རྣམ་སྨིན་འབྲས་བུ་

ཡོང་ཁུངས་Wikipedia

འབྲས་བུ་ལྔའི་་ནང་གསེས་(རྣམ་སྨིནགྱི་འབྲས་བུདང་། རྒྱུ་མཐུན་གྱི་འབྲས་བུ། བདག་པོའི་འབྲས་བུ། སྐྱེས་བུ་བྱེད་པའི་འབྲས་བུ། འབྲལ་བའི་འབྲས་བུ་བཅས་)ཏེ། ཟག་བཅས་ཀྱི་དགེ་བ་དང་མི་དགེ་བ་གང་རུང་གི་རྣམ་ པར་སྨིན་པའི་རྒྱུ་ལས་སྐྱེ་ས་པ་སྟེ་ཟག་བཅས་ཉེར་ལེན་གྱི་ཕུང་པོ་ལྟ་བུ་ལ་ཟེར། དེའི་རྣམ་སྨིན་གྱི་འབྲས་བུ་ཞེས་ པ་ནི་སྐབངས་རེ་རྣམ་སྨིན་ལ་གོ་བ་ཡང་ཡོད། དཔེར་ན། རྣམ་སྨིན་གྱི་ཡོན་ཏན་རིགས་མཐོ་བར་སྐྱེ་བ་སོགས་བརྒྱད་ ཡོད་པ་དེ་ལ་ཟེར་བ་ལྟ་བུ། བརྒྱད་པོ་དེ་འབྲས་བུ་གསུམ་གྱི་ནང་གི་རྒྱུ་མཐུན་གྱི་འབྲས་བུ་ཡིན་པ་མ་གཏོགས་རྣམ་ སྨིན་གྱི་་འབྲས་བུ་མིན། རྣམ་སྨིན་ཡོན་ཏན་བརྒྱད་ནི་རིགས་མཐོ་བར་སྐྱེས་པ། ཚེ་རིང་བ། སྐྱེ་པ་ཡིན་པ། སྟོབས་ དང་ལྡན་པ། དབང་ཆེ་བ། ནད་མེད་པ། ཚིག་བཙུན་པ། གཟུགས་བཟང་བ་བཅས་བརྒྱད་ཡིན།།