རྒྱལ་སྤྱིའི་ལེགས་སྦྱར་སྒྲ་སྒྱུར།
Appearance
རྒྱལ་སྤྱིའི་ལེགས་སྦྱར་སྒྲ་སྒྱུར་ནི། སཾསྐྲྀཏ་དང་། པཱ་ལཱི་དང་། གཞན་ཡང་འབྲེལ་ཡོད་རྒྱ་གར་གྱི་སྐད་ཡིག་ཐོག་བྲིས་པའི་ཡིག་ཆ་རྣམས་ཀྱི་སྒྲ་གདངས་དང་དག་ཆ་ཡོངས་རྫོགས་ཉམས་ཆག་མེད་པར་སྒྲ་སྒྱུར་བྱེད་པའི་ཐབས་ལམ་ཞིག་ཡིན། ལེགས་སྦྱར་སྒྲ་སྒྱུར་གྱི་ལས་འཆར་འདི་ཐོག་མར་དུས་རབས་བཅུ་དགུ་པའི་ནང་། ཅར་ལེས྄་ཊྲེ་ཝེ་ལྱན་དང་། ཝིལླིམ་ཇོ་ནེས྄་དང་། མོ་ནིར་ཝིལླིམས྄་དང་། མཁས་པ་གཞན་ཚོའི་དགོངས་འཆར་ལས་གྲུབ་པའི་ལས་འཆར་ལྟར། ཕྱི་ལོ་ ༡༨༩༤ ལོའི་ཟླ་བ་དགུ་པའི་ནང་། ཇེ་ནེ་བྷའི་ཤར་ཚོགས་ཀྱི་སྒྲ་སྒྱུར་ཚོགས་པས་གཏན་འབེབས་མཛད།