རྒྱུ་ཡི་རྒྱན

ཡོང་ཁུངས་Wikipedia

== ངོ་བོ་སྤྱིར་བཤད་པ། ==
བྱེད་པོ་ཤེས་བྱེད་དངོས་བཏགས་རྒྱུ།།ཅི་རིགས་གཙོར་སྟོན་རྒྱུ་ཡི་རྒྱན།།
== རྒྱུ་ཡི་རྒྱན་གྱི་རྣམ་གྲངས ==
དབྱེ་ན་རྣམ་པ་བཅུ་དྲུག་སྟེ།།དངོས་པོ་དངོས་མེད་མཚར་རྒྱུ་སྟེ།།རྩ་བའི་དབྱེ་བ་རྣམ་གསུམ་གྱི།།དངོས་པོར་བྱེད་པོ་ཤེས་བྱེད་གཉིས།།བྱེད་ལ་སྒྲུབ་བྱེད་ལས་རྒྱུ་གཉིས།།སྒྲུབ་བྱེད་ལ་ཡང་སྐྱེད་བྱེད་དང་།།ཉམས་བྱེད་འགྲུབ་པའི་རྒྱུ་གཉིས་ཡོད།།ལས་ལ་རྣམ་འགྱུར་ཐོབ་བྱ་གཉིས།།ཤེས་བྱེད་ལ་ནི་ཕྱི་ནང་གཉིས།།དངོས་མེད་རྒྱུ་ལ་རྒྱུ་མེད་པས།།འབྲས་བུ་ཡོད་མེད་བསྐྱེད་པ་གཉིས།།དང་པོ་ལ་ཡང་སྔ་ན་མེད།།ཞིག་ནས་མེད་དང་ཕན་ཚུན་མེད།།སྤངས་ནས་མེད་པའི་བྱེད་རྒྱུ་བཞི།།རྒྱུ་མེད་འབྲས་བུ་མེད་སྐྱེད་གཅིག།མཚར་བའི་རྒྱུ་ལ་རིང་འབྲས་དང་།།རྒྱུ་འབྲས་ལྷན་ཅིག་འབྲས་བུ་སྔ།།རིགས་མིན་རིགས་པའི་རྒྱུ་བཅས་ལྔ།།

རྒྱུ་ཡི་རྒྱན་ནི་དོན་རྒྱན་སོ་ལྔའི་ནང་གསེས་བཅུ་གསུམ་པ་ཡིན།