རྣམ་སྨིན་གྱི་སྐྱེ་བ་བཅུ་

ཡོང་ཁུངས་Wikipedia

ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་པ་དེ་ཕལ་ཆེར་ཛམྦུའི་གླིང་ལ་དབང་སྒྱུར་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོར་སྐྱེ། ས་གཉིས་པ་དེ་གླིང་བཞི་ལ་དབང་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོར་སྐྱེ། ས་གསུམ་པ་སུམ་བཅུ་རྩ་གསུམ་ལ་ དབང་བའི་བརྒྱ་བྱིན་ལ་སྐྱེ། ས་བཞི་པ་རབ་འཐབ་བྲལ་གྱི་ལྷའི་དབང་པོ་ལ་སྐྱེ། ས་ལྔ་པ་དགའ་ལྡན་གྱི་ལྷའི་དབང་པོ་ ལ་སྐྱེ། ས་དྲུག་པ་རབ་འཕྲུལ་དགའི་ལྷའི་དབང་པོ་ལ་སྐྱེ། ས་བདུན་པ་དབང་སྒྱུར་གྱི་ལྷའི་དབང་པོ་ལ་སྐྱེ། ས་བརྒྱད་པ་ སྟོང་སྤྱི་ཕུད་གྱི་བདག་པོ་ཚངས་པ་སྐྱེ། ས་དགུ་པ་སྟོང་གཉིས་བར་མའི་འཇིག་རྟེན་གྱི་ལྷའི་དབང་པོ་ལ་སྐྱེ། ས་བཅུ་ པ་གནས་པའི་བྱང་ཆུབ་སེམས་དཔའ་དེ་གནས་གཙང་མའི་དབང་པོ་དབང་ཕྱུག་ཆེན་པོ་རྣམས་སུ་སྐྱེ་བ་འཛིན་པར་ གསུང་ས་སོ།།