རྣམ་དབྱེ་གསུམ་པ་བྱེད་སྒྲ་

ཡོང་ཁུངས་Wikipedia

ཀྱི་གི་གྱི་འི་ཡི་ལྔ་ལ་མཐའ་རྟེན་ས་སྦྱར་བའི་ཀྱིས་གིས་གྱིས་འིས་ཡིས་རྣམས་འཇུག་པ་ཡིན་ལ། བྱེད་པ་བོ་གཙོ་བོར་སྟོན་པས་ན། བྱེད་པ་ཞེས་བརྗོད། དཔེར་ན། བདག་གིས་དཔྱད་ཅེས་བརྗོད་ཚེ། རྣམ་དབྱེ་སྦྱར་ས་བདག་བྱེད་པ་པོ་དང་། དཔྱད་པ་བྱེད་པ་པོ་དེས་བྱས་པའི་བྱ་བར་གོ་བ་ལྟ་བུའོ། དཔེར་ན། ཁྱེད་ཀྱིས་བཤད། ཡབ་ཀྱིས་གསུང་། སྲས་ཀྱི་ཉན། བདག་གིས་ཞུས། སྲིད་གཞུང་གིས་ཐག་བཅད། ཀུན་གྱིས་དང་ལེན་བྱས། ཁེམ་གྱིས་ཕྱར། གསེར་གྱིས་ཉོས། ཞལ་གྱིས་བཞེས། ལྟ་བུ། ད་དྲག་གི་མཐར་ཀུནད་ཀྱིས་བཤད།་ལྟ་བུ། རལ་གྲིའིས་གཏུབ་ལྷ་བུ་སྐད་གསར་བཅད་ལ་རལ་གྲིས་གཏུབ་ལྟ་བུ། ལག་པས་བཟུང་། མགོ་བོར་བཏུད་སོགས་ལྟ་བུ། རྐང་བ་སྐོང་ཚེ། ནམ་མཁའི་ལམ་ནས་ཆོ་འཕྲུལ་དུ་མ་ཡིས། ལྟ་བུའོ། ཀྱིས་སོགས་རྣམ་དབྱེ་གསུམ་པ་མ་ཡིན་པ་ལའང་འཇུག་པ་ཡོད། དཔེར་ན། ཁྲ་ལམ་གྱིས་མཐོང་ཞེས་པའི་གྱིས་ནི་སྒྲུབ་ཚུལ་སྟོན་པའི་ཚིག་ཕྲད་ཙམ་དང་། ཡུད་ཀྱིས་སོང་ལྟ་བུའི་ཀྱིས་ནི་འགྲོ་བའི་མྱུར་ཚད་སྟོན་པའི་ཚིག་ཕྲད་ཙམ་དང་། ལྷུན་གྱིས་གྲུབ་ལྟ་བུའི་གྱིས་ནི་གྲུབ་ཚུལ་སྟོན་པའི་ཚིག་ཕྲད་ཙམ་མོ། འོན་ཀྱང་དེང་སང་བསོད་ནམས་ནས་བྲིས་ཞེས་པ་འབྲི་མཁན་འགའ་ཡོད་པ་ཚིག་འདི་དག་ལ་དོགས་ཟོན་བྱ་དགོས་པར་མཐོང་།