རྒྱལ་སྤྱིའི༼ལྔ་གཅིག༽ངལ་རྩོལ་དུས་ཆེན།

ཡོང་ཁུངས་Wikipedia

རྒྱལ་སྤྱིའི༼ལྔ་གཅིག༽ངལ་རྩོལ་དུས་ཆེན་གྱི་མིང་གཞན་དུ༼རྒྱལ་སྤྱིའི་རྔམ་སྟོན་ཡུལ་སྐོར་ཉིན་མོ༽དང་དེ་ནི་འཛམ་གླིང་ཐོག་རྒྱལ་ཁབ་༨༠ལྷག་གི་རྒྱལ་ཡོངས་རང་བཞིན་གྱི་དུས་ཆེན་ཞིག་ཡིན་ཞིང་ལོ་རེའི་ཟླ་༥པའི་ཚེས་༡ཉིན་དགའ་གཏོང་བྱེད་ཀྱི་ཡོད།དེ་ནི་འཛམ་གླིང་ཡོངས་ཀྱི་ངལ་རྩོལ་མི་དམངས་ལ་དབང་བའི་དུས་ཆེན་ཞིག་ཡིན།

༡༨༨༩ལོའི་ཟླ་༧པར།ཨེན་ཀེ་སིས་འགོ་ཁྲིད་བྱས་པའི་ཐེངས་གཉིས་པའི་རྒྱལ་སྤྱི་ཕ་རི་་་་སིར་འཐུས་མི་ཚོགས་ཆེན་སྐོང་འཚོགས་བྱས་པ་དང་ཚོགས་འདུའི་ཐོག་༡༨༩༠ལོའི་ཟླ་༥པའི་ཚེས་༡ཉིན་དེ་རྒྱལ་སྤྱིའི་ངལ་རྩོལ་པས་ཡུལ་སྐོར་བྱེད་པ་དང་ཆབས་ཅིག་ཟླ་༥པའི་ཚེས་༡ཉིན་མོ་དེ་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་གཏན་ཁེལ་བྱ་རྒྱུའི་གྲོས་འཆམ་བྱུང་ཡོད།ཀྲུང་དབྱང་མི་དམངས་སྲིད་གཞུང་སྲིད་དོན་ཁང་གིས་༡༩༤༩ལོའི་ཟླ་༡༢པར་ཟླ་༥པའི་ཚེས་༡ཉིན་མོ་དེ་ངལ་རྩོལ་དུས་ཆེན་ལ་གཏན་འབེབས་བྱས་ཡོད་པ།༡༩༨༩ལོའི་རྗེས།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལོ་༥རེའི་མཚམས་སུ་རྒྱལ་ཡོངས་ངལ་རྩོལ་དཔེ་བཟང་ཅན་དང་སྔོན་ཐོན་ལས་དོན་མི་སྣར་གཟེངས་བསྟོད་བྱེད་པ་དང་ཐེངས་རེར་མི་གྲངས་༣༠༠༠གཡས་གཡོན་ལ་གཟེངས་བསྟོད་བྱ་དགའ་སྤྲོད་ཀྱི་ཡོད།

པར་རིས་བར་འཁྱམས།[རྩོམ་སྒྲིག]

ད་དུང་གཟིགས།[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག[རྩོམ་སྒྲིག]