རྒྱུན་སྤྱོད་སྨོན་ལམ་བསྡུས་པ་འགའ།

ཡོང་ཁུངས་Wikipedia

རྒྱུན་སྤྱོད་སྨོན་ལམ་བསྡུས་པ་འགའ།

༡མཆོད་མེ་འབུལ་དུས་ཀྱི་སྨོན་ལམ།[རྩོམ་སྒྲིག]

ཨོཾ་ཨཱཿ་ཧཱུཾ།  

མར་ཁུའི་རྒྱ་མཚོ་ཡོངས་སུ་འཁྱིལ་བའི་རྐོང་།།

ཕུན་ཚོགས་འོད་སྟོང་འབར་བའི་སྒྲོན་མེ་འདིས།།

མུན་པའི་བསྐལ་བ་ཡོངས་སུ་བསལ་བྱས་ནས།།

འགྲོ་རྣམས་སངས་རྒྱས་མངོན་སུམ་མཐོང་བར་ཤོག།

མར་མེ་འདི་ཡི་བསོད་ནམས་ཀྱིས།།

མ་རིག་མུན་པ་སེལ་བར་ཤོག།

ཡེ་ཤེས་སྤྱན་དང་ལྡན་པར་ཤོག།

ཤེས་རབ་རྩ་ཁ་འབྱེད་པར་ཤོག།

༢བསང་འབུལ་དུས་ཀྱི་སྨོན་ལམ།[རྩོམ་སྒྲིག]

སངས་རྒྱས་ནམ་མཁའ་གང་ལ་སྐུ་བསང་གསོལ། རྒྱུན་དུ་ས་གཞི་གང་ལ་སྐུ་བསང་གསོལ། གནས་བཟང་རི་ཁྲོད་གང་ལ་སྐུ་བསང་གསོལ། འགྲོ་བ་སེམས་ཅན་རྣམས་ལ་སྐུ་བསང་གསོལ།།

༣ཡོན་ཆབ་འབུལ་དུས་ཀྱི་སྨོན་ལམ།[རྩོམ་སྒྲིག]

ཆུ་མོ་ཡན་ལག་བརྒྱད་ལྡན་མཆོད་པ་འདི། ཕྱོགས་བཅུའི་སངས་རྒྱས་རྣམས་ལ་མཆོད་པ་འབུལ། ཡན་ལག་བརྒྱད་ལྡན་རྣམས་ཀྱི་བྱིན་རླབས་འཇུག་པར་ཤོག།

༤ཉལ་ཁའི་སྨོན་ལམ།[རྩོམ་སྒྲིག]

དམ་པ་ཆོས་ཀྱི་སྙིང་ལ་ཉལ། ཤེས་རབ་རལ་གྲི་སྔས་མགོར་བརྒྱབ། སྡུག་སྔལ་རྒྱ་མཚོ་གདན་ལ་གཏིང་། བདག་ཤི་བའི་སྔས་མགོ་རུ། རྩ་བའི་བླ་མ་ཕེབས་པར་ཤོག། སྲིད་པའི་བར་དོ་ཡང་བར་ཤོག།

༥ཟས་ཕུད་དང་ཇ་ཕུད་འབུལ་བའི་སྨོན་ལམ།[རྩོམ་སྒྲིག]

སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། སྐྱབས་གནས་མཀོན་མཆོག་གསུམ་ལ་མཆོད་པ་འབུལ། བདག་སོགས་འཁོར་བཅས་ཚེ་རབས་ཐམས་ཅད་དུ། དཀོན་མཆོག་གསུམ་དང་ནམ་ཡང་མི་བྲལ་ཞིང། དཀོན་མཆོག་གསུམ་ལ་རྒྱུན་དུ་མཆོད་པ་ཡིས། དཀོན་མཆོག་གསུམ་གྱི་བྱིན་རླབས་འཇུག་པར་ཤོག

༦ཕྱག་འབུལ་སྨོན་ལམ།[རྩོམ་སྒྲིག]

སངས་རྒྱས་ཐམས་ཅད་འདུས་པའི་སྐུ། རྡོ་རྗེ་འཛིན་པ་ངོ་བོ་ཉིད། དཀོན་མཆོག་གསུམ་གྱི་རྩ་བ་སྟེ། བླ་མ་རྣམས་ལ་སྐྱབས་སུ་མཆི།