཞག་དང་རིག་གནས་དར་སྤེལ་གྱི་སྲོག་རྩ་ལྟ་བུ་ཤ་སྟག་ཡིན། འདིས་བོད་མི་རིགས་ཀྱི་སློབ་གསོ་བྱ་བཞག་རྗེས་ལུས་ཤོར་བར་ཤུགས་རྐྱེན་ཆེ་པོ་བཟོས་ཡོད།། ད་དུང་དེས་མ་ཚད་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གཏོར་བརླག་ཚབས་ཆེན་བྱས་ཏེ། དཔེར་ན།གཏེར་ཁ་སྔོག་བྲུས་དང་། ཤིང་ནགས་ སྡེབ་གཅོད། ཉ་ཁྱུ་དྲྭ་འཛིན། རི་དྭགས་རྔོན་བསད་སོགས་སྨྱོ་རྒོད་འབར་པའི་བྱེད་སྟངས་འདི་དག་གིས་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གནོད་ སྐྱོན་ཤིན་ཏུ་ནས་ཚད་མཐོ་བོ་བྱས། དེང་རབས་ཀྱིས་བོད་ལ་དབང་སྒྱུར་བྱེད་སྟངས་འདི། ས་བདག་རིག་ལུགས་རྒྱལ་ཁབ་ཅིག་གིས་མངའ་འོག་ ཚུད་པའི་རྒྱལ་ཁབ་གཞན་ཞིག་གི་ཐོན་སྐྱེད་ཁེ་འབབ་བཙན་འཕྲོག་དང་། མི་སེེར་སྤེལ་ཡུལ་ལམ་ལུགས་ཐོག་ནས་མི་རིགས་རྩ་མེད་བཟོ་བའི་བྱེད་སྟངས་ངོ་མ་ཡིན། ཁོ་ཚོས་གཉའ་གནོན་བཙན་བཤད་དང་། ཞིང་བྲན་ལམ་ལུགས་ཀྱི་སྲིད་ཇུས་སྤེལ་ནས་བོད་རིགས་མི་དམངས་དབང་ འོག་ཏུ་བསྡུས་ཏེ། སྨྱོ་རྒོད་འབར་བཞིན་དཔལ་འབྱོར་བཤུ་གཞོག་ཆེད་གཏེར་རྫས་འཕྲོག་བཅོམ་དང་། བོད་མི་ཚོར་རང་གི་སྲོལ་རྒྱུན་བཟང་ པོ་འཛིན་སྐྱོང་དང་། རང་གི་ཆབ་སྲིད་དཔལ་འབྱོར་འཛིན་སྐྱོང་གི་དབང་ཆ་ཅུང་ཟད་ཀྱང་མེད་ལ། བོད་མི་ཚོར་ཡོད་པ་ནི་དམར་གསོད་ དང་། བཙོན་འཇུག རྡུང་རྡེག་ཁོ་ན་ཡིན། དུས་ད་དུང་ཡང་མྱ་ངན་འདི་དག་མྱོང་དང་མྱོང་བཞིན་ཡོད། བཤུ་གཞོག་ལམ་ལུགས་ལག་བསྟར་བྱེད་པའི་དཔེ་འདི་ལྟ་སྟེ། དཔེར་ན། སྤྱི་ལོ༡༩༤༩ལོར་བོད་ཀྱི་ཤིང་ནགས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་༢༢༡༨༠༠ཡིན། དེ་ནས་ ༡༩༨༥ལོར་སྤྱི་ལེ་གྲུ་བཞི་མ་༡༣༤༠༠༠བར་དུ་ཆག་པ་རེད། ཏག་ཏག་ཕྱེད་ཀའི་བར་དུ་ཆག་པ་འདི་ཡིད་མི་བདེ་བའི་གནས་སུ་གྱུར། བོད་ནས་ལོ་ལྟར་ཤིང་ཁྲལ་འབོར་ཆེན་མཁོ་སྤྲོད་བགྱིད་དགོས་པའི་རྔམས་འདོད་འདིས། བོད་ཀྱི་ཤིང་ནགས་ ཐོན་སྐྱེད་ནུས་པ་ལས་ཡོངས་སུ་བརྒལ་ཡོད།། ༦ བོད་ཀྱི་ཁོ་ཡུག བོད་ཀྱི་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་ནི་འགྲོ་བ་མི་སྤྱི་ཡི་འོས་འགན་ཡིན། སུ་དང་གང་གིས་ཀྱང་དུས་རབས་ལ་རང་སྣང་གང་དྲན་བྱེད་བཅུག་རྒྱ་མེད། མུ་མཐུད་ནས་བོད་ཀྱི་སྐྱེ་དངོས་ཁོར་ཡུག་ལ་གཏོར་གཤིག་ཐེབས་པ་ཡིན་ན་ཨེ་ཤ་ཡ་ཡི་མི་དམངས་གི་ཚེ་སྲོག་ལྟ་བུའི་འཐུང་ཆུ་དང་ཞིང་ཆུ། འཚོ་གནས་ཁོར་ཡུག་སོགས་ལ་གནོད་ཚབས་ཧ་ཅང་ཆེ་ཤིང། འཛམ་གླིང་ཁྱོན་ཡོངས་གྱི་མཁའ་རླངས་དང་དྲོད་ ཚད་སོགས་འགྲོ་བ་སྤྱི་ཡི་འཚོ་གནས་ལའང་གནོད་ཚབས་ཧ་ཅང་ཆེ།། བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་པའང་འགྲོ་བ་མི་སྤྱི་ཡི་འོས་འགན་ཡིན། སུ་དང་གང་གིས་ཀྱང་གཏོར་བརླག་དང་སྣང་ མེད་བྱེད་མི་ཆོག མྱུར་དུ་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་དར་སྤེལ་གཏོང་དགོས། རྒྱུ་མཚན་ནི་བོད་ཀྱི་ཆོས་དང་རིག་གཞུང་ འདིས་སྐྱེ་དངོས་ཁོར་ཡུག་ལ་གཅེས་འཛིན་དང་། རང་བྱུང་གཏེར་རྫས་ལ་དགའ་ཞེན། ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་ བར་མཉམ་དུ་འཚོ་དགོས་པའི་ལྟོས་གྲུབ་ཀྱི་ལྟ་བ་སོགས། འཚོ་གནས་འཐབ་རྩོད་དོར་ནས་མཛའ་མཐུན་མཉམ་གནས་ཀྱི་འཚེ་མེད་ཞི་བདེ་ ཡི་བཟང་སྤྱོད་ལྟ་གྲུབ་སྤེལ་ཐུང་ལ། དེ་ལྟ་ཐུང་པའང་བོད་ཀྱི་རིག་གཞུང་ཁོ་ན་ཡིན།། བོད་མི་ཚོས་ནམ་རྒྱུན་དུ་ང་ཚོའི་སྤྱོད་པ་ནི་འཚེ་བ་མེད་པ་ཡིན། ང་ཚོའི་ལྟ་བ་ནི་རྟེན་འབྱུང་གི་ལྟ་བ་ཡིན་ཞེས་ཁ་རྒྱུན་དུ་ཡོད། བོད་ མི་ཚོས་བདག་མེད་སེམས་ཅན་དག་ནི་རང་གི་ཕ་མེས་ཡང་མེས་དག་གི་ཡང་སྲིད་ཕྱི་མ་ཡིན་པ་འདོད། དེས་ན་སྲོག་ཆགས་ཕྲ་མོ་ཚུན་ཆད་ལ་ གནོད་སེམས་མི་བྱེད་ལ་ཕན་སེམས་བྱེད། འདི་ནི་ཁོ་ཚོའི་ཟེེར་བའི་སྤྱོད་པ་འཚེ་བ་མེད་པ་དེ་རེད། བོད་མི་ཚོས་རི་ར་བ་ཁང་ཁྱིམ་སོགས་ནི་ རང་འཚོ་བའི་རྟེན་གཞི་རུ་འདོད་དེ། རང་ཉིད་འཚོ་བར་རི་ར་བ་ཁང་ཁྱིམ་ཡོད་ཚད་ལ་ལྟོས་དགོས་པ་འདོད། འདི་ནི་ཁོ་ཚོའི་ཟེར་བའི་ལྟ་བ་ རྟེན་འབྱུང་དེ་རེད། ཁོ་ཚོས་རང་བྱུང་ཁམས་ཆེན་མོར་གནས་པའི་ཚེ་སྲོག་ཡོད་ཚད་ལ་གཅེས་སྤྲས་བྱེད་པ་མ་ཟད། མི་དང་སྲོག་ཆགས་བར་ མཛའ་བརྩེ་དང་། མི་དང་སྐྱེ་དངོས་བར་མཐུན་གྲོགས་ཀྱི་འབྲེལ་བ་བཙུགས་པར་འབོད་བརྩོན་བྱེད། ཁོ་ཚོས་རི་ར་བ་ཁང་ཁྱིམ་ཐམས་ཅད་ལ་ ལྷ་འཁོར་བ་འདོད། ཐ་ན་ཤིང་སྡོང་རེ་རེའི་སྟེང་དུའང་ཀླུ་འཁོར་བ་འདོད། དེས་ན་གང་བྱུང་གིས་རྩི་ཤིང་གཏོར་བརླག་གཏན་ནས་མི་གཏོང། ཁོ་ཚོས་རི་ཆུ་ནི་ཕ་མ་རུ་འདོད་དེ། རི་ལུང་ལ་ཕ་གཞིས་དང་མ་ཡུལ་ཞེས་འབོད། འདི་ལྟ་བུའི་རླབས་ཆེན་གྱི་བསམ་པ་སྟེ། བྱམས་སྙིང་རྗེ་དང་ བདག་གཞན་མཉམ་བརྗེ། གཞན་གཅེས་འཛིན་གྱི་བསམ་བློ་འདིས། བོད་མི་རིགས་འདི་ལྷ་གཤིས་སམ་བྱང་ཆུབ་སེམས་པའི་རང་གཤིས་ དང་ལྡན་པའི་མི་རིགས་ཤིག་དུ་བསྒྱུར། འདི་ལྟ་བུའི་མི་རིགས། འདི་འདྲ་བའི་རིག་གཞུང་། རླབས་ཆེན་འདི་འདྲ་བ་ནི་རྩ་མེད་དང་གཏོར་ བརླག་གཏན་ནས་གཏོང་མི་རུང་ཤིང་མི་ཆོག་ལ། ཡར་རྒྱས་དང་དར་སྤེལ་གཏོང་དགོས།། བོད་མི་ཡི་འཚོ་བའི་ཆ་རྐྱེན་དང་ཚན་རིག་གནས་ཚད་ཀྱིས་དེང་དུས་ཀྱི་གཤོངས་སའི་མི་ལ་དོ་ཟླ་མི་བཟོད་མོད། འོན་ཀྱང་བོད་ མིས་འཛམ་གླིང་ལ་གཅེས་འཛིན་བྱེད་ཚུལ་དང་ཡ་རབས་བཟང་སྤྱོད་གསོ་སྐྱོང་བྱེད་སྟངས། རང་བྱུང་ཁམས་ཆེན་མོའི་སྐྱེ་དངོས་ཁོར་ཡུག་ལ་ སྲུང་སྐྱོང་བྱེད་སྟངས་དང་འཚེ་མེད་ཞི་བདེ་ལ་དགའ་ཞེན་བྱེད་སྟངས་ནི་དེང་དུས་གཤོངས་སའི་མི་རྣམས་ཀྱིས་འགྲན་ཐབས་རྩ་བ་ནས་མེད། རླབས་ཆེན་གྱི་བཟང་སྤྱོད་འདི་དག་ནི་དེང་དུས་ཀྱི་མིས་ངེས་པར་དུ་རྒྱུས་མངའ་དང་མིག་དཔེ་ལྟ་དགོས་པ་ཞིག་ཆགས་ཡོད། ངོ་མ་བྱས་ན། ལྟོས་ན་མིག་སྒྲིབ་པའི་དེང་དུས་ཀྱི་བཟོ་ལས་ཅན་དང་གྲོང་ཁྱེར་ཅན་དུ་བསྒྱུར་བ་འདི། འགྲོ་བ་མིའི་གདམ་ག་གཅིག་པུའམ་ཡག་ཤོས་དེ་ གཏན་ནས་མ་ཡིན་ཡ།། ངས་བསམ་པར། ཚད་དང་ལྡན་པའི་བཟོ་ལས་དང་གྲོང་ཁྱེར་དུ་བསྒྱུར་བ་ལ་འབད་པ་དང་། ཨར་འདམ་བེད་སྤྱོད་དང་འཛམ་གླིང་ གི་གཏེར་ཁ་སྔོག་བྲུས་ལ་ཚད་འཛིན་བྱེད་པ། སྐྱེ་དངོས་ཁོར་ཡུག་དང་ལྡན་པའི་གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་བྱེད་པ། ནགས་ཚལ་ དང་རྩྭ་ཐང་སྲུང་སྐྱོབ་བྱེད་པ། མཚོ་དང་མཚེའུ་རྒྱུ་ཆུ་སོགས་ཀྱི་འབྱུང་ཁུངས་སྲུང་སྐྱོབ་བྱེད་པ་འཛམ་གླིང་མི་གཙང་ཅན་དུ་འགྱུར་བ་ཉུང་དུ་ གཏོང་བ། བཙོག་གྲིབ་མེད་པའི་ཐོན་རྫས་བེད་སྤྱོད་བྱེད་པ། ཕྱོགས་ཡོངས་སུ་ཆེས་མཐོ་བའི་སློབ་གསོ་ལས་རིམ་ཁྱབ་སྤེལ་གྱིས་གྲངས་མང་ མི་རིགས་རྣམས་ཀྱི་མི་འབོར་འཕེལ་ཁ་ཉུང་དུ་གཏོང་བ། འབྱོར་ལྡན་རྒྱལ་ཁབ་ཚོས་འབྱོར་མེད་རྒྱལ་ཁབ་རྣམས་ཀྱི་མི་དམངས་ལ་རོགས་རམ་ བྱེད་པ། དབུལ་ཕྱུག་ཆ་མི་མཉམ་པའི་རྣམ་པ་རྩ་མེད་བཟོ་བ། མཛེས་ཤིང་ཡིད་དུ་འོང་བའི་སྐྱེ་དངོས་ཁོར་ཡུག་འཛུགས་སྐྲུན་བྱེད་པ། སྐྱེ་ དངོས་ཁོར་ཡུག་དང་ལྡན་པའི་ཞིང་ལས་དང་ཡུལ་སྐོར་སྤྲོ་འཁྱམ་ལས་གྲྭ་ཡར་རྒྱས་གཏོང་བ། མི་ཆོས་རིག་ལུགས་དང་མཐུན་པའི་ཡ་རབ་ བཟང་སྤྱོད་དར་སྤེལ་གཏོང་བ། མདོར་ན། སྔོ་ལྗང་ཅན་གྱི་གོ་ལ་རྒྱུན་ཆགས་སུ་ གནས་ཐུབ་པའི་རང་བཞིན་ཅན་གྱི་ཡར་རྒྱས་སྲུང་སྐྱོབ་ བྱེད་པ་དང་། མི་དང་གོ་ལའི་བར་དུ་འགན་སྲུང་གི་བསམ་བློ་འཕེལ་རྒྱས་སུ་གཏོང་བ་སོགས་ནི། འགྲོ་བ་མི་ལ་དགོས་ངེས་ཀྱི་གདམ་ག་གཅིག་ པོའམ་ཡག་ཤོས་དེ་ཡིན་ལ། རིག་གནས་འཕེལ་རྒྱས་ཀྱི་གནས་ལུགས་དང་ཡང་ཡོངས་སུ་མཐུན་པའི་ཁ་ཕྱོགས་ཡང་དག་ཀྱང་ཡིན།། ཉིན་ལྟར་གྲོང་ཁྱེར་ནང་གི་ཤིང་སྡོང་རྣམས་ཨར་འདམ་གྱིས་སྐོར་བར་མཐོང་དུས། ངས་བསམ་པར། འགྲོ་བ་མི་ཡི་རིགས་འདི་ཧ་ ཅང་གི་རང་འདོད་ཆེ་དྲག་པ་ཚོར། རྩི་ཤིང་ལའང་འཚོ་གནས་སྐྱེ་སྲིད་ཀྱི་རང་དབང་ཡོད་དགོས་ལ། རྩི་ཤིང་ལས་ཐོར་བའི་ལོ་མ་དང་ཟགས་ པའི་ས་བོན་རྣམས་ངེས་པར་དུ་ས་འདམ་ནང་ཟག་དགོས་པ་ལས་ཨར་གཅལ་སྟེང་ཟག་དགོས་པ་མིན་ཡ། གལ་ཏེ་མི་ཡིས་རྩི་ཤིང་ལ་སྟངས་ འཛིན་བྱེད་སྟངས་འདི་ལྟ་ཡིན་ན། བུ་རབས་ཚ་རྒྱུད་ཚོ་ལ་ཤིང་འབྲས་ཟ་རྒྱུ་ལྟ་བཞོག་ཤིང་སྡོང་འང་མཐོང་རྒྱུ་དཀའ་མོ་ལོས་འགྱུར། དེ་གཞིན་ རི་དྭགས་གཅན་གཟན་ལ་གཅེས་སྤྲས་དང་ཁོ་ཚོའི་འཚོ་གནས་ཁོར་ཡུག་ལ་བསམ་འདང་མ་བྱེད་ན། རི་དྭགས་འདི་དག་ཁྱུ་ཁྱུ་རུ་འཆི་བའི་ རྗེས་སུ། དེ་ནས་བཟུང་སྟེ་འདི་དག་ལས་ཐོབ་འོས་ཀྱི་ཕན་ནུས་དང་འབྲས་བུ་ཐོབ་པའང་ཁྱོན་ནས་མ་སེམས། sars དང་་བྱ་ནད་རིམས་ཆམ་་ སོགས་ཆེས་འཇིགས་སུ་རུང་བའི་རིམས་ནད་འདི་དག་ནི་དུད་འགྲོ་རྣམས་ཀྱིས་མི་ལ་སྦྱོར་བའི་མནར་སྨོན་དང་། མི་རྣམས་འཇིག་ཉེས་ཀྱི་སྔ་ ལྟས་ལ་སླེབ་པ་མ་ཡིན་ནམ།། ༧ བོད་རྒྱ་མི་རིགས་གཉིས་ཀྱི་ཁྱད་པ། ཕུལ་བྱུང་གི་རིག་གནས་འཛིན་སྟངས་དང་རང་བྱུང་ཁོར་ཡུག་ལ་དགའ་ཞེན་གྱི་ལྟ་སྤྱོད་ལ་གཞིགས་ཏེ ་་བོད་་ ་་རྒྱ་་ མི་རིགས་ གཉིས་བསྡུར་བ་ཡིན་ན། རྒྱ་མི་རིགས་ནི་ཧ་ཅང་གི་ཐབས་སྡུག་ཅིག་ཡིན་པར་མཐོང་འོང། དཔེར་ན། ་་ཧོ་ནན་ཞིང་ཆེན་་ ་་ཨ་ཡ་་ རྫོང་ ནས་སྤྱི་ལོའི་སྔོན་གྱི་དུས་རབས་བཅུ་དྲུག་ནས་སྤྱི་ལོའི་སྔོན་གྱི་དུས་རབས་ཉི་ཤུའི་བར་གྱི་ཡི་གེ་འཁོད་པའི་རུས་སྦལ་གྱི་ཀོག་པ་དང་སྲོག་ ཆགས་ཀྱི་རུས་པ་སོགས་ཅ་དངོས་རྙིང་པ་ལྔ་ཁྲི་ལྷག་ཐོན་པ་རེད། ཅ་དངོས་འདི་དག་ལ་གཞིགས་ན་སྐབས་དེ་དུས ་་ཧོ་ནན་་ ནི་སྟོབས་ འབྱོར་ཕུན་སུམ་ཚོགས་པ་ཞིག་ཡིན་པར་མངོན། འོན་ཀྱང་དེང་དུས་ཀྱི ་་ཧོ་ནན་་ ནི་འདི་འདྲའི་དབུལ་སྡུག་གི་ས་ཆ་ཞིག་རེད་ཨང་། འདི་ཡང་སྙིང་གི་རྒྱུ་མཚན་ཅི་ཞིག་ཡིན་ནམ། སྐབས་དེ་དུས་ཐོན་པའི་རུས་སྦལ་ཀོག་པ་འདི་ལྟར་མང་བ་དེས་སྐབས་དེར་ཧོ་ནན་གྱི་ཆུ་ཡི་ ཐོན་སྐྱེད་དང་ཉ་རིགས་ཕུན་སུམ་ཚོགས་པ་ཡོད་པར་མཚོན་ལ། སྐབས་དེར་ཐོན་པའི་སྲོག་ཆགས་ཀྱི་རུས་པ་འདི་ལྟར་མང་བ་དེས་སྐབས་ དེར་ཧོ་ནན་གྱི་རྩྭ་ས་དང་འབྲོག་ལས་ཐོན་སྐྱེད་ཕུན་སུམ་ཚོགས་པར་མཚོན། ད་དུང ་་ཡན་སྲང་་ (སྤྱི་ལོའི་སྔོན་གྱི་ལོ་༡༠༠༠ཙམ་ཕན་ཆད)དུས་རབས་སུ་ ཟངས་སྣོད་འབོར་ཆེན་བཟོ་ལས་བྱས་པ་དེས། དུས་དེར་ཧོ་ནན་དུ་ནགས་ལས་ཐོན་སྐྱེད་ཕུན་སུམ་ཚོགས་པ་ཡོད་པས་མི་རྣམས་ཀྱིས་ཟངས་ ལྕགས་བཙོ་བཞུར་བྱས་པར་མཚོན། ་་ཡན་སྲང་་ དུས་རབས་ནང་གི་ཧོ་ནན་མི་ཚོ་དམིགས་བསལ་ཆང་འཐུང་བར་དགའ་བ་འདིས། སྐབས་ དེ་དུས་ཧོ་ནན་ས་ཁུལ་གྱི་འབྲུ་རིགས་འཕེལ་ཁ་དར་ལ་ཆང་བསྙལ་བར་མཐུན་རྐྱེན་འཛོམས་པོ་ཡོད་པར་མཚོན། འོན་ཀྱང་ལོ་ངོ་ལྟོང་ཕྲག་གི་ བརྒྱུད་རིམ་ནང་ཧོ་ནན་གྱི་མི་ཚོས་ཤིང་ནགས་སྡེབ་གཅོད་དང་། ཉ་ཁྱུ་དྲ་འཛིན། གཏེར་ཁ་སྔོག་བྲུས། རི་དྭགས་རྔོན་བསད་བྱས་པའི་ཉེས་ དམིགས་ལ་བརྟེན། ཐོན་སྐྱེད་ནུས་པ་ཡོད་ཚད་གཏོར་བརླག་ཏུ་སོང་ནས། མཐའ་འཇུག་ཏུ་ས་ཆུ་ཁ་ཕྱོགས་ཐོར་བ་དང་ས་ཞིང་བྱེ་ཐང་དུ་གྱུར་ པ་སོགས་དབུལ་སྡུག་ཅན་གྱི་ཧོ་ནན་ས་ཁུལ་འདི་བྱུང་། རྒྱ་མི་རིགས་རྩོས་འཛམ་གླིང་སྟེང་གི་མི་རིགས་སྐོར་ཞིག་གིས་ས་གཞི་དང་ཐོན་ཁུངས་ ལ་གཅེས་སྤྲས་བྱེད་མི་པ་དང་། རྒྱུན་དུ་སྨྱོ་རྒོད་འབར་བཞིན་ཚད་མེད་པའི་ཐོག་ནས་ཐོན་ཁུངས་སྔོག་བྲུས་བྱེད་པ་བརྟེན། མི་རིགས་དེ་དག་ ནི་སྐྱེ་དངོས་ཁོར་ཡུག་ལ་ཆེས་གཏོར་བརླག་གཏོང་མཁན་དེ་ཡིན། ཁྱེད་ཀྱིས་ལྟོས་དང་སྔོན་ཆད་སྔོ་ལྗང་ཅན་གྱི་ཧོ་ནན་ཡུལ་གྲུ་ཕྱུག་མོ་དེ་ན། མཐའ་འཇུག་ཏུ་དམར་ཧྲང་ཧྲང་དང་དབུལ་ཕོངས་སྡུག་བསྔལ་ཅན་གྱི་ཧོ་ནན་འདི་བྱུང་། རྒྱ་མིས་བྱང་ཕྱོགས ་་ཧོཝ་ཧུ་་ (རྨ་ཆུ་རྒྱ་ནག་ལ་ སླེབས་པ་ན་མིང་འདི་བོས)ཆུ་རྒྱུད་གྱི་ཐོན་ཁུངས་སྔོག་བྲུས་ཡོངས་སུ་རྫོགས་རྗེས་སུ། ལྷོ་ཕྱོགས ་་ཁྲང་ཅང་་ (འབྲི་ཆུ་རྒྱ་ནག་ཏུ་སླེབས་སྐབས་མིང་འདི་བོས) ཁུལ་དུ་ གཏེར་ཁ་སྔོག་བྲུས་བྱེད་འགོ་བརྩོམས་པ་དང་། མུ་མཐུད་དུ་ནང་སོག་དང་། ཡུ་ཧུ། བོད། ཡུ་ནན། ནེ་གང་སོགས་སུ་སྔོག་བྲུས་བྱས། འདི་ནི་རྒྱ་ ནག་གིས་ཆབ་སྲིད་དབང་སྒྱུར་རྒྱ་སྐྱེད་བྱེད་དགོས་པའི་རྒྱུ་མཚན་ཞིག་ཀྱང་ཡིན། ་་ཁྲང་ཅང་་ ཆུ་རྒྱུད་དུ་དར་བའི་རིག་གཞུང་གཞིར་བཞག དཔེར་ན། སི་ཁྲོན་ཁྲན་ཏུའུ་ནས་བྱང་ཕྱོགས་སུ་སྤྱི་ལེ་༤༠་ཙམ་གྱི་ མཚམས ་་སྲ་ཤྲས་ཏུང་་ དུ་ ་་སུང་དུས་རབས་་ (ལོ་སུམ་སྟོང་སྔོན་གྱི་དུས་རབས)སྐབས་ཀྱི་གནའ་རྫས་ལ་གཞིགས་ན། སྐབས་དེ་དུས་ཀྱི་སི་ཁྲན་ས་ཁུལ་ གྱི་མི་དམངས་ཀྱིས་ཆེས་སྤུས་ལེགས་ཀྱི་ཟངས་ཆས་སྣ་ཚོགས་བཟོ་སྐྲུན་བྱས་པ་རེད། ཁོ་ཚོའི་རིག་གནས་ཀྱི་སྒྱུ་རྩལ་དེ་རྒྱ་ནག་གི་རིག་གནས་ སྒྱུ་རྩལ་ལས་ཞན་པའམ་སྐྱོ་བ་ཞིག་གཏན་ནས་མ་རེད། ཡུལ་དེའི་ས་འོག་ནས་ཐོན་པའི་གནའ་རྫས་ནང་སྐུ་གསུང་ཐུགས་རྟེན་དང་། ཟངས་ཀྱི་ སྣོད་ཆས། གླང་ཆེན་གྱི་མཆེ་བ་སོགས་འབོར་ཆེན་བྱུང་ལ། སྐུ་གསུང་ཐུགས་རྟེན་དེ་དག་གིས་ཁོང་ཚོ་ལ་རང་གི་ཐུན་མོང་མ་ཡིན་པའི་ཆོས་ ལུགས་དང་ཡི་གེ(པ་ཡིག)ཡོད་པར་མཚོན་ལ། ཟངས་ཀྱི་སྣོད་ཆས་འདེ་དག་གི་རྒྱུ་ཆ་རྒྱ་ནག་གི་ཟངས་ཆས་ལས་མི་ཞན་ཤིང། གླང་ཆེན་གྱི་མཆེ་ བ་འདི་དག་གིས་ཡུལ་དེར་ཆར་རྒྱུན་འབེལ་ལ་ནགས་ཚལ་སྟུག་པོ་ཡོད་པར་མཚོན། འདི་ལྟ་བུའི་སི་ཁྲན་མི་དམངས་རང་གི་ཐུན་མོང་མ་ཡིན་ པའི་ཆོས་ལུགས་དང་། ལྷ་སྒྲུང། སྒྱུ་རྩལ། རོལ་དབྱངས། འཛུགས་སྐྲུན། ཡི་གེ(པ་ཡིག) མཚན་ཉིད་རིག་པ། རྩོམ་རིག་སྒྱུ་རྩལ། བསམ་བློའི་ འཁྱེར་སོ། ཁྱབ་ཆེ་བའི་རིག་གནས། ཆར་རྒྱུན་འབེལ་བའི་ཁོར་ཡུག འབོར་ཆེ་བའི་གླང་ཆེན་སོགས་ད་ཆ་གང་ན་ཡོད་དམ། ་་སྲ་ཤྲས་ཏུང་་ རིག་གཞུང་གི་གནའ་རྫས་རྙེད་པ་ནས་བཟུང་། སི་ཁྲན་ས་ཁུལ་འདི་རྒྱ་ནག་གི་རིག་གནས་གྱི་ཁྱབ་ཁོངས་མིན་པར་བདེན་དཔང་བྱེད་ཡོད་ལ། སི་ཁྲན་མི་དམངས་འདི་དག་ཀྱང་རྒྱ་རིགས་ཚོས་སེམས་པ་ལྟ་བུའི་ནུབ་རྒྱུད་རྒྱ་རིགས་མ་ཡིན་པ་བདེན་དཔང་བྱེད་ཡོད། ་་ཙུང་དང་། ཆིང་། ཧན་་ (རྒྱ་ཡི་རྒྱལ་རབས་ཁག)དག་གིས་བཙན་གནོན་འོག ་་སྲ་ཤྲས་ཏུང་་ གི་མི་རིགས་རིག་གཞུང་དང་བཅས་པ་རྩ་མེད་བཏང་བ་དང་། འདི་ནི་ གནའ་བོའི་ ་་ཧང་ཧུ་་ རིག་གཞུང་གིས་ ་་ཁྲང་ཅང་་ སྟོད་རྒྱུད་རིག་གཞུང་རྩ་མེད་བཟོས་པའི་བདེན་དཔང་ངམ་དཔེ་མཚོན་ཡིན། ད་ཆ་བོད་ ཀྱི་ཆོས་དང་རིག་གཞུང་མི་རིགས་དང་བཅས་པར་འཇིག་ཉེས་ཀྱི་མཚོ་རླབས་འདི་ལྟ་བུ་ཞིག་ལྡོང་དང་ལྡོང་བཞིན་པ་ཡིན།། ༨ བོད་ཀྱི་གཏེར་མཛོད། བོད་དང་ཡུ་གུ་སོགས་ལ་ནུབ་རྒྱུད་དབུལ་ཕོངས་ས་ཁུལ་ཞེས་འབོད་ཀྱིན་ཡོད་ཀྱང། བོད་དང་ཡུ་གུ་སོགས་སུ་རང་བྱུང་ཐོན་ ཁུངས་ཕུན་སུམ་ཚོགས་པ་ཡོད་པ་དང་། མཛེས་ཤིང་ལྟ་ན་སྡུག་པའི་རྩྭ་ཐང་དང་། སྣུམ་ཞིང་སྡུག་པའི་ནགས་ཚལ་སོགས་ཀྱིས་ཁེངས་ཡོད་ལ། ཀྲུང་གོའི་རྩིས་གཞི་ཐོ་འགོད་ནང་གསལ་ལྟར་ན། བོད་ལ་གཏེར་ཁ་མི་འདྲ་བ་༡༢༦ལྷག་ཡོད་པར་བཤད་ལ། དེའི་ནང་ནས་ ་་ཡཱོ་་ (རྒྱ་སྐད་ ཡིན་རྡུལ་ཕྲན་མཚོན་ཆ་བཟོ་བྱེད་ཀྱི་རྫེས་ཧ་ཅང་གལ་ཆེན་ཞིག)དང་། ་་ལོང་་(རྒྱ་སྐད་ ཡིན་རྡུལ་ཕྲན་མཚོན་ཆ་བཟོ་བྱེད་ཀྱི་རྫེས་ཧ་ཅང་གལ་ ཆེན་ཞིག) ་་ཟངས་་། ་་ཕུནད་སྲ(ནང་ཚན་ལ་Naགཉིས BབཞིOལྔ(OH)བཞི 8HགཉིསO འབར་གས་ལ་གལ་གནད་ཧ་ཅང་ཆེ་བའི་ རྫས་ཤིག)དཀར་པོ་སོགས་ཀྱི་འབོར་གྲངས་འཛམ་གླིང་ ཁྱོན་ཡོངས་ཀྱི་ཨང་དང་པོའི་གྲས་ཡིན། དུས་རབས་ཕྱེད་ཙམ་གྱི་ནང་རྒྱ་ནག་གིས་བཟོ་སྐྲུན་གད་སྙིགས། ཞིང་ལས་དུག་རྫས། ཐོན་རྫས་སྔོག་ བྲུས་དང་། སྔོག་བྲུས་བྱེད་སྐབས་གནོད་ ཚབས་ཅན་གྱི་དུག་རྫས་འདྲེས་པའི་གཏེར་ཤུལ་གྱི་ས་རོ་རྒྱུགས་ཆུའི་ནང་བླུག་པས་རྒྱུགས་ཆུ་ལ་ བཙོག་གྲིབ་ཤོར་བས། བོད་ཀྱི་རྒྱུགས་ཆུ་ཧ་ཅང་མང་པོ་ཞིག་ལ་ཉེས་ཚབས་ཧ་ཅང་ཆེ་བའི་བཙོག་གྲིབ་ཤོར་ནས་རྒྱུ་ཆུ་མི་གཙང་ཅན་དུ་གྱུར་ ཟིན།། ༩ སྙིང་ལ་ན་ཟུག་གཏོང་བའི་བོད། ད་དུང་སྙིང་ལ་ན་ཚ་བཟོ་བའི་སྤྱོད་པ་ཞིག་དེ། རྒྱ་རིགས་འབོར་ཆེན་བོད་དང་ཡུ་གུ་སོག་པོ་སོགས་སུ་གནས་སྤོ་བྱས་ཏེ། རྒྱ་རིགས་ཀྱི་གྲངས་འབོར་ས་གནས་མི་དམངས་ཀྱི་གྲངས་འབོར་ལས་བརྒལ་ཐབས་བྱེད་ཀྱི་ཡོད་ལ། འགྲོ་བ་མིའི་ཀུན་སྤྱོད་ལས་ཡོངས་སུ་འདས་པའི་བྱེད་སྟངས་འདི་དག་ཐོག་ནས་རྒྱ་ནག་གིས་མི་རིགས་གཞན་པ་ཐམས་ཅད་ལ་ཐུབ་ ཚོད་གཏོང་བར་མ་ཟད། བྱེད་སྟངས་འདི་རིགས་བེད་སྤྱོད་ཀྱིས་ས་ཆ་འདི་དག་གཏན་དུ་བདག་གིར་འཛིན་འདོད་པ་ཡིན། འདི་རིགས་ཀྱིས་མི་རིགས་གཞན་གྱི་ཆོས་དང་རིག་གཞུང་མི་རིགས་དང་བཅས་པ་གཏོར་བརླག་གཏོང་བར་མ་ཟད། སྐྱེ་དངོས་ཁོར་ཡུག་ལ་གཏོར་བརླག་གཏོང་བར་དགའ་བའི་རྒྱ་མི་རིགས་ཀྱི་གོམས་གཤིས་ངན་པ་དེ་ས་ཆ་འདི་དག་ལ་ཁྱེར་ཡོང་ངེས་ཡིན། ༢༠༠༧ལོའི་ཟླ་༧པའི་ཚེས་༡་ནས་མདོ་དབུས་ལྕགས་ལམ་ཕྱོགས་ཡོངས་སུ་མེ་འཁོར་ཤར་གཏོང་བྱུང་བ་ནས་བཟུང། བོད་ཀྱི་གཏེར་རྫས་ཇི་ཙམ་ཞིག་རྒྱ་ནག་ལ་ཁྱེར་གྱི་རེད་དམ། གོ་སྐབས་འདི་བཟུང་ནས་བོད་ལ་རྒྱ་རིགས་མི་འབོར་ཇི་ཙམ་ཞིག་གནས་སྤོ་བྱེད་ཀྱི་རེད་དམ། བོད་ཀྱི་ཆོས་དང་རིག་གཞུང་གི་རྣམ་པ་སྔར་རྒྱུན་བཞིན་གནས་ཐུབ་བམ། བོད་ཀྱི་རང་བྱུང་ཁོར་ཡུག་གཏོར་བརླག་སྔར་ལས་ལྷག་པར་འགྲོ་རྒྱུ་མ་རེད་དམ།། རྒྱ་རིགས་སླེབས་པ་ནས་བཟུང་བོད་དང་སོག་པོ་ཡུ་གུ་སོགས་སུ་སྐྱེ་དངོས་ཁོར་ཡུག་ཡོད་ཚད་ལ་ཉེས་ཚབས་ཆེ་བའི་གཏོར་བརླག་ བྱུང་བ་འདི་ཅི་ཞིག་ཡིན་ནམ། མི་རིགས་གཞན་པའི་གཏེར་རྫས་སྔོག་བྲུས་བྱེད་པའི་ཆེད་དུ་རྒྱ་མི་རིགས་འདིས་ལས་ཀ་སྡུག་རིགས་ངན་ཚད་ བྱེད་ཐུབ་པ་འདི་ཅི་ཞིག་ཡིན་ནམ། ཡང་སྙིང་རྒྱ་མི་རིགས་འདི་མི་རིགས་ཅི་འདྲ་ཞིག་ཡིན་ནམ།། མཐའ་འཇུག་ཏུ། གླིང་ཆེན་ཨེ་ཤ་ཡའི་འགྲོ་བ་ཡོངས་ཀྱི་ཚེ་སྲོག་དང་སྐྱེ་དངོས་ཁོར་ཡུག་སྲུང་སྐྱོབ་ཆེད་ངེས་པར་དུ ་་བོད་གངས་ ཅན་གྱི་ལྗོངས་འདི་མྱུར་དུ་སྐྱོབ་དགོས་་ ཞེས་ངས་ནན་ཏན་ངང་འབོད་ཚིག་བསྒྲགས། བོད་མ་ཟད་རྒྱ་ནག་མི་དམངས་ཀྱང ་་ཏང་གཅིག་དབང་ འཛིན་ལམ་ལུགས་་ ཀྱི་སྡུག་རྩུབ་འོག་ནས་ཐར་ཐབས་བྱེད་དགོས།། །།

                                                                       ཐུགས་རྗེ་ཆེ།།