རྣམ་བདེན་པའི་དབྱེ་བ་

ཡོང་ཁུངས་Wikipedia
དེ་ལ་དབྱེ་ན་། གཟུང་འཛིན་གྲངས་མཉམ་པ། སྒོ་ང་ཕྱེད་ཚལ་པ། སྣ་ཚོགས་གཉིས་མེད་པ་དང་གསུམ་(འདི་གསུམ་གྱི་ཁྱད་པར་ལ་མཁས་པ་རྣམས་ཀྱི་བཞེད་ཚུལ་མི་མཐུན་པ་འགའ་ཡོད)ཡོད་ཅིང། སྒྲ་བཤད་ཙམ་ཞིག་བྱས་ན། དང་པོ་ནི་ཁྲ་འཛིན་དབང་ཤེས་ཀྱིས་ཁྲ་བོ་འཛིན་པའི་ཚེ་སྔོ་སེར་ལ་སོགས་པའི་བཟུང་བ་ཡུལ་གྱི་རྣམ་པ་ཇི་སྙེད་ཡོད་པ་བཞིན་དུ། འཛིན་པའི་ཤེས་པ་ཡང་དེ་སྙིད་དུ་གྲངས་མཉམ་པས་ན་གཟུང་འཛིན་གྲངས་མཉམ་པ་དང། གཉིས་པ་ནི་དེ་ལྟར་འཛིན་པའི་ཚེ་རྣམ་པ་བཟུང་བའི་ཡུལ་དང། འཛིན་པ་ཤེས་པའི་ཡུལ་གཉིས་སྒོ་ང་གཤགས་པ་ལྟར་ཕྱེད་མ་ཡིན་པས་སྒོ་ང་ཕྱེད་ཚལ་པ་དང། གསུམ་པ་ནི་དེ་ལྟར་དམིགས་པའི་ཚེ་ཡུལ་གྱི་རྣམ་པ་དུ་མ་ཡོད་ཀྱང་རྣམ་ཤེས་དུ་མར་མི་འགྱུར་བར་ཤེས་པ་གཅིག་ཁོ་ན་ལ་སྣང་བས་ན་སྣ་ཚོགས་གཉིས་མེད་པ་ཞེས་བརྗོད་པ་ཡིན།